CLOSE WINDOW

GT918: klu mo nor skyong zhal ma zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

བདག་གི་ཆུང་མ་གྱིས་ཤིག་ཅེས་བརྗོད་དོ།། དེ་ནས་ཆུང་མའི་ལས་ཐམས་ཅད་བྱེད་པ་དང་། ལྷའི་འདོད་ཡོན་ཐམས་ཅད་སྟེར་བ་དང་། དེ་དང་བཅས་པའི་ལོ་སྟོང་འཚོ་བར་འགྱུར་རོ།། དེའི་གཞན་གྱི་རྗེས་སུ་འབྱུངས ་ནས་ཀྱང་ཨ་བ་ཚར་བསྒྲུབ་པར་བྱའོ།། ལག་པ་གཉིས་པདྨའི་ཕྱག་རྒྱ་བཅའ་བ་ནི། ཨ་བ་ཚ་རིའི་དམ་ཚིག་གི་ཕྱག་རྒྱའོ།། ཨ་པ་ཚ་རའི་སྒྲུབ་ཐབས་རྫོགས་སོ།། རྒྱ་གར་སྐད་དུ། ནཱ་གཻ་བྷྲྀ་ར ་སཱ་དྷ་ནཾ། བོད་སྐད་དུ། ཀླུ་མོའི་སྒྲུབ་ཐབས། ཕུཿཧཾཿཞེས་སོ།། དེ་ནས་ཀླུ་མོ་ཞལ་མཐའ་ཡས་མྱ་ཞེས་བྱ་བའི་སྒྲུབ་ཐབས་ནི། ཀླུའི་གནས་སུ་གོང་བཞིན་དུ། སྔགས་འབུམ་ཕྲག་གཅིག་བཟླས་པས་བསྙེན་པ་སྐྱེལ་བའོ།། དེ་ནས་ཚིས ་ཝཱ་ལཾ་ཀྵའི་གནས་སུ་ཆུའི་ནང་དུ་ཞུགས་ལ། དྲི་དང་མེ་ཏོག་དང་འདུག་སྤྲོས་ལ་སོགས་པ་དང་འོ་མའི་འབྲོས་ཐུག་གིས་མ་ཛད་བྱ་བྱས་ནས། སྔགས་སྟོང་ཕྲག་བརྒྱད་བཟླས་པའི་རྗེས་ལ་ཀླུཥྚི་མཚོ་ནས་ཀླུའི་བུ་མོ་རྣམས་མྱུར་དུ་འོང་བ ་འགྱུར་རོ།། དེ་ལ་འབྲས་ཐུག་གི་མཆོད་ཡོན་ཕུལ་ཏེ། ཁམས་བདེའིམ་ཞེས་ཀྱང་འདྲིའོ།། དེ་ནས་ཁྱེད་ཀྱི་བདག་གིས་ཅི་བགྱི་ཞེས་ཟེར་ན། བདག་གི་ཆུང་མ་གྱིས་ཞེས་བརྗོད་དོ།། ཉི་མ་ར་ལ་འདི་ན་ར་བརྒྱད་བརྒྱད་སྟེར་བ་དང་། ་དེས་དགྲ་གང་ཡིན་པ་གསོད་པ་དང་། སླར་གསོ་ནུས་པར་ཡང་འགྱུར་རོ།། ཀླུ་མོ་ཞལ་མཐའ་ཡས་མའི་སྒྲུབ་ཐབས་རྫོགས་སོ།། རྒྱ་གར་སྐད་དུ། ནཱ་གའི་བ་སུ་པཱ་ལ་མུ་ཁ་སཱ་དྷ་ནཾ། བོད་སྐད་དུ། ཀླུ་མོ ་ནོར་སྐྱོང་ཞལ་མ་ཞེས་བྱ་བའི་སྒྲུབ་ཐབས། ཕུཿཤྲཱིཿཕུཿཞེས་སོ།། བསྙེན་པ་འབུམ་ཕྲག་གཅིག་བསྐྱལ་ནས། དེ་ནས་ཆུ་བོ་གཉིས་ཕྲད་པའི་སར་འབྲས་ཀྱི་འོ་ཐུག་ཟ་ཞིང་། སྟོང་ཕྲག་བརྒྱད་བཟླས་པས་ཀླུའི་གནས་ནས་མཛེས ་མ་གཅིག་འོང་བར་འགྱུར་རོ།། བྱུང་བ་དང་དེའི་མགོ་ལེ་མེ་ཏོག་ཕུལ་ནས་བདག་གིས་ཆུང་མ་གྱིས་ཤིག། ཅེས་བརྗོད་དོ།། དེ་ནས་ཆུང་མའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཉི་མ་རེ་ལ་ལྷའི་འདོད་ཡོན་འདི་ནི་ར་དང་སྟེར་བར་འགྱུར། ་ནོར་སྐྱོང་མའི་ས་མ་པ་ཐཱ།། ། རྒྱ་གར་སྐད་དུ། ནཱ་གི་ཨེ་ཕུ་ཨུ་པ་ཡ། བོད་སྐད་དུ། ཀླུ་མོ་ཨ་ཕུ་ཞེས་བྱ་བའི་མན་ངག། ཕུཿིཿཕུཿཞེས་སོ།། དེ་ཉིད་ལ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ལ། ་དེ་ནས་ཀླུའི་གནས་སུ་སྟོང་ཕྲག་བརྒྱད་བཟླས་པའི་རྗེས་ལ་མགོན་པ་ཆེན་པོ་ནོན་ནས་བུ་བདག་གིས་ཅི་བགྱི་ཞེས་ཟེར་བ་དང་། བདག་གི་མཱ་མཛོད་ཅིག་ཅེས་བརྗོད་དོ།། བདག་དང་བཅས་པའི་མི་ལྔ་ལ་བཟའ་བ་དང་། གོས ་དང་རྒྱནི་རྣམས་དང་དི་ནཻ་ར་ལྔ་ལྔ་ཉི་མ་རེ་རི་ལ་སྟེར་རོ།། དེ་ཉི་མ་རེ་རེ་རང་ལ་ཟད་པར་བྱའོ།། དེ་ལྟར་མ་བྱས་ན་ཕྱིས་སྟེར་བར་མི་འགྱུར་རོ།། དེ་ཁོ་ན་ལྟར་ཀླུ་མོ་གཞན་རྣམས་ཀྱང་བསྒྲུབ་པར་བྱའོ།། ལག་པ་གཉིས་ཀྱིས ་མཐེ་བོང་གཉིས་ཕན་ཚུན་གཉིས་བསྣོལ་ནས་སྦྲུལ་མགོའི་ཚུལ་དུ་བྱའོ།། ཀླུ་མོའི་ཕྱོག་རྒྱའོ།། ཀླུ་མོའི་སྒྲུབ་ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགས་སོ།། ་