| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རཀྟ་ཡ་མ་རི་ཀརྨྨ་ཨ་བཱ་ལི་ས་དྷ་ནཾ་ཙིནྟ་མ་ནི་ན་མ།། བོད་སྐད་དུ། གྲ་ཤྲིན་རྗེ་གཤེད་དམར་པོའི་ལས་ཀྱི་ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ།། གཤིན་རྗེ་གཤེང་ལ་ཕྱག་འཚལ།། ་ལྷ་དང་ལྷ་མིན་མ་ལུས་བཅོད་པན་གྱིས་བཏུད་པའི།། ཞབས་ཀྱི་པདྨ་དང་ལྡན་འཇམ་དབྱངས་རྡོ་རྗེ་དང་། དེ་ཉིད་རང་བཞིན་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ།། བཏུད་ནས་དེ་ཡི་སྒྲུབ་ཐབས་གསོལ་བར་བྲི།། འགྲོ་བའི་ངལ་འབྱོར་གཡོ ་བ་དང་།། དམ་པའི་གཤེད་གཉེན་རྙེད་དཀའ་བས།། འདོད་པ་མ་ལུས་བསྒྲུབ་པའི་ཕྱིར།། སྔགས་པས་འབད་ཀྱིས་མཁས་པས་ཀྱེ།། རེ་ཞིག་འགྲོ་བ་མ་ལུས་པོའི་གདོན་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་དང་།། དང་། ་པ་མཆོག་དང་ལྡན་པ།། སྙིང་རྗེ་ཆེ་བ།། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པོ་སོ་སོར་རྟོག་པ་དང་ལྡན་པ་ཞིག་གིས་གཤིན་རྗེ་གཤེད་དམར་པོའི་བཟླས་པ་བྱེ་བ་སྔོན་དུ་འགྲོ་པོས་སམ།། ལྷའི་རྗེསུ་གནད་པ་ཐོབ་པས་གནོད། ་སྦྱིན་མོ་ལ་སོགས་པའི་དངོས་གྲུབ་བམ།། སེམས་ལ་འདོད་པ་གང་ཡིན་པ་བསམ་གཏན་ལ་གནས་པས་བསྒྲུབ་པར་བྱའོ།། དེ་སྐད་དུ་ཡང་གསུངས་པ་ནི།། སྔགས་དང་ཕྱག་རྒྱའི་རྣལ་འབྱོར་དང་། བསམ་གཏན ་ལོའི་རྣལ་འབྱོར་གྱིས།། འགུགས་པ་འགྲུབ་པར་འགྱུར་བ་ཡིན།། རྣམ་པ་གཞན་གྱིས་མི་འགྲུབ་བོ་ཞེས་སོ།། ནགས་ཚོལ་དབེན་པ་དག་ཏུ་ནི།། ཡང་ན་སྔགས་འདི་ཐམས་ཅད་ཀྱིས།། སྔགས་པ་རྣམས་ཀྱིས་བྱེ ་བཟླས་དང་ལས་ནི་ཐམས་ཅང་བྱེད་པར་གསུངས།། གང་ཞིག་ཕུན་སུམ་ཚོགས་པ་ཡི།། བྷཱ་བ་ཐམས་ཅད་འདོད་པ་དེས།། ཉོན་མོངས་དྲི་མ་ཐམས་ཅད་དག། རྞྞ་བཱ་ལྟ་བུར་སེམས་ཙམ་ཉིད།། བདག་ཀྱང ་དེ་ཡི་རང་བཞིན་ནོ།། སྣང་དང་བཅུད་ཀྱི་འགྲོ་བ་དོག། སེམས་ཙམ་ཉིད་དུ་སེམས་ཅན་ཀུན།། ཡང་དག་སངས་རྒྱས་དེ་སྲས་རྣམས།། བདག་གི་སེམས་སུ་གཉིས་མེད་བྱ།། དེ་ཡི་འོད་ཟེར་ལྕགས་ཀྱུ་ཡིས།། སངས་རྒྱས་ཀུན ་གྱི་ཡོན་ཏན་ནཱི།། སྣ་དང་ཕ་རོལ་ཕྱིན་ལ་སོགས།། ནམ་མཁའ་ལྟ་བུར་བསྒོམ་པར་བྱ།། དཀར་པོའི་གཟུགས་ཀྱིས་བཞུགས་པ་ནི།། རང་ཕྱོགས་འོ་མའི་འབབས་ཆུ་བཞིན།། རང་སེམས་དེ་ལྟར་བསྒོམས་པ་ལས།། སྔོན་གྱི་སྨོན་ལམ ་སྟོབས་ཀྱིས་ནི།། སྙིང་རྗེས་བསྐུལ་ནས་འདི་ལྟ་སྟེ།། ས་འོག་བར་དུ་བསྒོམ་པར་བྱ།། ཨེ་མ་སེམས་ཅན་སྡུག་བསྔལ་ཅན།། འཁོར་བར་ཡུན་དུ་གནས་པ་དང་།། ཐབས་དང་ཤེས་རབ་བྲལ་བ་ཡིས།། ཡང་དང་ཡང་དུ་ཡུན་རིང ་གནས།། དེ་རྣམས་ཀུན་གྱི་རྟོགས་བྱའི་ཕྱིར།། བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམ།། ཨོཾ་བོ་དྷི་ཙི་ཏྲཱིཏྶཱ་ད་ཡཱ་མི།། ཞེས་བརྗོད་དོ།། དེ་ལས་བྱུང་བའི་འོད་ཟེར་ལྡན།། ཀ་ལ་སོགས་པའི་ཡི་གེས་བརྒྱན།། རིམ་གྱིས་སྐྱེས ་པའི་སེམས་ཉིད་ནི།། སེམས་ཅན་ཡོང་སུ་འཛིན་པར་བྱེད།། ཀུན་ཀྱང་སྙིང་རྗེའི་སྟོབས་ལས་བྱུང་།། གནོད་སྦྱིན་མོ་ལ་སོགས་པའི་སྒྲུབ་པ་གང་ལ་ཡང་ཁྲུས་ཀྱི་ཆོ་ག་བསྟན་པ།། དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ ་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ། ཐོག་མཱ་ནཱས་མཱ་སྐྱེས་པ།། རང་བཞིན་གྱིས་མྱ་ངན་ལས་འདས་པ།། ཐོག་མཱ་ནས་ཞི་བའི་ཆོས་ཐམས་ཅད་ལ་སྩོགས་པ་ལྷག་མར་མོས་པས་བདག་གི་ལུས་དང་ཕྱི་དང་ནང་ཐམས་ཅད ་རྡུལ་ཕྱཝ་རབ་ཀྱི་རྣམ་པར་དབྱེ་བར་བྱ་བའི་མི་དམིགས་པའི་སྤྱོད་པས་སམྱུར་དུ་གྲུབ་པར་བྱེད་པས།། ནང་གི་ཁྲུས་ཆེན་པོ་ལ་ནཱན་ཏན་དུ་བྱའོ།། གང་ཞིག་ཕྱིའི་རྫས་ལ་ཆགས་པ་རྨོངས་པའི་བློ་ཙོན་རྣམ་པར་རྟོག་པའི་དཔྱོད ་པས་ཐེ་ཚོམ་སེལ་བར་མི་ནུས་པ་དེས་ཕྱིའི་ཁྲུས་ཀྱི་ཆོ་ག་འདི་བྱའོ།། ཐོག་མར་རེ་ཞིག་ཧཱུཾ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ།། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ།། ཁྲོ་གཉེར་དང་བཅས་པ ་སྐུ་མདོག་སྔོན་པོ་འབར་བ་ཆེན་པོའི་འོད་ཟེར་འཁྲུག་པ།། དང་པོའི་རྡོ་རྗེ་འགྱིང་བ་ང་རྒྱལ་དང་བཅས་པ་རྡོ་རྗེ་ཆེན་པོ་འོད་ཟེར་འབར་པོའི་མེ་སྟག་འཕྲོ་བ།། དང་པོར་རྡོ་རྗེ་གསོར་ཞིང་བསྐལ་པའི་མེ་དཔུང་འབར་བ་ལྟར ་འབར་བ།། རྡོ་རྗེ་ཉྩི་མ་མེ་བྷ་བར་བར་བདག་ཉིད་སྤྲུལ་ནས།། ཨོཾ་དྷཱུ་བི་དྷཱུ་པི་ཀཱ་ཡ་དྷཱུ་པི་པྱཱ་ཛྭཱ་ལཱི་ནི་སྭཱཏྨ། ཞེས་བརྗོད་ཅིང་། རྡོ་རྗེ་བསྡམས་པས་ནང་དུ་བྱསྟནྣ་ཏྭེ། བར་དང་བཱཅསྭཱ་པ། མཐེ་བོ་རྡོ་རྗེ་རྩེ་སྤྲིང་ནས་ཕྱིར་འགྱེད ་པས་རྡོ་རྗེ་མེའི་དམ་ཚིག་གི་ཕྱག་བཅིངས་ནས།། བདག་ཉིད་འབེར་བར་བྱའོ།། རྡོ་རྗེ་འཇིགས་བྱེད་འབར་བའི་ཕྱག་རྒྱས་བཟོད་པར་དཀའ་བའོ།། དེའི་རྗེས་སུ་བསྐྱེད་རིམས་ཆེ་བར་བསྟན་པ་བཞིན་དུ་རྡོ་རྗེ་གོ ་ཆ་སྟེ། དེའི་རྗེསུ་ཨོཾ་བྷཱུརྫཱ་ལ་ཨོཾ་ཧཱུཾ་སྭཱཧཱ། ཞེས་ས་བཟུང་ལ། ཆུ་གསུམ་དུ་བྱས་ལ་སྔགས་འདིས་བྱིན་གྱིས་བརླབས་ནས་ཁྲུས་བྱེད་པཱའི་སར་གཞག་སྟེ།། དེ་ནས་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་བཅིངས་ལ་ཆུ ་འམ་ཆུའི་སྣོད་གནས་ལྔ་བགེགས་ཐམས་ཅད་བསྒྲེང་པའི་ཆེང་དུ་འོག་དང་སྟེང་བཅིང་བར་བྱའོ།། ཨོཾ་བྷུ་ཛྭ་ལི་སོ་ཧཱུཾ་སྭཱ་ཧཱ། ཞེས་རིག་པ་འདི་བརྗོད་ཅིང་། གོང་དུ་བཤད་པའི་ས་ཆ་གསུམ་པོ་ལྔས་ཆ་གཅིག་གིས་བཤང་ལམ ་བཀྲུས་ཏེ། ལག་པ་གཉིས་བཀྲུས་ལ་ཉེ་རེག་བྱའོ།། ཆུ་གཉིས་ལེ་ཧཱུཾ་ཞེས་བརྗོད་ཅིང་། ལུས་པོ་ཐམས་ཅད་ཁྲུས་བྱས་ཏེ། ཆ་གསུམ་པས་མགོ་བཀྲུས་ནས། ཨོཾ་བུ་ཛྭ་ལ་ཧཱུཾ་སྭཱ་ཧཱ། ཞེས་པ་འདིས་ཉེ་བར་རེག་ནས་རང་གི་མགོ ་ལ་སྔགས་དང་བཅས་པའི་ཆུ་གཏོར་ནས། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་བདག་བྱིན་གྱིས་བརླབས་ནས་ཁྲོས་བྱེད་ས་ནས་ལྡང་བར་བྱེད་དོ།། དེའི་རྗེས་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ཆུས་གོས་ལ་གཏོར ་ནས། ཇི་ལྟ་བ་བཞིན་གྱོན་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་།། ཡིད་ཀྱང་ཆུའི་གནས་ཀྱི་བསྲུང་མ་གཤེགས་ནས། སྐད་ཙོག་གིས་ལྷའི་དེ་རྒྱལ་གྱིས་དེའི་སྔགས་ཡིད་ཀྱིས་བརྗོད་པཅིང་བསམ་གཏན་གྱིས་ཁང་པའི་དྲུང་དུ ་འགྲོ་བར་བྱ།། དེ་ནས་རྐང་པ་གཉིས་བཀྲུས་ལ།། རིག་མ་ངེས་ཉེ་བར་རེག་ལ། ཧཱུ~ཾ་ཕཊ་ཅེས་པ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བགེགས་ཐམས་ཅད་བསྐྲང་ནས།། བསམ་གཏན་གྱི་ཁང་པར་ཞུགས་ཏེ། ཡང་བདུད་རྩི ་བའི་སྔགས་ཀྱིས་སྟན་ལ་སོགས་པ་དང་བསམ་གཏན་ཁྱང་བ་ལ་བྱུག་པ་ལ་སོགས་པ་གཏོར་ནུས་ཉེ་བར་རེག་པར་བྱའོ།། ས་མ་ཡ་སྟ་ཞེས་བརྗོད་ཅིང་། ཕྱག་གཡས་པ་བཀན་པར་བྱ་ལ།། གུང་མོ་དང་སྲིན་ལག་ཙམ་བཀུག་ནས། ་ཕྱག་རྒྱ་འདིས་རྐང་པ་གཉིས་ཀྱི་ནང་དུ་བཅུག་ལ། དྷཱུ་ཙོག་པུར་བསྡད་དེ་སྨྲ་བ་བཅད་ལ་པདྨའི་ཚུལ་གྱིས་ཁ་ལ་ཡང་ཡང་རེག་པར་བྱས། ལན་གཉིས་སམ་ལན་གསུམ་དུ་རྣ་བ་གཉིས་དང་མིག་གཉིས་དང་སྣ་དང་། ཁ་དང་ལག ་པ་གཉིས་དང་། ལྟེ་བ་དང་མགོ་ལ་རེག་པར་བྱ་བ་ནི་མགོ་བཀྲུ་བའི་ཆོ་གའོ།། དེ་ལྟར་ཁྲུས་བྱས་པ་འམ་མ་བྱས་ཀྱང་རུང་།། རིའི་སུལོ་ལ་སོགས་པ་དབེན་འི་གནས་སུ་ཆགས་པ་ཐམས་ཅད་དང་བྲལ་བས་སྤྱོད་ལམ་ཡངས་པ ་དགྲ་བཅད་ལ། འཕགས་པ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་གནོད་སྦྱིན་མོའི་སྒྲུབ་པ་ཉེ་བར་བྱ་སྟེ། དེ་ལཾ་ཧཱུཾ་གཱི་ཡི་གེས་འགྲོ་བ་ཐམས་ཅད་སྟོང་པར་བྱས་ལ།། བི་མ་ལོ་དྷཱ་དྷཱི་ཧཱུཾ་ཞེས་པ་བརྗོད་པས། རྒྱ་མཚོ་ཆེན་པོའི་སྟེང་དུ ་ཨོཾ་ཨ་པ་ཙ་ལ་བི་རེ་སྭཱ་ཧཱ། ཞེས་པས་གསེར་གྱི་རང་བཞིན་གྱི་སྟེང་དུ། ཨོཾ་ཨ་བཙྪ་ལ་ཧཱུཾ་ཞེས་པས་རིན་པོ་ཆེའི་རང་བཞིན་གྱི་རིའི་རྒྱལ་པོ་ཚད་མེད་པོ། མེ་ཏོག་དང་ཤིང་ཐོག་སྣ་ཚོགས་པས་བརྒྱན་པ་ནགས་ཚལ་གྱིས ་བརྒྱན་པ། དཔག་བསམ་གྱི་ཤིང་གིས་བརྒྱན་པ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དང་ལྡན་པའི་ཡིད་དུ་འོང་བར་བསྒོམས་ཏེ། དེར་ཧྲཱིཿཡི། ཡི་གེ་ལས་པདྨཿདེའི་སྟེང་དུ་ཨི་ལི་དང་པོ།། ཨ་ཡོངསུ་གྱུར་པ་ལས ་ཟླ་བའི་དཀྱིལ་འཁོར།། དེའི་སྟེང་དུ་ཀྵི་རྣམ་པར་བསམ་མོ།། དེའི་སྒྲ་དང་འོད་ཟེར་གྱི་སྒྲ་དང་སྦྱིན་གྱི་ཚོགས་ཀྱི་ན་མཁའ་ཐམས་ཅད་ཁྱབ་པར་བསམ། འོད་ཟེར་དེ་དག་གནོད་སྦྱིན་མོའི་གཟུགས་སུ་གྱུར་ཏེ། ཚུར ་འདུག་ནས་ཀྵྨཱི་དེ་ཉིད་ལ་ཐིམ་པར་གྱུར། ཀྵིཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མོ་ལོངས་སྤྱད་ཅན་མ་ཞེས་བྱ་བ་ལང་ཚེ་རྒྱུས་པ། སྒེག་པའི་རོ་དོང་ལྡན་པ། མཛེས་མ་ལྷ་མོའི་གཟུགས་ལྟ་བུ་འཛིན་པ། སྐུ་མདོག་ལྗང་གྲེ། ་གོསྟྲྀ་དཀར་པོས་སྨད་གཡོགས་དང་སྙིང་གཡོགས་བྱས་པ། ཕྱག་གཡོན་པོ་དཔག་བསམ་གྱི་ཤིང་ལ་འཛུས་པ། ཕྱག་གཡས་པ་མེ་ཏོག་ཁ་དོག་ལྔ་དང་ལྡན་པས་བརྒྱན་པ། སྟེང་ན་གདུག་དཀར་པོ་རང་བཞིན་གྱིས་གནས ་འགྱིང་བའི་ཚུལ་གྱིས་འགྱིང་ཞིང་གཡོ་བ་དེ་ལྟར་རྣམ་པོར་བྱསམ་མོ།། དེ་ནསྣ་གོང་དུ་བསྟན་པའི་སྔགས་དང་ཕྱག་རྒྱ་ངེས་བྱིན་གྱིས་བརླབས་ཏེ་ཁ་ལྟ་བུའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཞེས་པས། རང་གི་ཐུགས ་ཀ་ནཱས་གཤིན་རྗེ་གཤེང་གོང་དུ་བསྟན་པའི་གཟུགས་ཅན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། སྐུ་ལ་འོད་ཟེར་རབ་ཏུ་འབར་བ། ཉི་མ་བྱེ་བ་ལྟ་བུ་དང་ལྡན་པ། བགེགས་མ་ལུས་པར་འཇིགས་པར་བྱིང་བ། འཇིག་རྟེན་གསུམ་པོ ་བསྡིགས་པར་བྱེད་པའི་ཁྲོ་བོ་ཅིག་སྤྲོས་ལ། དེ་ལ་བཀའ་བསྒོ་བ་བྱས་པས་གནོད་སྦྱིན་མོ་བཀུག་ནས། བདག་གི་སྐུ་ལ་ཞུགས་ནས་སླར་ཕྱིར་སྤྲོས་ཏེ། གནོད་སྦྱིན་མོའི་མགོ་བདག་གི་ཞབོས་ཀྱིས་མནན་ནས་གནས་པར ་བསྒོམ་མོ།། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་ལྔ་སོགས་པ་དང་། མཚམས་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས། གོང་བཞིན་དུ་གདན་དང་མཆོད་ཡོན་དབུལ་བ་དང་། མཐེབ་མཛུབ་གཉིས་སྐམ་པ་ལྟར་བྱས་ལ། སོར་མོ་གཞ ་རྣམས་ཕྱིར་བ་སྐྱེང་དེ། ཞབས་བསིལ་གྱིས་སྔགས་ཀྱི་ཞབས་བསིལ་ཕུལ་ལ། དམ་ཚིག་མའི་ཕྱག་རྒྱ་བསྟན་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱ་གོང་དུ་བསྟན་ཏོ།། འདིར་དམ་ཚིག་མོ་ནི་ལག་པ་གཉིས ་ཀྱི་སོར་མོ་རྣམས་ཕུན་ཚུན་བསྣོལ་ཏེ་སྲིན་ལག་གཉིས་ཕྱིར་བཀྱེད་ལ་ཚིགས་གསུམ་པ་བཀུག་སྟེ་བྱ་བ་ནི། འདི་ནི་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱུའོ།། ཨོཾ་བྷཾ་ག་ཝ་ཏི་དྲི་ཤྱ་ཧོ།། དེ་བཞིན་དུ་ལྷ་མོ་རང་རང་གི ་རྟོག་པ་ནས་བྱུང་བ་བཞིན་དུ་བཤད་པའི་སྔགས་བཟུང་བར་བྱའོ།། དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་པས་དབང་བསྐུར་བར་བྱ།། དེ་ཕྱག་རྒྱ་གོང་དུ་བསྟན་ཟིན་ཏོ།། དེ་ནས་མཆོད་ཡོན་ལྔས་མཆོད་།། ཨོཾ་གྱིས་ཡི་གེ་ལས ་བྱུང་བའི་མེ་ཏོག་དང་། དྲི་དང་། མར་མེ་དང་། པི་ཝང་དང་། གླིང་བུ་དང་། དུང་དང་། རྔ་རིངས་དང་། རག་དུང་ལ་སོགས་པའི་སྒོའི་བྱེ་བྲོག་དང་། གླུ་དེང་གར་དང་། སྒེག་མོ་དང་། བཞད་མ་དང་། རླུང་གཡབ་དང་། རྒྱན་མཚན ་དང་ར་བ་དན་དང་། གདུགས་དང་། རྔ་དང་། གོས་དང་། དཔུང་རྒྱན་དང་། དོ་ཤལ་དང་། རྐང་གདུབ་དང་། བླ་བྲེ་དང་། དྲ་བ་དྲ་ཕྱེད་དང་། གཡེར་གཽའི་དྲ་བ་དང་། གཞལ་ཡས་ཁང་དང་། ཇི་ལྟ་བ་བཞིན་དུ་གནས་ལ་ཡོད་པ ་དང་ངགཞན་ཡང་མཆོད་པའི་ཚོགས་མཐོང་བ་དང་། ཐོས་པཱ་ལ་སྩོགས་པས་ནཱ་མཁའ་ཁྱབ་པར་ཁེངས་པས། གནོད་སྦྱིན་མོ་ལ་མཆོད་པ་བྱ་བར་བསམ། དེ་ནས་གོང་བཞིན་དུ་དྲིལ་བུ་དཀྲོལ་ཞིང་བྱིན ་རླབས་ཀྱིས་ཕྱག་རྒྱས་མཆོད་པ་བྱིན་གྱིས་བརླབས་ཏེ། གོང་བཞིན་དུ་གནོད་སྦྱིན་མོའི་རིན་པོ་ཆེའི་རེ་ལ་གནས་པ། སྒྲུབ་པའི་དབང་དུ་གྱུར་པ། རང་གི་གཟུགས་ཀྱི་སྦྱིན་གྱིས་ན་མཁའ་གང་བཱར་བྱེད་པ་དེ་ཉིད་ཐུན་གོསུམ ་མམ་བཞི་བསྒོམས་པས་ངེས་པར་འགྲུབ་བོ།། གང་ཞིག་བསྒོམས་པས་འགྲུབ་པར་མི་ནུས་པ་དེས་རྟོག་པ་ལས་བཤད་པའི་སྔགས་བཞིན་དུ་བཟླས་པར་བྱའོ།། དེ་ལས་བཟླས་པར་བྱ་བའི་སྔོགས་ནི། ཨོཾ་བྷཾ་ག་ཝི་ཏ ་སྭཱཧཱ། ཞེས་སོ།། གནོད་སྦྱིན་བསྐྱེད་པ་དང་མཆོད་པ་ཐམས་ཅད་ཀྱི་ཆོ་ག་བྱས་ལ། གནོད་སྦྱིན་མོའི་སྔགས་རང་གི་སྙིང་ལས་བསྒྱིད། རང་གི་སྔགས་གནོད་སྦྱིན་མོའི་སྙིང་ལ་བསྐྱེད་ལ་ཐུན་གསུམ་མཱམ་བཞིའི་རིམ་པས ་བཟླས་པར་བྱ། དྲལ་ན་ཡོད་དག་པར་མཆོད་དེ། ཡི་གེ་བརྒྱ་པ་བརྗོད་ལ། ཨོཾ་མུཊྚཞེས་པོ་ཕྱག་རྒྱ་ལ་སོགས་དགྲོལ་བའི་བསམ་པས། དམྱ་ཚིག་གི་ཕྱག་རྒྱུ་ཁ་སྟེང་དུ་བལྟ་བོ་སྟན་པོས་དགྲོལ་ལོ།། དེ་ཁོ་ན་ལྟར་ཉིད ་མ་རེ་རེས་ཡི་གེའི་གྲངས་ཀྱི་འབུམ་ཡོངསུ་རྫོགས་པར་བྱས་ལ་འཕགས་པ་གཤིན་རྗེ་གཤོད་ཀྱི་རྣལ་འབྱོར་གྱིས་གོས་སར་པ་མིས་མ་གྱོན་པ་འམ་ཤིང་ལོབ་བམ་གང་ཡང་རུང་བ་སྐྱེ་བོས་དབེན་པ་ཉིད་དང་མཐུན ་པའི་གནས་སུ།། བླ་རེ་དགྲམ་པ་དང་གདུགས་ལ་སོགས་པ་དང་། མེ་ཏོག་དྲི་ཞིམ་པོ་དང་བདུག་སྤོས་དང་། མར་མེ་ལ་སོགས་པས་ཉེ་བར་བརྒྱན་པ་དང་། ས་གཞི་ལ་དྲིའི་བྱུག་པ་བྱས་པའི་སྟེང་དུ་བཞག་སྟེ། གནོད་སྦྱིན་མོ་གོང་དུ ་བསྟན་པའི་གཟུགས་སུ་སྤྲུལ་ནས། དགུག་པ་ལ་སོགས་པ་སྔོན་དུ་འགྲོ་བྱས་འཕགས་པ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་སྔོན་དུ་བསམས་ཏེ། རྗེས་ལ་ཇི་ལྟར་བདེ་བས་རང་གིས་བྲི་བའི་རི་མོ་མཁན་ལ་གཤིན་རྗེ་གཤེད་ཀྱི ་རྣལ་འབྱོར་གྱི་བསྲུང་བ་བྱས་ལ་འབྲིར་གཞུག་གོ། དེ་ལྟ་བུའི་ཐང་ཀ་ལ་སྐྱེ་བོས་དབེན་པ་འམ། ཚུལ་དུ་རབ་གནས་བྱས་ལ། ཉྫ་ལ་དཀར་གསུམ་གྱི་གཏོར་མ་དང་མར་མེ་བཞི་ཕུལ་ནས། གོང་དུ་བསྟན་པའི་ཆོ་གས་ཐམས་ཅད་ལ ་བྱིན་གྱིས་བརླབས་ནས་མཆོད་པ་ཆེན་པོ་བྱས་ཏེ། དུང་ལ་སོགས་པ་མཆོད་ཡོན་གྱི་སྣོད་ལ་མེ་ཏོག་དཀར་པོ་དྲི་ཞིམ་པོའི་ཆུ་དང་བསྲེས་པས་གང་བར་བྱས་ལ་ལག་པས་སྣོད་ལ་རེག་ལ། རྒོངས་མོ་ནས་བརྩམས་ལ་སྨྱུང་གནས ་བྱས་ལ་དེ་སྙིང་བར་དུ་བཟླས་པར་བྱ། ཇི་སྲིད་བར་དུ་ལྷའི་ལོངས་སྤྱོད་སྦྱིན་བྱེད་མ། ལྷ་མོའི་གཟུགས་ལྟ་བུ་ལོངས་སྦྱོང་ཅན་མ་འོངས་ནས་བདག་ཉིད་ཀྱི་ལོག་པ་གཉིས་ཀྱི་མཐེ་བོང་གཉིས་ནས་འཛིན་ཏེ་བྱུང་ནས་མིག་མི ་ལྟོ་བར་བྱའོ།། གལ་ཏེ་བལྟས་ན་སློབ་པ་པོ་ཉིད་རེངས་པ་ལ་སོགས་པར་འགྱུར་རོ།། མཚམས་བཅད་པ་ནི་དྲ་བ་དང་། གུར་དང་། བ་ངན་དང་། ཁྱེད་བདེ་བར་སྤྱོན་ལ་སོགས་པར་བྱས་ལ། བདུད་རྩི་རྒྱུན་གྱི་ཕྱག་རྒྱས ་མཆོད་ཡོན་ཕུལ་ལ་སྙིམ་པ་སྦྱར་ལ་མཐེ་བོང་གཉིས་རྩེ་རྭ་བཞག་ལ་མཆོད་ཡོན་འདུལ་བའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་དྭེ་བ་ཏཱཙྪི་ནྱཱ་མྲི་ཏཱ་དྷཱ་ར་སྭཱཧཱ། ཞེ་སྔགས་བརྗོད་ཅིང་། དེ་ནས་མཆོད་པ་བྱས་ལ། ་དྲི་དང་། མེ་ཏོག་དང་སྤོས་ལ་སོགས་པས་ཡང་མཆོད་ཡོན་ཕུལ་ནས་སྙིམ་པ་ཁ་ཕྱེ་ལྷ་ཆུ་གཉིས་བསྣོལ་མརོ་བྱས་ལ། དེའི་ནང་དུ་མཐེ་བོང་གཉིས་བཅུ་ག་ལ་མཛུབ་མོ་གཉིས་ཀྱི་མཐེ་བོ་མནན་པར་བྱས་ཏེ། སྲིན་ལོག་གཉིས ་རྩེ་སྦྲང་ནས་གུང་མོ་གཉིས་ཕྱིར་བཀྱེད་པར་བྱ་བ་ནི། ཞི་བའི་གཏོར་མཱའི་ཕྱག་རྒྱའོ།། ཨོཾ་ཧི་ཧཱི་ཏུ་རུ་ཏུ་རུ་སཾ་པུརྱ་ཡོ་མ་ཧཱ་པཱ་ཡཱ་ནཱ་ཧཱུ~ཾ་ཧཱུཾ་ཕཊ་སྭཱཧཱ། ཨ་མྲྀ་ཏ་དྷ་རཱ་སྭཱ་ཧཱ། ཞེས་སོ།། གང་གི་ཚེ་སྨྲ་ན། ཁྱོད་ཀྱི་བདག་གིས་ཅི་བགྱི ་ཞེས་ཟེར་ན། དེའི་ཚེ་གོང་ཏུ་གང་འདོད་པ་དོ་ཉིད་བླང་བར་བྱའི་གཞན་ནི་མཽ་སྨྲའོ།། ཨོཾ་ཧྲཱིཿཁཾ་སྭཱ་ཧཱ། ཞེས་པའི་སྔགས་འདི་སྙིང་པོ་ཕྱག་རྒྱ་དང་བཅས་པས་མཆོག་བླངས་པ་དེ་སྟེར་བར་འགྱུར་རོ།། ལག་པ་གཉིས་ཁུ་ཚུར ་བཅངས་ལ་མཐེ་བོང་ཕྱིར་བཀྱེང་ལ་བསྟན་ལ་སྙིང་གི་ཕྱག་རྒྱའོ།། འོག་ཏུ་ཁ་ལྟ་ན་མཆོག་བླང་བར་བྱའོ།། དེ་ནི་སྒྲུབ་པ་པོས་ཨོཾ་མ་ཉིད་དུ་བླངས་ན་བུ་ལྟ་བུར་སྐྱོང་བར་འགྱུར་རོ།། གྲུབ་ཐོབ་དང་ལྷན་ཅིག་འགྲོགས ་པར་འགྱུར་རོ།། འོ་མའི་རྒྱ་མཚོ་ལ་གནས་པ་དང་། ལྷན་ཅིག་འགྲོགས་པར་འགྱུར་རོ།། ཤིང་ཏོག་ཀྱང་སྟེར་བར་འགྱུར་རོ།། སྒྲུབ་པ་པོ་གང་གིས་ཟོས་པ་དེ་ཚེ་བསྐོལ་པ་ཙམ་དུ་གནས་པར་འགྱུར་རོ།། སྲིང་མོ་གྱིས་ཤིག ་ཅེས་བརྗོད་ན། འདི་ན་ར་བཅུ་གཉིས་སྟེར་བར་འགྱུར་རོ།། སྒྲུབ་པ་པོ་འཁོར་བཅུ་གཅིག་དང་བཅས་པ་ལ་ཁ་ཟས་བསྒྲིམ་པ་མེད་པར་སྟེར་བར་འགྱུར་རོ།། འཚོ་བ་པར་མི་འཆད་པར་སྟེར་བར་འགྱུར་རོ།། ཕོ་ཉ་མོ་བྱས་ན་དཔག ་ཚད་བརྒྱའི་ཕ་རོལ་ནས་ཀྱང་སྐྱེས་པ་འམ་བུད་མེད་གང་འདོད་པ་དེ་དག་འདོད་པ་ཁུགས་པར་འགྱུར་རོ།། གོང་དུ་བསྟེན་པའི་འགྱུར་ར་ཨ་མའི་དོན་ཡང་བྱེད་པར་འགྱུར་རོ།། ཡང་ན་ཁྱིམ་ཐབ་མར་གྱུར་བྱས་རྀ་རབ་ལ་སོགས ་པ་ལ་ཉེ་བར་གནས་པའི་བརྟུལ་ཞུགས་ཅན་གྱི་ཚལ་གྱི་གནས་པསྟོན་པར་འགྱུར་རོ།། རིག་འཛིན་གྲུབ་པ་རྣམས་ཀྱིས་ཚེ་བསྐུལ་པའི་བར་དུ་ཐུབ་པར་བྱ་བའི་རོ་བྲོ་བའི་ཤིང་ཐོག་རྣམས་སྟོར་ཞིང་ཞེས་པ་ལ་སོགས་པ་རྟོག་པ ་ལས་ཤེས་པར་བྱའོ།། གང་ཞིག་གནོད་སྦྱིན་མོ་རྟོག་པ་ལས་བཤད་པའི་དུས་ལས་འགལ་ནས་འོང་བར་མ་གྱུར་ན། དེའི་ཚེ་རྡོ་རྗེ་ལྕགས་སྒྲོག་གཽ་ཕྱག་རྒྱས་གྲནོད་སྦྱིན་མོ་དེ་དུས་ལས་མ་བབ་པར་དུ་བཅིང་བར་བྱའོ།། ། ་ཨོཾ་བཛྲ་སྥོ་ཊ་ཧཱུ~ཾ་བ~ཾ་ཞེས་པའི་ཕྱག་རྒྱ་གོང་དུ་བསྟན་ཟིན་ཏོ།། གལ་ཏེ་ཅི་ཡང་མི་སྨ་ན། དེའི་ཚེ་རྡོ་རྗེ་བཞད་མའི་ཕྱག་རྒྱས་སྨྲ་བར་འགྱུར་རོ།། དེ་ལ་སྩོགས་ནི་འདི་ཡིན་ཏེ། ན་མོ་བཛྲ་པཱ་ཎི་སྥུ་ལ་ལ་ཧ་སེ་ཧྱཱ་ས་བཛྲ་ཎཽ་ཀུ་རུ ་ཀུ་རུ་ཀཾ་པ་ཀཾ་པ་ཙི་ལ་ཙ་ལ་ཀལློ་ཀལློ་སྭཱ་ཧཱ། ཞེས་སོ།། དངོས་གྲུབ་མ་བྱིན་པར་འགྲོ་བར་འགྱུར་ན་དེ་ཉིད་ཀྱིས་བཅིང་བར་བྱའོ།། ཕྱག་རྒྱ་ནི་ཐལ་མོ་སྦྱར་ནས་སྲིན་ལག་གཉིས་ནང་དུ་བསྣོལ་ཏེ་མཐེ་བོང་གཉིས་ཀྱིས ་སྲིན་ལག་གཉིས་ཀྱིས་རྩ་བ་མནནྡྲ་པཱུརྱཱ་བྱཱས། གུད་མོ་གཉིས་རྗེ་སྦྱང་ནས་དེའི་ཌཱུཪྻ་མཛུབ་མོ་གཉིས་རྡོ་རྗེའི་རྣམ་པར་ནྡྷེ་སྐད་དུ་ཞུག། མཐོ་རྒྱུད་གྲཉིས་བྱཱཎྜ་ལ་ཏྭཱ། བཱིར་བསྐྱེད་པར་བྱ་ཞེས་སོ།། འབྱུ ་པོ་ཐམས་ཅད་བལ་ཆུ་ལ་བཟླས་ལ་བརྗོད་པར་བྱ་བའི་སྤྱིའི་ཕྱག་རྒྱའོ།། གནོད་སྦྱིན་མོ་དང་། ཨ་པ་ནཱ་ཛི་ཏ་དང་། གཞན་ཡང་ཡི་དགས་མོ་ལ་སོགས་པའི་ཆོ་དི་ནི་ཇི་ལྟར་སྦྱོརཱི་བཱ་ཇི་ལྟོ་བར་སྦྱོར་བར་བྱའོ།། ལོངས་སྤྱོད ་ཅན་མའི་རྟོག་པ་རྫོགས་སོ།། ། རྒྱ་གར་སྐད་དོ། ར་ཏི་པྲི་ཡེ་སཱ་དྷཱ་ནཱ་མ། བོད་སྐད་དུ། དགའ་བས་ཚིམ་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཨོཾ་རྀ་ཏཱི་པྲི་ཡེ་སྭཱཏྨ། ཞེས་སོ་གྲོ་ག་འམ། རས་རྫི ་