| Wylie | e-texts produced with BDRC’s OCR application |
ལ་ལིང་གཱ་བྱས་ལ། དེའི་མགོ་ལ་ཐུན་མཚམས་གསུམ་དུ་དྲི་ཞིམ་པའི་མེ་ཏོག་གིས་བྲུབ་བོ།། ཐུན་རེ་ལ་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་བྱའོ།། ཚེས་བརྒྱད་ནས་བརྩམས་ཏེ་བཅུ་བཞིའི་བུར་གྱིས་འགྲུབ་པར་འགྱུར་རོ།། ཨོཾ་བིནྡྷ་བྷིནྡྷ་བ ་ཡ་སཾ་ནྱཱ་བྱཱ་ཏཱི་ཧཱུཾ་ཕཊ། ཅེས་སོ།། སྔགས་འདི་དགྲ་གང་ཡིན་པ་ལ་བརྡེག་དུ་གཞུག། ཨོཾ་ལོནྡ་ན་ལོནྡ་པ་ཡ་སཻ་ནྱ་པ་ཏི་ཧཱུཾ་ཕཊ། འདིས་ཀྱང་བརྡེག་ཏུ་བཅུག་པར་བྱའོ།། འདི་བརྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བའི་རྟོག་པ ་རྫོགས་སོ།། ། དེ་བཞིན་དུ་གཞན་ཡང་གནོད་སྦྱིན་རྣམས་སྒྲུབ་པར་བྱའོ།། གནོད་སྦྱིན་གྱི་སྒྲུབ་ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགྲོས་སོ།། རྒྱུ་གར་སྐུད་དུ། ཤྲཱི་ཙནྡྲ་དེ་བ ་སཱ་དྷ་ནཾ། བོངྒ་སྐད་དུ། དཔལ་ཟླ་བའི་ལྷ་མྱོ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཤྲཱི་ཟླ་བའི་ལྷ་མོ་ཞེས་བྱ་བ་ཨ་བ་ཚ་ར་དཾ། གོང་བཞིན་དུ་འཕགས་པ་གཤིན་རྗེ་གཤེད་གྱི་རྣལ་འབྱོར་པས། མདུན་དུ་ཨ་བ་ཚ་ར་ཞེས་བྱ་བའི་ལྕེ་མོ་རྒྱུན་ཀུན ་བརྒྱན་བུ། ཤིན་ཏུ་མཛེས་མ་གཅིག་བསྒོམས་ལོ་གོང་བཞིན་དུ་དགུག་པ་ལ་སོགས་པ་དང་། མཆོད་པ་བྱས་ཏེ། འོང་བར་བསྡམ། ངེས་པར་འགྲུབ་པར་འགྱུར་རོ།། གོལ་ཏེ་བཟླས་པ་ས་འགྲུབ་པར་འདོད་ན་དེའི་ཚེ་རིའི། ་འོམ་སྐྱེ་བོས་དབེན་པའི་གནས་སུ་གོང་བཞིན་དུ་མཆོད་པ་བྱས་ཏེ་སྔགས་འབུམ་ཕྲག་གཅིག་བཟླས་པར་བྱའོ།། དེ་ནས་ཉིའི་དུས་སུ་ཇི་ལྟར་འབྱོར་པས་མཆོད་པ་བྱས་ལ། མར་གྱི་མར་མི་མཚན་ཐིག་ཐག་བྱས་ལ་བཟླས ་པ་བྱའོ།། དེའི་མཐོ་རངས་ལྷ་མོ་འོང་བར་འགྱུར་རོ།། བྱུང་བ་དང་ཙན་དཱན་གྱི་མཆོད་ཡོན་དབུལ་བར་བྱའོ།། བདག་གིས་ཁྱེད་ཀྱི་ཅི་བགྱི་ཞེས་ཟེར་ན། བདག་གི་བུད་མེད་གྱིས་ཤིག་ཅེས་བརྗོད་དོ།། དེ་ནས་གྲུབ་པའི་རྫས་དང་། @ ་ཆུ་དང་བཅུད་ལེན་ལ་སོགས་པ་ཐམས་ཅད་སྟེར་བ.རཱ་འགྱུར་རོ།། གང་གིས་གྲུབ་པ་དེ་ལོ་སྟོང་ཐུབ་བྱརོ་འགྱུར་རོ།། ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཧཱ་རི་ཏི་ཀཱརྦྷ ་ལཾ་དྷ་ར་ཎི་སཱ[:]དྷ་ནཾ། བོད་སྐད་དུ། འཕྲོག་མོ་རྣ་ཆ་འཛིན་མའི་སྒྲུབ་ཐབས། ཨོཾ་དྷཱིཿཞེས་སོ།། འཕྲོག་མ་རྣ་ཆ་འཛིན་མ་ཞེས་བྱ་བ་ཨ་པོ་ཚ་རིའི་སྒྲུབ་ཐབས་ལ་གོང་བཞིན་དུ་རྟགས་དང་ལྡན་པའི་རྣལ་འབྱོར་པས། རིའི་རྩེ་མོར ་ཉི་མཾ་རེ་ལ་ཁྲི་པྲཱག་རེ་བཟླས་ལི། ཉིའི་ནུབ་མོ་མཚན་ཕྱེད་ཀྱི་དུས་སུ་འོང་བར་འགྱུར་རོ།། དེས་ནས་འདི་ན་ར་འབུམ་ཕྲག་རེ་སྟེར་རོ།། རྒྱབ་ཏུ་ཁུར་ནས་གླིང་བཞི་སྟོན་པར་བྱེད་དོ།། བཅུད་ལ་སོགས་པོ་སྟེར་རོ།། རྣ་ཆ་འཛིན ་དཱུཥྚི་ཨཱ་པ་ཚ་རའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། རཏྣ་མཱུ་ལ། བོད་སྐད་དུ། རིན་ཆེན་ཕྲེང་བ་མོ། ཨོཾ་ཧཱུཾ། དེའི་སྒྲུབ་ཐབས་ནི། ལྷའི་གནས་སུ ་སྟོང་ཕྲག་བརྒྱད་བཟླས་པས། དེ་ནས་མཚན་བྱེད་ན་རྐང་གདུབ་ཀྱི་སྒྲ་དང་བཅས་པས། འོང་བར་འགྱུར་རོ།། བྱུང་ནས་མེ་ཏོག་གི་གདན་དབུལ་ཞིང་ཁམས་བདེ་འམ་ཞེས་དྲི་བར་བྱའོ།། དེའི་ཚེ་བདག་གི་ཅི་བགྱི་ཞེས་ཟེར་ན། ་