| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཙཀྲ་རཀྵ་དྷཱིཥྛཱ་ན་པྲིཥྚ་ཡོ་པ་དྭེ་ཤ་ནཱ་མ། བོད་སྐད་དུ། བསྲུང་བའི་འཁོར་ལོའི་བྱིན་བརླབས་དང་། ཕྱིར་བཟློག་པའི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ལ ་ཕྱག་འཚལ་ལོ།། སྲིད་གསུམ་རོ་མུཉྫམ་བདེ་ཆེན་པོ།། དཔལ་ལྡན་གཤིན་རྗེ་འཇོམས་མཛད་ལ།། བཏུད་དེ་དེ་ཡི་འཕྲིན་ལས་ནི།། བསྒྲུབ་ཕྱིར་འཕྲུལ་འཁོར་ཆོ་ག་བཤད།། བསྙེན་པ་བྱས་པའི་རྣལ་འབྱོར་པས།། ཇི་ལྟའི་སྦྱོར་བས ་འཁྲུལ་འཁོར་རྣམས།། སྒྲུབ་ན་དེའི་བྱིན་གྱིས་བརླབས།། བླང་བྱ་དེ་ནས་ཡང་ནི་སྒྲུབ།། དབེན་པར་མཎྜལ་སོགས་བྱས་ལ།། རིམ་པ་གཉིས་ཀྱི་རྣལ་འབྱོར་མཆོག། མཆོད་དང་གཏོར་མ་བུམ་པ་བཟླས།། སྦྱིན་སྲེག་དེ་བཞིན་ཆོས ་འབྱུང་ལ།། ཕྱོགས་སྐྱོང་བཀོད་ལ་ཕྱི་རོལ་དུ།། རྣལ་འབྱོར་གཏོ་རོ་མ་བྱིན་ལ་བསྒོ།། དེ་ནས་དང་བཅས་སློབ་མ་ནི།། ཁྲུས་བྱས་ཐལ་མོ་སྦྱར་བྱས་ལ།། བྷྲ་མ་ལ་ནི་ཕྱོགས་པར་གཞག། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་དང་། ་སངས་རྒྱུ་སོ་ལྔའི་སྡོམ་པ་སྦྱིན།། ཛྲཱྀཾ་སྐད་གསུངས་པའི་ལས་རབ་འབྱམས།། བསྒྲུབ་པའི་བསམ་པཱ་ཉེར་གཞག་སྟེ།། པཾ་ལས་བྱུང་བའི་པདྨའི་སྟེང་།། ཧཱུཾ་བྱུང་དུས་དགྲ་དམར་པོ་བསམྦ།། སྙིང་དང་མགྲིན་པར་ཡ་བསྒོམ་པ།། ལྕེ ་བར་རོ་མོག་དགུ་པའོ།། ཨོཾ་ཆེ་གེ་མོའོ།། ཞི་བོ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། རེངས་ཤིང་གསང་པ་རྣམས་འདོད་པ་ལྟར་འགྲུབ་པར་གྱིས་ཤིག་སིཏཱཾ། དབུས་སོའོ།། ཙྪནྟཱི། ཝི་ཀྲྀ་ཏཱ་ན་ན། གཡས་སྐོར་གྱིས ་ཕྱོགས་བཞིར་རོ།། ཧཱུཾ་ཧཱུཾ་ཕཊ་ཕཊ། མུཚམས་བཞི་ལྷའོ།། བཅུ་གཉིས་རྩི་བྱས་ནི་སེར་པོ་ལ།། ཀྵེ་ཛ་ཡ་ཡིག་དབུས་དང་གཱཡས།། གཡོན་དུ་འགོད་པར་བྱ་བ་ཉིད།། ལྷོ་རུ་མ་ཡཙྪ་ཡིག་གོ། ནུབ་ཏུ་ཡི་གེ་མེ་དོ་ནི། ་བྱང་གི་གསུམ་ལ་དོ་རུ་ཎ།། རྩིབས་མཚ་མས་འགོད་པའི་ཡི་གེ་ནཾ།། ན་ཡོ་ནི་ར་ལན་གསུམ་མོ།། དེ་ནས་རི་མིག་ཕྱི་མེ་ལ།། ཨོཾ་ཡ་མ་རཱ་ཛ་སེ་ངོ་མེ་ཡ། ཡཱ་མེ་དོ་རུ་ཎ་ཡོ་ད་ཡཽ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵཾ་ཡེཙྪ་ནཽ་རཱ་མ་ཡ་ཧཱུཾ་ཕཊ། ་སྨྲྀཧཱ། འཁོར་ལོ་ཁ་སྦྱར་རབ་དམིགས་ལ།། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས།། རྒྱལ་བའི་འཕྲིན་ལས་ཐམས་ཅད་དང་།། མཐུ་དང་ཡོན་ཏན་ཀུན་བསྡུས་ལ།། སྙིང་དང་མགྲིན་པའི་འཁོར་ལོ་གཞུག། སློབ་དཔོན་དམར་པོའོ་འཁོར་ལོ་འང་།། ་ཇི་ལྟར་མེ་ནཱི་མེ་གཅིག་ལ།། མར་མེ་གཅིག་ཆང་ཇི་བཞིན་དུ།། མ་ཉམས་འཕེལ་བ་འཕངས་པ་བཞིན།། སློབ་མའི་སྙིང་དང་མགྲིན་པར་ཀླན།། གསང་སྔགས་རྒྱལ་པོ་བཅུ་བཞི་དང་།། རྩ་བའི་གསྔགས་ནི་སྔོན་འགྲོ་བའི།། ཡི་གེ་བཅུ་གཉིས་ལུང ་བྱིན་ལ།། བྲིས་ཞིང་བསྒྲུབ་པ་བྱས་པ་ཡི།། འཁོར་ལོའི་རྫས་ནི་ལག་བྱིན་ལ།། བརྟན་ཕྱིར་རྡོ་རྗེ་སྤྱི་བོར་གཞག། ཏིཥྛ་བཛྲ་ཙིཀྲ་རཀྵ་ས་མཱ་ཡ་མུ་དྲ་ཧོ།། བརྟན་དང་གཡོ་བའི་བཅུད་ཀུན་ཀུན་ལས།། མི་བསྐྱོང་ཞི་དང་དབང་བྱེད་པ།། སྣརོན ་སྤྱོད་དམ་པའི་འཁོར་ལོ་ནི།། རབ་འབྱམ་ལས་རྣམས་བསྒྲུབ་ཕྱིར་ཟུང་།། འདི་ནི་དིང་ན་སོ་གཟུང་བྱས་ཏེ།། མི་འབྲལ་བར་ནི་བྱ་བའོ།། ད་ནི་རྗེསུ་གནང་བ་ཡི།། ལས་ནི་ཐོག་མེད་མྱུར་བ་དང་།། ལྷ་མཉེས་པ་དང་རིམ་གཉིས་ཀྱིས།། གྲིག ་ཀྱི་དམ་པར་འགྱུར་བའོ།། གཞན་དུ་འཁོར་ལོ་རྩོམ་པ་ནི།། མི་མཁས་འགྲུབ་པར་མི་འགྱུར་ཞིང་།། སྔར་བྱས་དངོས་གྲུབ་གང་འདོད་པ།། ཕྱེ་ཕུང་ཆུ་ལ་སོགས་བཞིན་ནོ།། འཁྲུལ་འཁོར་གྱི་བྱིན་གྱིས་བརླབས་པའི་རིམ་པ། མཁས་ཞིང ་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་འཛིན་ཆེན་པོས་མཇིང་བ་རྫོགས་སོ།། དེ་ནས་ཡང་དག་བཤད་པ་ནི།། བསང་དང་རིངས་དང་བསྐྲང་ལ་སོགོས།། བྱ་འམ་གཞན་གྱིས་བྱས་ཀྱང་རུང་།། ཕྱི ་བཟློག་རིམ་པ་འང་གིས་ལྟོ་བྱར་བྱ།། འཇིགས་དང་བར་ཆོད་མཚན་མ་ཥྚམྦྷ།། རྨི་ས་གས་ངན་པ་བྷཱུང་གྷུར་ཚེ།། བཟློག་པ་དྲུག་ཏུ་བྱ་བ་སྟེ།། རྫ་སཱ་ད་སྔགས་དང་ཏིང་འཛིན།། རླུང་དང་མཉྫུམ་མོད་དག་དང་ནི།། སྣང་པོ་མེད་པའི་བསྒྲུང ་བའི།། དེ་ལ་རེ་ཞིག་རྣལ་འབྱོར་པས།། སེང་ལྡེང་དབྱུག་པ་གླ་རྩི་དང་།། གི་བཾ་ཤྭ་དག་གུ་གུལ་དང་།། གནྟ་ཏྲཻ་ལ་དང་ཡུངས་ཀི་རརི་ད་།། མུ་མེན་བྷི་རུ་སི་ལཾ་དང་།། ཙན་དན་དམར་སོགས་དེ་བཞིན་དྷ།། ལི་ཁྲི་མཚལ་དཀར་འདུས་བྱས ་ལཱལུ་ས་བོནྡ་སྔགས་ལས་བཅུ་གསུམ་ལྟ་རེ།། བསྐྱུང་ལ་བཅུ་གསུམ་གནས་སུ་གཞག། ཧཱུཾ་ཀྵེ་མ་མི་ད་ཛ་སཾ་དོ་རུ་ཡཙྪ་ནི་རཱ།། སྙིང་གོ་མིག་དྲུང་དྷཱུ་བ་སྱཱ།། ཁྱཱ་དང་ལྟེ་བའི་འོག་བཱཀྐོ་གཉིསཾ།། བེཪྻ་གཉིས་ཕྲག་པ་གོཉིས་རླུང ་ནི།། དེ་བཞིན་སྤྱི་བོར་གཙུག་ལ་རིག།། ཇི་ལྟར་ནི་སྡོང་གཤེང་སོགས་སྒོམ། རྗེས་རྣམས་བསྔོས་ཏེ་ལུས་ལ་བཅང་།། ཚོངས་དང་ཁྱབ་འཇུག་དྲང་སྲོང་སོགས།། ལོག་པར་བྱེད་པའི་རིག་སྔགས་ཀྱིས།། ནམ་ཡང་ཚུགས་པར་མི ་འགྱུར་རོ།། ཕྱིའི་བྱང་རྫས་ཀྱིས་ཕྱིར་བཟློག་བྱའོ།། ཤིན་ཏུ་དྲན་པར་བྱེད་པ་ཡི།། རིག་འཛིན་ལ་སོགས་མོང་གྱུར་ན།། དེ་བཟློག་པའི་ཆོ་ག་ནི།། ཚད་མེད་སེམས་སོགས་སྔོན་འགྲོ་བས།། གསང་སྔགས ་གསུམ་གྱིས་དག་པར་བྱ།། ཨོཾ་ཤཱུ་ནྱ་ཏྭོ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ན་མཁའི་དཀྱིལ་དུ་བསམ་བྱ་བ།། བཻ་རཾ་ལས་བྱུང་བང་ཉིའི་སྟེང་།། སྣ་ཚོགས་རྡོ་རྗེ་ཡོངས་གྱུར་པའི།། བསྲུང་བའི་འཁོར་ལོ་སྒོམ་བྱ་སྟེ།། རྩིབས་བཅཝ ་མུ་ཁྱོད་ལྟེ་བར་བཅས།། བྷྲཱུཾ་ལས་བྱུང་བའི་གནས་བཅུ་ལ།། ཧཱུཾ་བྱུང་རྒྱུ་དང་བསྲེ་བ་ལས།། ཇི་ལྟར་འབྱུང་བའི་ཁྲོ་བོ་བསྐྱེད།། དབུས་སུ་རང་ཉིད་གཤིན་རྗེ་གཤེད་།། མདོག་གནག་མཁྲོས་པ་མ་ཏྲེའི་སྟེང་།། དེ་ལྟར་བསྐྱེད ་ནས་ཆོ་ག་བཞིན།། རྡོ་རྗེ་གསུམ་དུ་བྱ་བ་དང་།། གཞུག་དང་བཅིང་སོགས་ལེགས་བྱས་ནས།། ཊཀྐི་རཱ་ཛ་གྲངས་མེད་པས།། གནོད་བྱེད་གདུང་ཞིང་དགུག་ལ་གཞུག། རྡོ་རྗེའི་གློ་གོན་ཏིང་འཛིན་ནི།། སྙིང་གའི་སེམས ་དཔའི་གནས་སྨྲ་སྲུང་བྱ་ནི།། དམིགས་ལ་བཟླས་ཏེ་འཁོར་བས་སོ།། དུས་དུས་གཏོར་མ་སྦྱིན་པར་བྱ།། གཟིར་བའི་སྦྱིན་སྲེག་མཚན་ཕྱེད་ན།། ཁྲོ་བོ་བཅུ་ལ་སྦྱིན་པར་བྱ།། ཕྱིའི་བྱང་སྔགས་ཀྱིས་ཕྱིར་བཟློག་པའོ།། ་གལ་ཏེ་རྣལ་འབྱོར་ལོ་པོ་ལ།། རྟོག་དང་མཚན་མས་གཡངས་པའི་བྱང་།། བང་བཟློག་པའི་རྣལ་འབྱོར་ནི།། རླུང་གི་སྦྱོར་བ་བརྩམ་བྱ་སྟེ།། ཨུ་པ་ཏནྟ་དྷ་ར་ན།། ཌ་མི་བྱ་གྲ་མུ་ས་ལ།། གཡོ་དང་འཇུག་པའི་རླུང་གཟུང་སྟེ།། དབུ་མར ་རྒྱུ་བ་ཡེ་ཤེས་རླུང་།། ཀུན་བྱེད་རྣམ་རྟོག་འཇོམས་པའོ།། ཉོན་མོངས་ལས་ཀྱི་རླུང་ཤུགས་དག། ཡེ་ཤེས་ཆེན་པོར་བྱེད་པ་སྟེ།། སུ་ཡི་མཐུས་ཀྱང་མི་ཚུགས་སོ།། ནང་བྱུང་རླུང་གིས་ཕྱིར་བཟློག་པའོ།། གདོན་དང་འཇིགས་དང་། ་བྱང་དང་ནད།། བྷར་དུ་གཅོད་པའི་ཆོས་རྣམས་ཀུན།། ཕྱི་རོལ་གྱུར་པ་ལ་ཡིན་པས།། ཕན་ཚུན་བསྲེ་བའི་ཏིང་འཛིན་གྱིས།། ཇི་ལྟར་དུག་ལ་བདུད་རྩི་བཞིན།། བར་གཅོད་ཡེ་ཤེས་ཆེན་པོར་བྱ།། འཇིགས་སོགས་རྟོག་པའི་བདུད ་བྱུང་ན།། འཛིན་མཁན་རྟོག་པར་རང་ཉིད་ཀྱང་།། ཕ་རོལ་གདོན་དུ་བསྒྱུར་བྱས་ལ།། གདོན་ཉིད་གང་ཡིན་འདོད་བྱར་བྱ།། དེ་ལྟར་རང་ཉིད་གནོད་བྱེད་ནི།། ལྷར་ལྷ་ཕ་རོལ་དེ་བཞིན་ནོ།། དེ་ནས་བླ་མ་དྲན་བྱས་ནས།། ་ཇི་སྙེད་བརྟན་གཡོ་ལྷ་དང་སྔགས།། སུ་ཡིས་སུ་ལ་གནོད་བྱེད་པ།། འཁྲུལ་པོའི་མཚན་མ་རང་སར་གྲོལ།། འཛིན་པོ་ཀུན་བཤིག་སྤྲོས་མེད་ཀྱི།། ཏིང་འཛིན་ཆེན་པོ་སྐྱེ་བར་འགྱུར།། ནང་གི་བྱང་ཏིངྒ་ངེ་འཛིན་གྱིས་ཕྱིར ་བཟློག་པའོ།། མཐར་ཐུགས་ཡེ་ཤེས་བདུད་གྱུར་པ།། སྡུག་བསྔལ་འཁོར་བ་འདོར་འདོད་དང་།། བླང་བྱ་མྱ་ངན་འདས་པ་སྟེ།། གཉིས་སུ་རྒྱུ་བ་ཉིད་ཡིན་ནོ།། དེ་ཉིད་ལམ་དུ་བྱ་བ་ཡང་།། རྡོ་རྗེ་འཛིན་པའི་གསུང་བཞིན ་བཤད།། དམྱལ་སོགས་འཁོར་བའང་ལེགས་ཤེས་ན།། སངས་རྒྱས་ཉིད་ལས་མ་གཡོས་ཏེ།། ཕུང་པོ་ལྔ་རུ་གནས་ཕྱིར་རོ།། ཡེ་ཤེས་ལྔ་ནི་ཡིན་པའི་ཕྱིར།། ལུས་ཀྱི་དྲི་ཆེན་ལ་སོགས་ལྔ།། བདེ་གཤེགས ་ལྔ་ཉིད་བདུད་རྩི་ལྔ།། རིག་མ་ལྔར་ནི་བཞུགས་ཕྱིར་རོ།། རྒྱལ་སྲས་བརྒྱད་དུ་གནས་ཕྱིར་རོ།། ལྷ་མོ་དྲུག་ཏུ་གནས་ཕྱིར་རོ།། འཇིགས་བྱེད་བཅུ་ནཱ་ཡིན་ཕྱིར་རོ།། དེ་ལྟར་ཐམས་ཅད་སངས ་རྒྱས་ཀྱི།། དཀྱིལ་འཁོར་འབའ་ཞིག་རང་བཞིན་ལ།། ནད་འཇོམས་སྨན་ལ་དོག་བཞིན་དུ།། འགའ་ཞིག་འདི་ལ་དོར་བྱུར་འཛིན།། གལ་ཏེ་འཁོར་བ་ཉིད་ཡིན་ཡང་།། འཁོར་བ་ཐོག་མ་དབུས་མཐའ་མེད།། སྐྱེ་དང་འགག ་པ་ཀུན་ཀྱང་སྤང་།། སྐུད་ཅིག་རྡུལ་གྱི་ཆ་སྤངས་ལ།། ཡོད་མིན་མེད་མིན་ཡོད་པ་འང་མིན།། སྒྱུ་མའི་གླང་པོ་ཇི་བཞིན་དུ།། སྐྱེ་ལ་སྐྱེ་བ་ཡོང་མིན་པས།། སྒྱུ་མའི་སྐྱེས་བུས་སྒྱུ་མ་ཡི།། བུད་མེད་འདོར་བ་དོག་དང ་མཚུངས།། དེ་ལྟར་བསྒོམས་པས་འཁོར་བ་ལ།། འདོར་འདོད་མ་སྤངས་པར་ཡང་གྲོལ།། གལ་ཏེ་རང་ཉིད་བདེ་བ་ཡི།། ཟག་མེད་དབྱིངས་ལ་སེམས་དགའི་ན།། གཉིས་མེད་སྙིང་རྗེ་ལྷན་ཅིག་སྐྱེས།། ཟུང་དུ་འཇུག ་པ་བསྒོམ་པར་བྱ།། དོན་གཉིས་འབྱོར་པའི་སངས་རྒྱས་ནི།། བདག་དོན་ཁོ་ན་མ་ཡིན་ཏེ།། འབངས་རྣམས་བདེ་ལ་མི་འགོད་པར།། རྒྱལ་སྲིད་རང་བདེའི་ཕྱིར་བཟུང་ན།། གཞན་ཕུང་མཇུག་ཏུ་བདག་ཀྱང་ཕུང་།། བདག ་ནི་ཏིལ་ཙམ་མེད་པའི་ཕྱིར།། བདག་གི་དོན་གྱིས་ཅི་ཞིག་བྱ།། བདག་མེད་ཡེ་ཤེས་ལྷན་སྐྱེས་ཀྱིས།། བདག་སྲེང་མ་ལུས་ཟབ་བཅང་ནས།། གཞན་དོན་ཁོ་ནའི་བློ་ཡིས་ནི།། མི་གནས་ལྷན་ཅིག་སྐྱེས་དགའི་མཆོག ་བརྗོད་མིན་ཅིར་ཡང་སྣང་བ་ཉིད།། རང་བཞིན་སྤྲོས་དང་བྲལ་བ་ནི།། ཤེལ་ལ་ཚོན་གྱི་ཁ་དོག་ལྟར།། སྣ་ཚོགས་སྟོང་པའི་གཟུགས་ཉིད་ནི།། བདེ་སྟོང་གསལ་ཞིང་མི་རྟོག་པ།། བརྟན་གཡོ་སངས་རྒྱས་དཀྱིལ་འཁོར་ཉིད།། ་ཡོངས་སུ་ཁྱབ་པའི་རིང་བཞིན་ནི།། སྤྲོས་མེད་བྱང་ཆུབ་སེམས་སུ་གནས།། གངྒ་དུ་བཙལ་ཡང་མི་རྙེད་དེ།། བཅོམ་ལྡན་གཱ་ཤྲཱི་ན་རྗེ་གུ་ཤེད་དམར་པཾ།། ལྷན་ཅིག་སྨྱེ་དགའི་ཟུང་འཇུག་ནི།། གདོང་ནས་གནས་པ་ཡིན་ཕྱིར་རོ།། ་དེ་ལྟར་ཤེས་པས་འཁོར་འདས་ལ།། བླར་དོར་ན་མཽཁའི་སྦྱིན་བཞིན་དུ།། རང་བཞིན་གྱིས་ནི་ཞི་བར་འགྱུར།། མཐར་ཐུག་ཡེ་ཤེས་ཀྱི་བྱང་རྣལ་འབྱོར་གཉིས་ཀྱིས་ཕར་བཟློག་པའོ།། ། ་དེ་ལྟར་བླ་མའི་དྲིན་ལས་ཐོབ་པར་གང་གྱུར་པ།། གཤིན་རྗེ་གཤེད་དཔལ་གསང་བའི་མན་ངག་གསང་བ་འདི།། དྲི་མེད་ཇི་བཞིན་གསལ་བར་བྱས་ལོ་ནོངས་པ་ཀུན།། ཆོས་དབྱིངས་ཡིན་ཕྱིར་ཡེ་ཤེས་ཆེ་རྣམས་བཟོད་མཛད ་རིགས།། གཉུག་མྱུར་གནས་པ་བདེ་ཆེན་སྙིང་རྗེས་བརྙན་གྱུར་པ།། བདུད་བཞི་འཇོམས་མཛད་དཔལ་ལྡན་དུས་དགྲ་དམར་པོ་ཉིད།། འདི་བྱོས་དགེ་བའི་མཐུ་ཡིས་སྲིད་གསུམ་འགྲོ་པོ་མ་ལུས་པས།། ཆུ་ལ་ཆུ་ལྟར་རང ་གི་ཡེ་ཤེས་ཆེན་པོ་རོ་གཅིག་རྟོགས་གྱུར་ཅིག། ཕྱིར་ཟློག་པའི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བ།། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་ཞལ་གྱི་གདམས་པ།། རྣལ་འབྱོར་གྱི་དབང་ཕྱུག་ཆེན ་བོ་དངོས་གྲུབ་མཆོག་བརྙེས་པའི་དཔལ་འཛིན་གྱི་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་བྷྱོ་ཨ་ནུ་པ་མཱ་ར་ཀྵེ་ཏ་དང་། ལ་ཙཱ་བ་དང་མ་ཡོན་ཏན་གྱིས། ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། དུས་ཕྱིས་ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་གཟུངས་སུ།། རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དར་པ་ཎ་ཨཱ་ཙརྱ་དང་།། ལོ་ཙ་བ་བློ་བོ་ཤེས་རབ་རིན་ཆེན་གྱིས་བསྒྱུར་ཅིང་ཞུས་སོ།། འདི ་དཔེ་སྐབས་སུ་རྒྱ་གར་བལ་པོ་ཐམས་ཅད་དུ་རྒྱུན་ཆད་པ་ལས་ཕྱིས་དབུ་རྒྱན་མཁའ་འགྲོ་མ་བརྒྱ་མཚོའི་གོས་ཅན་ལས། རྣལ་འབྱོར་སེན་ཏ་ཝ་ལེན་ཏས་ཞུས་ཏེ་བྱུང་ངོ་།། ། ་