| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་མནྟ་སཾ་གྲ་ན་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བྱ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། རབ་ཏུ་དབེན་པར་རབ་གཙང་བས།། མཆོད་པ་དང ་བཅས་སྔགས་བཏུའོ།། བདེན་པ་ཚད་མེ་དྲི་ཕ་རོལ་ཕྱིན།། འཕགས་ལམ་རྣམ་ཐར་ཕྱོགས་རྟེན་འབྲེལ།། བྱང་ཆུབ་མཆོད་རྟེན་འཁྲུལ་འཁོར་ལ།། བདེན་པའི་དང་པོ་ཀ་ནས་བཟུང་།། རྟེན་འབྲེལ་མཐའ་མར་མེ་མཆོག། ཨཱ་ལི་ཀཱ་ལི ་རིམ་པའོ།། དང་པོར་རྣམ་ཐར་དྲུག་པ་སྦྱིན།། དེ་ནས་རྣམ་ཐར་ལྔ་པའོ།། དྲི་ནས་རྣམ་ཐར་བདུན་པ་ལ།། ཕྱོགས་ཀྱིས་བརྒྱད་པས་བརྒྱན་པའོ།། ཕ་རོལ་ཕྱིན་པའི་གཉིས་པ་ལ།། ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ།། དེ་ནས་ཕྱོགས ་ཀྱི་བཞི་པ་བྱ།། འཕགས་ལམ་གྱི་ནི་དྲུག་པོ་ལ།། རྟེན་འབྲེལ་གྱི་ནི་དགུ་པ་སྦྱིན།། རྣམ་ཐར་གྱི་ནི་ལྔ་པ་ལ།། རྟེན་འབྲེལ་གྱི་ནི་བདུན་པ་སྦྱིན།། རྣམ་ཐར་གྱི་ནི་དྲུག་པའོ།། ཡང་ནི་དེ་ཉིད་སྦྱིན་པར་བྱ།། རྣམ་ཐར་གྱི་ནི་ལྔ་པ་ལ།། རྟེན་འབྲེལ ་བདུན་པ་སྦྱིན་པར་བྱ།། འཕགས་ལམ་གྱི་ནི་དྲུག་པ་ལ།། རྟེན་འབྲེལ་དགུ་པོས་བརྒྱན་པར་བྱ།། རྣམ་ཐར་གྱི་ནི་བདུན་པ་ལ།། རྟོན་འབྲེལ་དང་པོས་བརྒྱན་པའོ།། འཕགས་ལམ་གྱི་ནི་གསུམ་པ་དང་།། རྣམ་ཐར་གྱི་ནི་དྲུག་པ་ལ།། ་རྟེན་འབྲེལ་གྱི་ནི་དགུ་པས་བརྒྱན།། དེ་ནས་འཕགས་ལམ་དྲུག་པ་སྦྱིན།། རྣམ་ཐར་དྲུག་པ་དེ་ནས་སྦྱིན།། ཡང་ནི་དེ་ཉིད་སྦྱིན་པར་བྱ།། དེ་ནས་ཡང་ནོ་འཕགས་ལམ་དྲུག། རྣམ་ཐར་གྱི་ནི་དྲུག་པ་ལ།། རྟེན་འབྲེལ་དགུ་པས་བརྒྱན ་པའོ།། འཕགས་ལྡུམ་གྱི་ནི་བརྒྱད་པ་ལ།། རྟེན་འབྲེལ་གསུམ་པས་བརྒྱན་པའོ།། དེ་ནས་རྣམ་ཐར་འདུན་པ་སྦྱིན།། ཡང་ནི་དེ་ཉིད་དྲུག་པ་སྦྱིན།། དེ་ནས་ཕྱོགས་ཀྱི་རྟག་པ་ལ།། རྟེན་འབྲེལ་གྱི་ནི་བདུན་པས་བརྟུན ་དེ་ནས་རྣམ་ཐར་དྲུག་པའོ།། ཡང་ནི་དེ་ཉིད་སྦྱིན་པར་བྱ།། དེ་ནས་ཕྱོགས་ཀྱི་དྲུག་པ་ལ།། རྟེན་འབྲེལ་གྱི་ནི་བདུན་པས་བརྒྱན།། རྣམ་ཐར་གྱི་ནི་དྲུག་པ་སྟོན།། ནཱ་དྲི་མེད་པ་ནི་བཱལཱི་ལ།། ཕ་རོལ་ཕྱིན་པའི་དང་པོས་བརྒྱན།། འཕགས་ལམ་ཡིམ ་ནི་མཐའ་མ་ལ།། རྟེན་འབྲེལ་གསུམ་པས་བརྒྱན་པའོ།། རྣམ་ཐར་གྱི་ནི་བདུན་པ་ལ།། ཕྱོགས་ཀྱི་བརྒྱུད་པས་བརྒྱན་པའོ།། དེ་ནས་རྣམ་ཐར་ལྔ་པ་དྷི་ན།། ཡང་ནི་དེའི་དྲུག་པ་སྦྱིན།། ཡི་གེ་སུམོ་ཅུ་རྩ་གཉིས་ཏེ།། ལས་ཀྱི་སྔགས་ཏེ་ནད་མ ་གཉིས།། རང་རང་ལས་ཀྱིས་ཁ་བསྒྱུར་བས།། ལས་རྣམས་ཐམས་ཅད་བདེ་བླག་བསྒྲུབ།། རྟེན་འབྲེལ་གྱི་ནི་དགུ་པ་ལ།། སྤྱི་བོར་རྣམ་པར་ཐར་ལྔ་པས་བརྒྱན།། དེ་ནས་ཕྱོགས་ཀྱི་ལྔ་པ་ལ།། རྣམ་ཐར་བདུན་པས་འོག་ནས་བརྒྱན།། དེ་ནས ་ཕྱོགས་ཀྱི་བཅུ་པ་སྦྱིན།། དེ་ནས་མངའ་བདག་བཅུ་དྲུག་མཐའ།། དེ་ནས་ཕྱོགས་ཀྱི་གསུམ་པ་ལ།། ཕར་ཕྱིན་ལྡི་པས་འོག་ནས་བརྒྱན།། དེ་ལ་རྣམ་ཐར་བདུན་པ་སྦྱིན།། རྟེན་འབྲེལ་གསུམ་པས་སྤྱི་བོར་བརྒྱད།། དེ་ནས་མདོའི་བདག ་དྲུག་མཐར།། དེ་ནས་ཕྱོགས་ཀྱི་དང་པོ་ལ།། རྟེན་འབྲེལ་གསུམ་པས་བརྒྱན་པའོ།། བདེན་པ་ཡི་ནི་དང་པོ་ལ།། རྣམ་ཐར་བདུན་པས་འོག་ནས་བརྒྱན།། དེ་ནས་རྟེན་བྲལ་གསུམ་པས་བརྒྱན།། དེ་ནས་འཕགས་ཀྱི་ལམ་བཞི་པ་ལ། ་ཕྱོགས་ཀྱི་བརྒྱད་པས་བརྒྱན་པའོ།། དེ་ནས་འཕགས་ལམ་ཐ་མ་ལ་ནི།། ལན་གཉིས་སུ་ནི་སྦྱིན་པར་བྱ།། རྡོ་རྗེ་སེམས་དཔའི་ས་བོན་ནཱི།། ལནྡྲ་གཉིས་བར་དུ་སྦྱིན་པར་བྱ།། དེ་ནས་རྣམ་ཐར་གཉིས་པ་ལ།། ཕ་རོལ་ཕྱིན་པའི་ལྔ་པ་སྦྱར།། ་མཁས་བྱས་གཉི་སུའོ།། དེ་ནས་ཕྱོགས་ཀྱི་བཞི་པ་ལ།། ཕྱོགས་ཀྱི་དང་པོ་འོག་ཏུ་བཏགས།། དེ་ལ་ཕྱོགས་ཀྱི་བརྒྱད་པས་བརྒྱན།། དེ་ནས་ཕྱོགས་ཀྱི་ལྔ་པ་ལ།། ཕྱོགས་ཀྱི་བརྒྱད་པས་བརྒྱན་པར་བྱ།། གདུག་པའི་ཡི་གེ་བཅུ་བཞི་ནི།། འཁྲུལ་འཁོར ་གྱི་ནི་ཕྱི་རོལ་ལའོ།། བཟླས་པ་དང་ནི་འཁྲུལ་འཁོར་ལ།། སྔོན་དུ་སྔགས་བཏུ་དག་པར་བྱ།། གཞན་དུ་དབང་པོའི་དགྲ་བོའི་བཞིན།། མཆོད་པ་ཆེན་པོ་བྱས་ནས་ནི།། སློབ་མ་ལ་ནི་རྗེས་གནང་སྦྱིན།། དེ་ལྟར་མ་བྱས་ནུས་མཐུ་མེད།། དེ་ལྟར་བྱས་ན་ཤིན་ཏུ་སྦྱར། ་འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བེ།། སློབ་དཔོན་དཔལ་འཛིན་ཞབས་ཀྱི་མཛད་པ་རྫོགས་སོ།། །། པཎྜི་ཏ་དཱ་ན་ཤོ་ལ་དང་། བོད་ཀྱི་ལོ་ཙ་བ་བསོད་ནམས་སངྒས་བསྒྱུར་བའོ།། ་