| Wylie | e-texts produced with BDRC’s OCR application |
ལ་འདི་ཚན་ཆེ་ཙམཱ་གངའོ།། གསུངས་སོ།། ། རྒྱུ་གར་སྐད་དུ། པྲ་བྷཱ་ཝ་དྷཱ་ར་སཱ་དྷཱ་ནཾ། བོད་སྐད་དུ། འོད་འཛིན་སྒྲུབ་པའི་ཐབས། བདུད་རྩིའི་མངའ་བདག་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག ་འཚལ་ལོ།། གང་ཞིག་གང་ཞིག་ཁ་ཟས་ཉུང་བ་ཡིས།། འཚོ་བའི་ཡོ་བྱད་ཀྱིས་ཕོངས་ན།། སེམས་ཉིད་བཟ་བར་བྱ་བའི་ཕྱིར།། ཏིང་འཛིན་གྱི་བཅུད་ལེན་བཤད།། གསུམ་ལ་སྐྱབས་སོང་བྱང་ཆུབ་སེམས།། གནས་བཞི་ལ་སོགས་སྔོནས ་བས་སྐད་ཅིག་ཉིད་ལསྣ་ཡུལ་རྣམས་དང་།། ཡུལ་ཅན་སྟོང་པའི་དང་ཉིད་ལས།། པུཾ་ལས་འཚོ་སྐྱེས་དབུས་སོན་པའི།། ཉི་མའི་དབུས་སུ་ལྷ་མོ་ནི།། ཆུ་ཤེལ་ལྟ་ཕུ་གྲི་གུག་དང་།། བདུད་རྩི་བུམ་པ་གཡས་དང་ག ་དར་དཀར་གོས་དང་རིན་ཆེན་རྒྱན།། ལང་ཚོ་རྒྱས་ཤིང་ཤ་རྒྱས་མ།། ལི་པའི་སྒྲ་དང་བུང་བའི་དྲི།། མཛེས་ལྡན་མཱ་ཡོ་བྲང་དབུས།། རང་དང་འདྲ་བའི་ལྷ་མོ་ནི།། དངས་པའི་ཤེལ་དྲུང་མུ་ཏཱཾ་ག་ལྟར།། དཀར་ཞིང་འཚར་བའི་འོད་ཅན་བ ་དེ་ནས་རང་སྙིང་ཤིང་འབྲས་ལྟར།། རྩེ་མོ་གྱེན་ལྟ་རྩ་ལྔ་དང་།། བཅས་པ་ཕྱེད་ནས་མཚོན་གྱིས་གཙང་།། སྟེང་གི་ཕྱོགས་ནི་སངས་རྒྱས་ལྔའི།། རྩཝ་དང་བཅས་ཏེ་ལྟོས་མེད་དབུལ།། ཉོན་མོངས་ལྔའི་རྩཝ་སྦུབས་ནས།། དྲི་མ་མ་ལུས་བཤད ་ལམ་ནས།། འཐོན་ཏེ་རྒྱུ་མཚོའི་ངོགས་སུ་བསྒྱུར།། རྩ་སྟོང་བུམ་པའི་བདུད་རྩིས་བཀང་།། ལུས་དང་རྩ་དང་ཁམས་བདུད་རྩི།། ཡེ་ཤོས་རྒྱལ་པོའི་རླུང་རྒྱུས་ཏེ།། ཁྲུ་མ་མར་གྱིས་གང་བ་ལྟར།། རང་གི་ལུས་དང་དྲི་བཞིན་སེམས།། ཟག་མེད ་བྱེ་བས་རབ་རྒྱས་ཏེ།། དམིགས་ཤིང་སྤྲོས་པ་བཅས་པ་ཡི།། ཏིང་འཛིན་ལ་གཏད་དེ་གཞག། དེ་ལྟར་ཡང་ཡང་གོས་པ་ཡིས།། ཏིང་འཛིན་ཟས་སུ་མི་འགྱུར་པའི།། སྲིན་བུ་ཀུན་ཡང་འཛག་འགྱུར་བས།། དདོན་བྱ་ཕྱིར་གསང་སྔགས་དང་། ་སྨོན་ལམ་ཆེ་ལ་འབད་པར་བྱ།། དེ་ལྟར་རྟེན་ན་ཟག་མེད་ཀྱི།། ཏིང་འཛིན་མཆོག་ནི་སྐྱེ་བ་དང་།། གཉིད་རྨུགས་ལ་སོགས་བྱེད་པའི་ཟས།། ཏིལ་ཙམ་དགོས་པར་མི་འགྱུར་བའི།། སྒྲ་དཀར་གཉེར་མི་སྤོང་བ་དང་།། ལུས་རྒྱས་དངོས་ཤིང་ན ་རྒྱུརྒྱས་ཐིག་ལེ་རྒྱས་ཤིང་འཇིག་མི་འགྱུར།། དུས་མིན་མཆི་བྱས་མི་གོས་ཏེ།། ཕྱི་ནང་འཁའ་འགྲོ་བྲན་དུ་འགྱུར།། འདྲེ་སོགས་གནོད་པར་མི་འགྱུར་ཞིང་།། འགྲོ་ཀུན་དགའ་ཞིང་དབང་དུ་འགྱུར།། ཅི་འདོད་དམ་པའི་མཆོག་ལྟ་སྟེར་ཏེ།། འདོད ་སྲེད་མ་ལུས་རབ་བཅང་ནས།། དུས་ཀྱི་དགྲར་ནི་མྱུར་འགྲོའོ།། དེ་ལྟར་བློ་མས་གནང་བ་ཡི།། མཱན་ངག་གསལ་ལ་ནོངས་མཆིས་རྣམས།། བཟོད་པར་གནང་ཞིང་དེ་ཡི་ནི།། དགེ་བས་གཤིན་རྗེ་གསོད་གྱུར་ཅིག། འོད་འཆང་མའི་སྒྲུབ ་ཐབས་ཏིང་འཛིན་གྱི་བཅུད་ལེན་གྱི་མན་ངག་ཏིང་འཛིན་ལ་མངའ་བརྙས་པ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། ལོ་པཱན་སྔ་མ་དང་འདྲ། འདིའི་མན་ངག་ཅིག་སྔར་ཡང་སྙན་བརྒྱུད་དུ་བྱུང་འདུག ་སྟེདགཞུང་སྔར་མ་འགྱུར་གསུང་།། ། རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་རླབས་དང་བཅས་པ་དཔལ་རྡོ་རྗེ་འཛིན་རྒྱལ་ཁྲོས་པ་ཆེན་པོ་ཞེ་སྡང་གཤིན་རྗེ་ལ་ཕྱག་འཚལ་ལོ།། རྣལ་འབྱོར ་