CLOSE WINDOW

GT913: brdeg par byed pa'i gnod sbyin gyi sde dpon gyi sgrub thabs
Wyliee-texts produced with BDRC’s OCR application

དུས་སུ། ཁ་ལི་ཤལ་བའི་ཆུ་ལན་གསུམ་བྱིན་པར་བྱའོ།། ཀཱི་ལཱི་ཀཱི་ལ་ཞེས་བྱ་བའོ་གནོད་སྦྱིན་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། པྲིནྡ་ནཱ་མ ་ཧཱ་ཡཀྵ་སེ་ན་པ་ས་ཏི་སཱ་དྷ་ནི། བོད་སྐད་དུ། བརྡེག་པོར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་གྱི་སྒྲུབ་ཐབས། པིནྡ་ན་མ་ཧཱ་ཡཀྵ་སེ་ན་པ་ཏི་ཧཱུཾ་ཕཊ། ཞེས་པ་འདི་སྟེན་པ་འབུམ་ཚོ་བཟླས་ནས། དེའི་རྗེས་ལ་བྱང་ཆུབ་ཀྱི་ཤིང ་ལ་ལིང་གཱ་བྱས་ལ། དེའི་མགོ་ལ་ཐུན་མཚམས་གསུམ་དུ་དྲི་ཞིམ་པའི་མེ་ཏོག་གིས་བྲུབ་བོ།། ཐུན་རེ་ལ་མེ་ཏོག་བརྒྱ་རྩ་བརྒྱད་ཀྱིས་བྱའོ།། ཚེས་བརྒྱད་ནས་བརྩམས་ཏེ་བཅུ་བཞིའི་བུར་གྱིས་འགྲུབ་པར་འགྱུར་རོ།། ཨོཾ་བིནྡྷ་བྷིནྡྷ་བ ་ཡ་སཾ་ནྱཱ་བྱཱ་ཏཱི་ཧཱུཾ་ཕཊ། ཅེས་སོ།། སྔགས་འདི་དགྲ་གང་ཡིན་པ་ལ་བརྡེག་དུ་གཞུག། ཨོཾ་ལོནྡ་ན་ལོནྡ་པ་ཡ་སཻ་ནྱ་པ་ཏི་ཧཱུཾ་ཕཊ། འདིས་ཀྱང་བརྡེག་ཏུ་བཅུག་པར་བྱའོ།། འདི་བརྡེག་པར་བྱེད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བའི་རྟོག་པ ་རྫོགས་སོ།། ། དེ་བཞིན་དུ་གཞན་ཡང་གནོད་སྦྱིན་རྣམས་སྒྲུབ་པར་བྱའོ།། གནོད་སྦྱིན་གྱི་སྒྲུབ་ཐབས་ཀྱི་མན་ངག་ཅུང་ཟད་བསྟན་པ་རྫོགྲོས་སོ།། རྒྱུ་གར་སྐུད་དུ། ཤྲཱི་ཙནྡྲ་དེ་བ ་