| Wylie | e-texts produced with BDRC’s OCR application |
རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷ་ར་པཎ་ཨ་ཙཨཱརྱ་དང་། དགེ་སློང་ཤྭེ་རབ་རྒྱལ་མཚན་གྱིས་མང་ཡུལ་དུ་བསྒྱུར་ཅིང་ཞུས་པའོ།། རྒྱ་གར་སྐད་དུ། ཨམྲྀ ་ཏཱ་དྷིཥྛ་ན་ནཱ་མ། བོད་སྐད་དུ། བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ།། འཛུམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། གང་ཞིག་རྣལ་འབྱོར་གཉིས་བརྟེན་ནས།། གཤིན་རྗེ་གཤེད་དཔལ་གཉེར་བྱེད་ན།། དེ་ཡི་བསྟེན་བྱ་དམ་ཚིག་ནི།། བྱིན ་གྱིས་བརླབ་པའི་རིམ་པ་བཤད།། དེ་ལ་རྣལ་འབྱོར་པས་དབེན་པའིའོ་གནས་རིའི་ཕུག་གཾ་དུར་ཁྲོད་ལ་སོགས་པ་མའི་སྐྱེ་བོས་དབེན་པར་བྱས་ལ།། བཅུད་ལམ་ཉམས་པའི་དྲི་ཆེན་དང་།། གྷོན་འཛི་དང་། བ་རུ་ར་དང་། ཨ་རུ་ར་དང་། ཟླ་བ་དང་། ་མཱ་དང་། སྦྲང་རྩི་དང་། བུ་རམཱ་དང་། སོ་གའི་དུས་མ་ཡིན་པའི་དུས་སུ་འདུས་བྱས་པའི་བ་ར་ན་དང་། ལེགས་པར་སྦྱར་བའི་རིལ་བུ་ཨུ་རིན་དྷ་པའི་སྣོད་དང་། ལ་བ་དམར་པོའི་ན་བཟའ་དང་བཅས་པ་སྟ་གོན་དུ་བྱས་ལ། ཇི ་བླང་བཤང་ངའི་རིམ་པ་གཉིས་སྔོན་དུ་འགྲོ་བས་མཆོད་པ་དང་གཏེར་མ་འོང་ཕུལ་ཞིང་། སློབ་དཔོན་ལ་ཡོན་ཕུལ་ནས་འཁོར་ལ། ལྷན་ཅིག་སྐྱེས་དགའི་གཉུག་མའི་བདེ་བ་ཆེ། གཉིས་མེད་མཉམ་སྦྱོར་སྲོང་ཞི་དུས ་དགྲ་དཔལ་ལྡན་ཕྱག་འཚལ་འདིར་ནི་བརྩེར་དགོངས་ནས།། བརྟན་གཡོ་འཇིགས་མཛད་དམ་ཚིག་མཆོག་སྒྲོལ་མཛོད།། ཅེས་ལན་གསུམ་མོ།། དེ་ནས་སློབ་དཔོན་གྱིས་ཇི་ལྟར་སྣང་བའི་འཇིག་རྟེན་ཐམས ་ཅད་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཤེས་ཏྭ་རང་གི་བུ་བྱིན་གྱིས་བརླབ་པར་བྱའོ།། སྙིང་གར་དབུ་མའི་ནང་དུ་ཧཱུཾ་།། ཕྱོགས་བཞིར་བྷྲཱུཾ་ཨ་ཛྲིཾ་ཁཾ་ངོ་།། དབུས་དང་མཚམས་བཞིར་མུ་བེ་ཤུ་མ་རའོ།། ཁ་དག་ནི་རིགས་དང་མཐུན་པར་རོ།། ་དེ་བཞིན་དུ་ལྟེ་བ་དང་མགྲིན་པར་དགོད་པར་བྱའོ།། དེ་ནས་ལུས་ཀྱི་འདུག་སྟངས་དོང་རླུང་རླན་པར་བྱ་ཞིང་། སྙིང་གིའི་ཡི་གོ་ལས་སོ་སོའི་ཁ་དོག་དང་མཐུན་པའི་འོད་ཟེར་བྱུང་ནས་མ་ལུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམ ་ཅད་ཀྱི་དང་སྐུ་དང་གསུང་དང་ཐུཊ་དང་ཡོན་དང་ཕྲིན་ལས་སྐུ་ལྔའི་རྣམ་པར་བཀུག་སྷོ།། ཡི་གེ་ལྷོ་ལ་སོ་སོར་བསྡུའོ།། དེ་ལྟ་བུའི་རིམ་པ་ཁོ་ན་ཡེ་ཤེས་ལྔས་འབྱུང་བ་ལྔ་སྦྱང་ཞིང་སླར་ཡང་ཡུམ་ལྔའི་རྣམ་པས་བསྡུའོ།། དེ་བཞིན ་དུ་ལྟེ་བ་དང་མགྲིན་པ་ལས་ཀྱང་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྦྱང་བའི་ཕྱིར་རོ།། རྒྱུ་དང་ལམ་དང་འབྲས་དུས་ཀྱི་དངོས་གྲུབ་བསྡུ་བའི་ཕྱིར་རོ།། ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་། ཉོན་མོངས་པ་ནི་བདུད་ཏེ། ཡེ་ཤེས ་སུ་བྱིན་གྱིས་བརླབ་པའི་ཕྱིར་རོ།། དེ་ཡང་དུས་གསུམ་དུ་གནས་པའི་ཕྱིར་རོ།། སླར་ཡང་འོག་གི་འཁོར་ལོ་ཡི་གེ་དང་བཅས་པ་སྙིང་ཁེའི་ཧཱུཾ་ལི་བསྡུ་ཞིང་ཡི་གེ་བརྒྱད་ཀྱང་བསྡུས་ཏེ། དེའི་འོད་ཀྱིས་སངས་རྒྱས་ཐམས་ཅད ་ཡོན་ཏན་བདུད་རྩི་ལྔའི་ངོ་བོ་ཧཱུཾ་ཆ་ལྔ་པའི་རྣམ་པས་བསྟིམ་ཞིང་། ཨོཾ་དྷཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧྨ། པཉྩ་མྲྀ་ཏོདྦྷ་ཊ་ས་མ་ཡཱ་ཏིཥྛ་བཛྲ་ཛཱ་ཛཿཧཱུཾ་བཾ་ཧོཿམུངྒ་ར་ཏཱི་ཧ་ཧ་ཧ་ཧ་ཧཱུཾ། སྤྱི་བོར་མེ་ཏོག་དང་བཅས་པས་བརྟན ་པར་བྱ་སྟེ། འདོད་པ་ལ་སོགས་པ་དང་། དུས་གསུམ་གྱི་དངོས་གྲུབ་རིགས་ལྔ་དང་། དཔའ་མོ་ལྔ་དང་། ཡེ་ཤེས་ལྷ་ལ་སོགས་པའང་བརྟན་གཡོ་ཐམས་ཅད་ཀྱི་བདག་པོ་རྣམ་པར་ཤིས་པ་ཙཱུ་འདིའོ།། ཞེས་ངེས་པར ་བྱས་ལ། དག་པ་རྗེས་སུ་དྲན་པས་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་རྟག་ཏུ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་གཡོ་བ་མེད་པ་ཉིད་ལི་སེམས་གནས་པར ་བྱས་ལ་སེམས་བྷྲ་མས་རྡོ་རྗེ་དྲིལ་བུ་འཛིན་པས་ཚད་མྱེད་པའི་སེམས་ཀྱིས་བཟླས་པ་དང་གདུག་པ་ཅན་རྣམས་བཟློག་པར་བྱའོ།། ངོ་ནས་ཡང་ཇི་སྐད་གསུངས་པའི་རིལ་བུ་འམྦ། ཐོང་བ་ཆང་གིས་བཀ ་བ་སློབ་མ་ལ་སྦྱིན་ཞིང་། དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། དངོས་གྲུབ་བདུད་རྩི་ལས་བྱུང་བ།། སྔགས་མཆོག་གིས་རབ་བསྔགས་པ།། དམ་ཚིག་འདི་ནི་ཁྱོད་ལ་སྦྱིན།། ངེས་ཀྱང་བླངས་ཏེ ་འཐུངས་པས་ལུས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་གང་སྟེ། ཟག་པ་མེད་པའི་བདེ་བས་ཚིམ་སྟེ། འདོད་པའི་སྲེད་པ་མ་ལུས་པ་ཟད་ནས་བདེ་བ་དང་རབ་ཏུ་མི་རྟོག་པའི་ཡེ་ཤེས་ཟུང་དུ་འཇུག ་པ་བསྐྱེང་བར་བྱའོ།། དེ་ནས་རྒྱུན་མ་ཆད་པར་གསུམ་མམ། བདུན་ནམ་ཐུན་བཞི་ལ་སོགས་པ་ཇི་ལྟར་ནུས་པསྣ་བརྟན་པར་བྱ་སྟེ་ཕན་ཡོན་ནི་དཔལ་ལྡན་འདུས་པའི་རྒྱུད་ལས་གསུངས ་བའི་རིམ་དང་མཐར་ཐུགས་པ་ནི་དམ་ཚིག་འདིས་བཅོམ་ལྡན་འདས་གཤིན་རྗེ་གཤེང་དམར་པོ་ཉིད་མངོན་དུ་བྱེད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཉིད་ལས་ཐོས་སོ།། བདུད་རྩི་ལྔ་ཡིས་བྱིན་གྱིས་བརླབ་པོའི་རིམ་པ་རྣམ ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་བི་རུ་བས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷར་པཎ་ཨཱ་ཙརྱ་དང་། ལོ་ཙ་བ་ཞེ་སྡང་རྡོ་རྗེས་མང་ཡུལ་གྱི་གཙུག་ལ་ག་ཚན་པོར་ཞུས་ཤིང ་བཽ་སྒྱུར་བའོ།། ་