| Wylie | e-texts produced with BDRC’s OCR application |
དཱུཥྚི་ཨཱ་པ་ཚ་རའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། རཏྣ་མཱུ་ལ། བོད་སྐད་དུ། རིན་ཆེན་ཕྲེང་བ་མོ། ཨོཾ་ཧཱུཾ། དེའི་སྒྲུབ་ཐབས་ནི། ལྷའི་གནས་སུ ་སྟོང་ཕྲག་བརྒྱད་བཟླས་པས། དེ་ནས་མཚན་བྱེད་ན་རྐང་གདུབ་ཀྱི་སྒྲ་དང་བཅས་པས། འོང་བར་འགྱུར་རོ།། བྱུང་ནས་མེ་ཏོག་གི་གདན་དབུལ་ཞིང་ཁམས་བདེ་འམ་ཞེས་དྲི་བར་བྱའོ།། དེའི་ཚེ་བདག་གི་ཅི་བགྱི་ཞེས་ཟེར་ན། ་བདག་གི་ཆུང་མ་གྱིས་ཤིག་ཅེས་བརྗོད་དོ།། དེ་ནས་ཆུང་མའི་ལས་ཐམས་ཅད་བྱེད་པ་དང་། ལྷའི་འདོད་ཡོན་ཐམས་ཅད་སྟེར་བ་དང་། དེ་དང་བཅས་པའི་ལོ་སྟོང་འཚོ་བར་འགྱུར་རོ།། དེའི་གཞན་གྱི་རྗེས་སུ་འབྱུངས ་ནས་ཀྱང་ཨ་བ་ཚར་བསྒྲུབ་པར་བྱའོ།། ལག་པ་གཉིས་པདྨའི་ཕྱག་རྒྱ་བཅའ་བ་ནི། ཨ་བ་ཚ་རིའི་དམ་ཚིག་གི་ཕྱག་རྒྱའོ།། ཨ་པ་ཚ་རའི་སྒྲུབ་ཐབས་རྫོགས་སོ།། རྒྱ་གར་སྐད་དུ། ནཱ་གཻ་བྷྲྀ་ར ་