CLOSE WINDOW

GT925: lhag par rgyal ba mi pham ma'i sgrub thabs
Wyliee-texts produced with BDRC’s OCR application

བོད་སྐད་དུ། གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཧྲཱིཿཛྫཿཞེས་སོ།། དཔལ་རྡོ་རྗེ་འཆང་གི་མདུན་དུ་འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་བསྙེན་པ་འབུམ་ཕྲག་གཅིག་བསྐྱལ ་ནས། དེ་ནས་ཉི་དུས་སུ་མཆོད་པ་ཆེན་པོ་བྱས་ལ། ཟན་དཀར་མོ་དང་ཞི་དང་བུ་རམ་དང་། འོ་མྱ་འདྲེས་པའི་འབྲས་ཐུག་གི་གཏོར་མེ་ལ་བྱས་ལ། གུ་གུལ་གྱི་སྤོས་དབུལ་ཞིང་། མཚན་ཡལ་གྱིས་བཟླས་པས་ཐོ་རངས་འོད ་བར་འགྱུ་རོ།། མ་འོངས་ན་ཁོ་ནར་འཆི་བར་འགྱུར་རོ།། བྱུང་ནས་ཅི་བྱ་ཞེས་ཟེར་ན་བདག་གིས་ཁོལ་པོ་གྱིས་ཤིག་ཅེས་བརྗོད་དོ།། དེ་ནས་ཁྲོལ་པོའི་ལས་ཐམས་ཅད་བྱེད་པ་དང་། རིག་འཛིན་གྱི་རྒྱལ་པོར་བྱེད་པ་དང་། དགྲ་ཐམས ་ཅད་གསོད་པར་བྱེད་པ་དང་། ཟླ་བའི་ལྷ་མོ་ཡང་བཀུག་ནས་སྟེར་པོ་དང་། ཁུར་ནས་ལྷའི་ཡུལ་སྟོན་པ་དང་། ལྷའི་དབང་པོར་བྱེད་པ་དང་། ཚེ་བསྐལ་པ་འདུན་དུ་གནས་པར་བྱེད་པར་འགྱུར་རོ།། འབྱུང་པོ་ཨོཾ་པ་རཱ་ཛི་ཏའི་སྒྲུབ་ཐབས ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨ་དྷི་ཛ་ཡ་སཱ་དྷ་ན། བོད་སྐད་དུ། ལྷག་པར་རྒྱལ་བ་མི་ཕམ་པིའོ་སྒྲུབ་ཐབས། ཨོཾ་ཧཱུཾ་ཛཿམི་ཕམ་པ་ཞེས་བྱ་བོའི་འབྱུང་པོ་མཆོད་རྟེན་གྱི་མདུན་དུ། ནག་བདུན་དུ ་སྔགས་སྟོང་ཚེ་བརྒྱད་བརྒྱད་བཟླས་ཏེ། ཞག་བརྒྱད་པ་མཆོད་པ་ཆེན་པོ་བྱ་ཞིང་། གཏོར་མེ་ཆེན་པོ་བཏང་ལ། གུ་གུལ་གྱི་སྤོས་ཕུལ་ཏེ། ནུབ་མོ་སྔགས་བཟླས་སོ།། དེ་ནས་ངེས་པར་འོངས་ཏེ་བདག་གོ་ཙཾ་བགྱི་ཞེས་ཟེར་ན ་སྒྲུབ་པ་པོས་ངའི་ཁོལ་པོ་གྱིས་ཤིག་ཅེས་བརྗོད་དོ།། རྒྱབ་ཏུ་ཁུར་ནས་གླིང་བཞི་སྟོན་པ་དང་། རྒྱལ་ས་སྟེར་བ་དང་ཚེ་ལོ་སྟོང་ཐུབ་པར་བྱེད་དོ།། མི་ཕམ་པའི་སྒྲུབ་ཐབས་རྫོགས་སོ།། ་རྒྱ་གར་སྐད་དུ། པུརྞ་བྷཱུ་དྲ་སཱ་དྷ་ནཾ། བོད་སྐད་དུ། གང་པ་བཟང་པོའི་སྒྲུབ་ཐབས། ཨོཾ་ཧྲཱི་ཛཿདཔལ་རྡོ་རྗེ་འཆང་གི་མདུན་དུ་ཞག་བདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླས་ཏེ། བདུན་པ་ལ་མཆོད་པ་ཆེན་པོ་བྱས་ཏེ། ཟན ་དཀར་པོ་ལ་སོགས་པ་གོང་དུ་བསྟན་པའི་ཆོ་གི་བྱས་ལ། ནམ་ཕྱེད་ན་འོང་བར་འགྱུར་རོ།། བྱུང་ནས་མེ་ཏོག་མཆོད་ཡོན་དབུལ་ལོ།། དགྱེས་ནས་ཁོལ་པོར་གྱུར་ནས་རྒྱལ་ས་སྟེར་བ་དང་། འདོད་པ་ཐམས་ཙོད་འགྲུབ ་པ་དང་། ཚེ་ལོ་སྟོང་དུ་འཚེ་བ་དང་། སྒྲུབ་པ་པོའི་འདོད་པས་གཞན་གསོད་པ་དང་། འཚོ་བར་བྱེད་པར་འགྱུར་རོ།། གང་བ་བཟང་པོ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ། དེ་ལྟ་བུས་འབྱུང་པོ་གཞན ་ཡང་རབ་ཏུ་སྒྲུབ་པར་བྱའོ།། ལག་པ་གཉིས་ཀྱི་སོར་མོ་རྣམས་ཕན་ཚུན་སྦྲེལ་ནས་གུང་མོ་གཉིས་རྩེ་སྤྲད་པར་བྱས་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ཀྱི་གུང་མོ་རྩེ་སྦྲང་ལ་ཕྱིར་བཀྱེད་ནས་མཛུབ ་མོ་གཉིས་བསྒོམ་པ་ནི་མི་ཕམ་པའི་ཕྱག་རྒྱའོ།། དེ་ཉིད་རང་ལ་མཛུབ་མོ་འཁྱིལ་བར་བྱས་ལ།། མཐེ་ཆུང་གཉིས་ཕྱིར་བཀྱེད་ལ་ཐ་དད་དུ་བཞག་པོ་ནི་གོང་ཇིའོ་ཕྱག་རྒྱའོ།། ཞེས་སོ།། ས་མཾ་པཱ་ཐོ།། ་