| Wylie | e-texts produced with BDRC’s OCR application |
མཛད་པ་རྫོགས་སོ།། ། བླ་མ་ཤར་ཕྱོགས་པ་ཆེན་པོ་དྷོ་ར་པརྞ་ཨཱ་ཙཨཱརྱ་དང་།། གྲྀ་བོ་ལོ་ཙ་བ་དགེ་སློང་པྲཛྙཱ་རཏྣ་ས་སྐུ་མཁར་ཉི་གཟུངསུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨགྣེ་དེ ་བ་པཱུ་ཛཱ་ནཱ་མ། བོད་སྐད་དུ། མེའི་ལྷ་མཆོད་པ་ཞེས་བྱ་བ།། མ་ལུས་གདུག་པའི་སེམས་ལྡན་པ།། བླ་མ་ལ་ནི་སྡང་བ་སོགས།། གཞོམ་ཕྱིར་དྲག་བྱིང་ཚི་ག་ནི།། གཤིན་རྗེ་འཇོམས་མཛད་མཆོད་ཕྱིར་བཤད།། འབུམ་ནི་ཡོངསུ་རྫོགས ་པ་ནས།། དགེ་བའི་མཚན་མ་མཐོང་འགྱུར་ཞིང་།། ལྷ་དང་བླ་མས་མཐོང་འགྱུར་ན།། འགྲུབ་འགྱུར་གཞན་དུ་ཉམས་པར་འགྱུར།། དུས་དང་ཐབས་དང་རྫས་དང་ནི།། ཆོ་གས་བསྒྲུབ་པར་བྱ་བ་སྟེ།། རྣམ་དག་བཞིར་ནི་ཤེས་པར་བྱ།། སྒྲུབ ་པོ་སྟེན་པ་མཐར་སོན་དུས།། དྲག་པོའོ་སྟོབས་དང་མིག་དམར་སོགས།། དྲུག་པོའི་གཟའ་སྐར་རྒྱུ་བའི་དུས།། མར་ངོའི་ཟླ་བའི་བཅུ་བཞི་སོགས།། དྲག་བྱེད་འབྱུང་པོ་རྒྱུ་བའི་དུས།། རྒྱུ་ནི་རླུང་ནི་རྒྱུ་བའི་དུས།། དགུན་སྨད་མཚན་ཕྱེང ་དབྱར་གྱི་སྨད།། སྣ་བུག་གཡོན་ནས་རླུང་རྒྱུའི་དུས།། གཡུལ་འགྱེང་ལ་སོགས་སྐྱེ་བོ་རྣམས།། རབ་ཏུ་འཁྲུག་པའི་སེམས་ལྡན་དུས།། འདི་ནི་དྲག་པོ་མེ་ཡི་ལྷ།། མཆོད་པའི་རྣམ་རིག་དུས་སུ་བཤད།། དེ་ནས་གནས་ཀྱི་མཚོན ་ཉིད་ནི།། བྱང་དུ་གནས་དང་མདོག་ནག་དང་།། རྩུབ་ཅིང་ཚེར་མ་སྐྱེ་བ་དང་།། དྲག་པོའི་ལྷ་ཚོགས་གནས་པའི་ཕྱོགས།། དེ་ནི་དྲན་བྱེད་མེའི་གནས།། ཐབ་སོགས་ཆོ་ག་བཤད་པར་བྱ།། ཐབ་ཁུང་གྲུ་གསུམ་སོར་ཉི་ཤུ།། ཟབ་སུ་སོར ་བཅུ་ལྡན་པ་སྟེ།། རྡོ་རྗེ་དང་ནི་རྩེ་གསུམ་བྲི།། ཟླ་བ་རྡོ་རྗེ་མཚན་སྣ་ཚོགས།། རྫས་ཀྱི་རིམ་པ་བཤད་བྱ་བ།། རྔོ་མོའི་རྟུག་པ་རྡོ་ཐལ་དང་།། མེ་ཏོག་ནག་པོ་ཆེར་མའི་ཤིང་།། སོར་བརྒྱད་ཁྲག་སྤགས་ཚ་བ་གསུམ།། དུག་ཁྲག་སྐྱེ་ཚ ་ལན་ཆ་དང་།། དགྲའི་དྲི་མ་ལ་སོགས་དང་།། མར་ཏིལ་འབྲེས་སོ་ནས་སྲན་གྲོ་དུར་བ་ཀུ་ཤ་ཐོད་པར་བསྲེ།། མདོག་ནག་གཟུགས་དང་རུས་སྦལ་གཟུགས།། ཞེ་སྡང་སོ་འཆང་ཁྲོ་གཉེར་ལྡན།། གདོང་ནག་མིག་ནི་དགྲད་པའོ།། དགྲ ་བོཔོ་དགུ་དང་བྲལ་ཞིང་དབྱེ།། ཧཱུཾ་ལྡན་ཀུ་ཤས་གསང་གཏོར་བྲིམ།། ཨོཾ་བཛྲ་སཏྭ་ཨ། ཀཱུ་ཤ་བཀྲམ་ལ་མེ་ནི་སྦར།། ཤན་པ་འམ་རོ་བསྲེགས་མེ་ཡིསྭཱ་སོ།། ཨཾ་ཨེཀྵེ་ཛཱ་ལ་ཛྭཱ་ལ་རཾ། མེ་དབུས་རཾ་ལས་བྱུང་བ་ཡི།། ར་ནག་ཞོན་པ་ཁྲོས ་པའི་གཟུགས།། བགྲང་ཕྲེང་རལ་པ་དབྱུག་པ་ཅན།། དྲང་སྲོང་ནག་པོས་བསྐོར་ཙིངྒེ་གནག། དེ་ནས་དགུག་ཅིང་སྤྱན་དྲངས་ཏེ། ཨཽ་ཨཱཿཧཱུཾ་ཨཽ་ཨེ་ཧྱེ་ཧི་མ་ཧཱ་བྷྱེ་ཏཱ་དེ་བ་རཾ་ཥི་དྭི་ཛཱ་ཛཱཿཧཱུཾ་བཾ་ཏོཿཽ་ཨགྣེ་ཀྲོ་དྷཱ་དྭེ་ཛ་ཕཊ། ཨཽ ་བཛྲ་ཎཱ~ཾ་ཏི་ཁཾ་ཕཊ། ཨོཾ་བཛྲ་ཨརྒྷ་ཕཊ། ཨོཾ་བཛྲ་པུཥྤེ་ཕཊ། ཨོཾ་བཛྲ་དྷུ་པེ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་ཕཊ། ཨོཾ་བཛྲ་ནཻ་བི་དྱ་ཕཊ། ཨོཾ་བཛྲི་ཤཾ་པྟ་ཕཊ། མཆོད་པའོ།། ཛི་ཨ། ཀུ་རུ་ཀུ་རུ། པུཥྤ་དྷ་པ། དཱི་པ། གིནྡྷ། ནཻ་བི་དྱ། ཤཔྟ། ཨ~ཾ ་དང་སྭཱཿས་ཐོག་མཐར་བརྒྱན།། སྦྱང་བའོ།། ཆུ་གཉིས་ཡ་ར་དེ་བཞིན་དུ། མེ་ལྷའི་ཁ་ལ་རབ་བཀྲོད་ལ།། པུས་མོའི་བརྱ་བཅུག་ལག་པ་ཡིས།། གསུམ་མཱམ་བདུན་དུ་གཡས་ནས་དབུལ། ཨག་ནེ། ་སརྦ་པ་པཾ་ད་ཧཱ་ན། བཛྙཱ་ཡ། བཱཛྲེ་པུཾ་ཤ་ཡ། སརྦ་པཱ་བཽ་བྷཱ་ཝ་ཏི། ཨ་པྲ་ཏི་དྱ་ཏ་ཡ། ཧཱ་བི་ཀ་ཡ། མ་ཧཱ་བཾ་ལ། བཛྲ་གྷཱསྨཱ་རི། བོ་དྷི་བྷོཀྵཱ་ཡཱ། ཨཽ་དང་སྭཱཏྟས་ཐོག་མཐར་བརྒྱ་ནི། ཨོཾ་ཨགྣི་དཱི་བ་རོ་ཥི་མཧཱ་ཏེ་ཛ་གནོད་བྱེད་མཱ་ར ་ཡ་ཕཊ། དེ་ནས་སྙིང་གར་ལྷའི་གཟུགས་ཇི་བཞིན་བསྐྱེད་ལ་དེ་བཞིན་མཆོད།། ཨོཾ་ཡ་མནྟ་ཀཱ་མུ་ཀ་ཏ་མུ་ཀ་ཏ་མཱ་ར་ཡ་ཕཊ། ཨོཾ་ཧྲཱིཿཥྚིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་བེཏྟི་ལི། ཨ་སུ་ཀཱ་མཱ་ར་ཡ་ཕཊ། ཛི་ནི་ཛིཀ ་རཏྣ་དྷྲི་ཀ། ཨཱ་རོ་ལི་ཀ། པྲཛྙཱ་དྷིག། མོ་ཧ་ར་ཏི། དྭེ་ཥ་རོ་ཏཱཾ། རཱ་ག་ར་ཏཱི། བཛྲ་རཱ་ཏཱཾ། མུངྒ་ར་དྷྲྀ་ཀ། དེརྞྞ་དྷྲྀ་ཀཱ། པདྨ་དྷྲྀ་ཀ། ཁནྨ་དྷྲྀ་ཀ། ཨ་མུ་ཀ་མ་ར་ཡ་ཕཊ། ཙས་པ་ནཽ་ཁྱད་པར་རོ།། དེ་ནས་མཆོད་ཅིང་བསྐྱོང་དེ་བྱིསྫ།། སླར་ཡང་ལྷག ་མས་དྲང་སྲོང་མཆོད།། ཚངས་མགོན་མཆོག་གི་སྲས་པོ་གཟི་དང་ལྡན།། མེ་ཡི་ལས་སྟེར་འཇོག་རྟེན་མེ་ཡི་ལྷ།། འབར་བའི་ནང་ན་སྐུ་བརྗིད་རྒྱན་གྱིས་ཀླུབས།། ཕྱག་འཚལ་འདོད་དོན་བྱིན་ལ་ཁྱེར་བརྩོན་མཛོད།། བཟོད་པར་གསོལ ་ནས་གཤེགས་པར་བྱ།། དངོས་གྲུབ་ཞུ་ཞིང་ལྷག་ཆད་བསྐང་།། གསང་དང་རེངས་པ་ལ་སོགས་པ།། ཇི་ལྟར་ཡི་སྦྱོར་བས་འགྲུབ།། དེ་ལྟར་གཤིན་རྗེ་གཤེད་དཔལ་མཆོད་པ་ཡིས།། སྲིད་གསུམ་ཉོན་མོངས་བུད་ཤིང་ཀུན ་སྲེགས་ནས།། འགྲོ་བའི་མུན་སེལ་ཡེ་ཤེས་ལྔ་འོད་འབྱུར།། རྡོ་རྗེ་མྱེ་ཡི་གོ་འཕངས་ལ་གནས་ཤོགྶ། དངལ་གཤིན་རྗེ་གཤེང་དམར་པོའི་བྱེད་མེ་ཆོ་ག་ཞེས་བྱ་བ་དངོས་གྲུབ་བརྙེས་པ་དཔལ་འཛིན་གྱི་ཞལ་སྔ་ནས་མཛད ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷ་ར་པཎ་ཨ་ཙཨཱརྱ་དང་། དགེ་སློང་ཤྭེ་རབ་རྒྱལ་མཚན་གྱིས་མང་ཡུལ་དུ་བསྒྱུར་ཅིང་ཞུས་པའོ།། རྒྱ་གར་སྐད་དུ། ཨམྲྀ ་