| Wylie | e-texts produced with BDRC’s OCR application |
རྒྱ་གར་ཤར་ཕྱོགས་པ་གསུང་། སྐུ་གསུང་ཐུགས་ཀྱི་རྒྱ།། རྒྱ་གར་སྐད་དུ། དེ་ཝི་དྷ་ར་པྲ་བྷཱ་དྷིཥྛ་ན།། བོད་སྐད་དུ། ལྷ་མོ་འོང་འཛིན་མའི་བྱིན་གྱིས་བརླབ་པ། བཅོམ་ལྡན ་འདས་གཏི་མུག་དགའ་མ་ལ་ཕྱག་འཚལ་ལོ།། མ་ལུས་སྲིད་པའི་གཏི་མུག་རྣམས།། མཐར་བྱེད་མ་ལ་རབ་བཏུད་ནས།། སྤྲོས་མེད་བདུད་རྩི་ཟ་བ་ཡི།། ཏིང་འཛིན་གྱིས་བྱིན་རླབས་བཤད།། མཎྜལ་ལ ་སོགས་སྟ་གོན་བྱ།། བདག་བསྐྱེད་བཟླས་པ་མཆོད་གཏོར་དང་།། འཁོར་ལོ་ཚོགས་ཀྱིས་མཉེས་བྱས་ལ།། ཡོན་བཅོས་དང་པའི་སློབ་མ་ལ།། སྡོམ་པ་བྱིན་ལ་དམ་ལ་བཞག། དེ་ནས་འདུན་པོ་དྲག་པོ་ཡིས།། བླ་མ་ལ་ནི་གསོས ་བ་གདབཱ།། པདྨའི་དབུས་གནས་ཟླ་བ་ལ།། ཨོཾ་སྐྱེས་ལྷ་མོ་མཉམ་བཞེངས་དཀར།། ཆུ་ཤེལ་གྲི་གུག་པདྨའི་སྣོད།། ཐུགས་ཀར་འཛིན་པ་རྒྱན་གྱིས་བརྒྱན།། འོད་དཀཱར་འཕྲོ་འདུ་ཤེལ་ལྟ་བུ།། དེ་ལྟར་གཉིས་ཀྭ་གསལ་བྱས་ནས ་བླ་མའི་སྙིང་གིར་ཛི་བཞིན་གྱི།། ལྷ་མོ་འཐོནྡ་ཏེ་སྙིང་གར་གཞུག། དྭེ་ཡི་བྲང་དཀྱིལ་ཨཱི་སྐྱེས་པ།། གྲི་གུག་ཨ་སི་མཚན་ཐོད་ནང་དུ།། ཕྱེད་ནུབ་ཙམ་དུ་བསམ་པར་བྱ།། དེ་ཡི་འོད་ཀྱིས་ཁམས་གསུམ་གྱི།། གཉིས་འཛིན་འཁྲི་བ་ཀུན ་བཅད་དོ།། བདག་མེད་ཤེས་རབ་དམ་པ་ཡིས།། སངས་རྒྱས་མཆོད་དེ་དེ་རྣམས་ཀྱིསོ།། སྟོང་ཉིད་ཡེ་ཤེས་བཀུག་ལ་བསྟིམ།། ཐོད་པོའི་འོད་ཀྱིས་སྲིད་གསུམ་གྱིས།། འཛིན་པའི་དུཿཁ་ཀུན་གསལ་ཏེ།། ཟག་མེད་བདེ་བས ་བདག་གས་མཆོད།། མི་རྟོག་བདེ་ཆེན་ཡེ་ཤེས་མཆོག། བཀུག་ལ་གཉིས་སུ་མེད་པར་བྱ།། སངས་རྒྱས་རྣམས་ཀྱི་བདེ་སྟོང་གི། ཡེ་ཤེས་ཟུང་འཇུག་རྨད་བྱུང་གིས།། བདུད་རྩིས་ལུས་གང་བརྟན་གཡོ་ཡི།། བཅུད ་ད་བོར་བསམས་བྱས་ལ། བྷྲ་མའི་ཏིང་འཛིན་ནུས་པས་དབབ།། ཨོཾ་ཧྲཱིཿཥྚཱིཿབཱི་ཀྲྀ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཏྨ། ཨ་མོ་ཏ་ར་ཏི་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུཾ་ཧཱུཾ་ཛཱ་ཛཱ་ཛཱ་ཡ་ཨ་ཨཱུ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལླཱི། ཨེ་ཨཱཾ། ཨོ་ཨོ། ཨ ་འཕྱར་དང་གཡ་དྲང་ནང་པ་དང་། བདེ་སྤྱོད་དྷམྦྷས་ནཱཾ་སྐྱེ་བར་འགྱུར།། དྷཱི་སྲིད་ཟན་དུ་ཁཾས་པྲསྨཱ་ནཱས།། ཡོན་ཕུལ་མཉེས་པས་དམ་ཚིག་བཙུན།། བྲུ~ཾ་མེ་བསྟེན་བྱས་བཙུན་པར་བྱེ།། བླ་མ་བྲི་བ་མི་བདེ་བའི།། སློབ་མའི་དངོས་གྲུབ ་འདོད་པ་ནི།། ཆུར་ཤེས་སྨྱིག་རྒྱུ་ཇི་བཞིན་ནོ།། ཏིང་འཛིན་གྱི་བཅུད་ལེན་གྱི་བྱིན་བརླབས་གྲུབ་ཐོབ་ཀྱི་བདག་པོ་མཁས་པ་ཆེན་པོ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན ་བོ་དེ་བ་ཨཱ་ཀ་ར་དང་། ལྷོ་ཙཾ་བ་རིན་ཆེན་བཟང་པོས་བསྒྱུར་བ་ལས།། དུས་ཕྱིས་རྒྱ་གར་ཤར་ཕྱོགས་པ་ཎི་ཏ་དྷ་ར་པཎ་ཨཱ་ཙརྱ་དང་ལོ་ཙ་བ་དགེ་སློང་རྡོ་རྗེ་འཛིན་པ་ཞེ་སྡང་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་སླར་དག་པར་བྱས་སོ།། སྔ་འགྱུར ་ལ་འདི་ཚན་ཆེ་ཙམཱ་གངའོ།། གསུངས་སོ།། ། རྒྱུ་གར་སྐད་དུ། པྲ་བྷཱ་ཝ་དྷཱ་ར་སཱ་དྷཱ་ནཾ། བོད་སྐད་དུ། འོད་འཛིན་སྒྲུབ་པའི་ཐབས། བདུད་རྩིའི་མངའ་བདག་བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག ་