| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། ཨུ་པ་དེ་ཤ་སཱ་དྷིཥྛ་ན་ཀྲ་མ་རཀྟ་ཡ་མཱནྟ་ཀཱ་བྷི་ས་མ་ཡ།། བོད་སྐད་དུ། རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་དང་བཅས་པ་གཤིན་རྗེ་མཐར་བྱེད་དམར་པོའི་མངོན་པར་རྟོགས་པ། བཅོམ་ལྡན་འདས་གཤིན ་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ།། གང་གིས་དངོས་གྲུབ་དུག་ཞི་དབང་དུ་བྱེད།། རྒྱས་པ་དང་ནི་མངོན་སྤྱོང་གནོད་སྦྱིན་སོགས།། ཞི་བྱེད་གང་ཡང་དག་འབྱེད་བློ་ཡོད་པ།། དཔའ་བོ་གཤིན་རྗེ་གཤེད་དེའི་བློ་ལྡན་གྱུར།། ཞལ་གཅིག་ཕྱག་ཉིས ་མ་ཧེའི་གདན་ལ་གཞུགས།། སྐུ་ལུས་ཉི་མདོག་དགེ་བས་ཡོངསུ་ཚིམ།། གཉུག་མོའི་གྲོགས་ཀྱིས་ངོ་རྒལ་དབང་གིས་ནི།། དེའི་སྒྲུབ་ཐབས་བརྩམས་བྱ་གྲོགས་ངག་ཉོན།། དེ་ལ་དབང་གིས་སེམས་ནི་རྣམ་པར་དགེ། རྣལ་འབྱོར་བདག་ཉིད་དག ་བྱ་དང་པོར་ནི།། སེམས་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ།། བརྟུལ་ཞུགས་ལ་གནས་འཇམ་པའི་སྟན་ལ་འདུག། དེ་ནས་མགོ་བོར་པདྨ་དཀར་པོ་དང་ཟླ་བ་ལ་གནས་པའི་ཨོཾ་ཡིག་དང་། མགྲིན་པར་པདྨ་དམར་པོ་དང་ཉི་མ་ལ་གནས་པའི ་ཨཱཿཡིག་དང་། སྙིང་གར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་བསྒོམ་སྟེ་ཨོཾ་ཨཱཿཧཱུཾ་རིམ་པ་བཞིན་བརྗོད་ཅིང་ལག་པ་གཡོན་པས་དགོད་དེ་ལན་གསུམ་མགོ་བོ་ནས་བརྩམ་ནས་བདག་ཉིད་བསྲུང་བར་བྱའོ།། གདན་ཡང ་རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ་ལག་པ་གཡོན་པས་རེག་ལ། ཨོཾ་ཨཱཿཧཱུཾ་བཛྲ་ས་ན་ཧཱུཾ་ཞེས་པས་གདན་སྲུང་བར་བྱའོ།། དེ་ནས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་རྣམས་ལ་ཡིད་ཀྱིས་བལྟས་ནས་བྱམས་པའི་སེམས་བསྒོམ་པར་བྱ་སྟེ། ་ཇི་ལྟར་བདག་གི་བུ་ལ་སོགས་པ་དང་རང་གི་ལུས་ལ་བྱམས་པ་དེ་ལྟར་བདག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱའོ།། ཞེས་བྱའོ།། ཇི་ལྟར་སེམས་ཅན་དེ་རྣམས། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མྱ ་ངན་དང་། སྨྲེ་སྔགས་འདོན་པ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམ་པར་བསམས་ལ་སྙིང་རྗེའི་སེམས་བསྒོམ་པར་བྱ་སྟེ། ཇི་ལྟར་བདག་གི་བུ་ལ་སོགས་པ་དང་། རང་གི་ལུས་ཀྱི་སྡུག་བསྔལ་སེལ་བ ་ལྟར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་བྱའོ་ཞེས་པའོ།། ཇི་ལྟར་སེམས་ཅན་དེ་རྣམས་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པའི་བདེ་བ་དང་དབང་ཕྱུག་རྣམས་རིག་པར་བྱས་ནས་དགའ་བའི་སེམས་བསྒོམ ་བྱ་སྟེ། འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་བདེ་བ་འདི་ཉིད་ཀྱིས་གནས་པར་འགྱུར་ན་ལེགས་སོ་ལེགསོ་ཞེས་བྱའོ།། དེ་བཞིན་དུ་སེམས་ཅན་དེ་རྣམས་རྣལ་འབྱོར་པ་ལ་རྙེད་པ་དང་། མ་རྙེད་པ་དང་། སྟོང་པ་དང་སྨད་པ ་དང་རྡོ་གྲགས་པ་དང་། མ་གྲགས་པ་དང་། བདེ་བ་དང་སྡུག་བསྔལ་སྟོང་པར་རིག་པར་བྱས་ལ་བཏང་སྙོམས་ཀྱི་སེམས་བསྒོམ་པར་བྱ་སྟེ། སེམས་ཅན་དེ་རྣམས་བཟང་པོ་བྱེད་ཀྱང་རུང་ངན་པ་བྱེད་ཀྱང་རུང་སྟེ། དེ་ལྟར་ན་ཡང་བདག ་གིས་སེམས་ཆགས་པ་དང་སྡང་བ་རྣམས་པ་ཀུན་དུ་བཏང་སྙོམས་བྱའོ་ཞེས་པའོ།། འདིས་ནི་ཚངས་པོའི་གནས་བཞི་བསྒོམ་པ་བསྟན་པའོ།། དེ་ནས་རང་གིས་ལུས་ལ་བསམ་པར་བྱ་སྟེ། རེ་ཞིག་བདག་གི་ལུས་འདི་ནི་སྡུག ་བསྔལ་བརྒྱ་སྟོང་དུ་མའི་སྣོད་དུ་བྱས་པ་སེམས་ཀྱང་རང་བཞིན་གྱིས་མི་བརྟན་པ་དེའི་ཕྱིར་ཇི་སྲིད་བདག་འཆི་བདག་གི་དབང་དུ་མ་གྱུར་པ་དེ་སྲིད་དུ་བདག་གིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བདག་ཉིད་བསྒྲུབས་ལ་སེམས་ཅན་ཐམས། ་ཅད་སྡུག་བསྔལ་གྱི་མཐར་ཕྱིན་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཤིན་དུ་བརྩོན་འགྲུས་དང་ལྡན་པས་ན་རེ་ཞིག་སྐྱེ་བ་འདི་ཉིད་ལ་ད་ལྟར་བྱུང་བའི་སངས་རྒྱས་ཉིད་དུ་ནུས་པ་ཡིན་ནོ།། ཞེས་གསུངས་སོ།། དེ་བས་ན་བདག་གིས་བརྩོན ་འགྲུས་བརྟན་པར་བརྩམ་སྟེ། དེ་ལྟར་ཡང་། འདི་ལྟར་བརྩོན་ལ་བྱང་ཆུབ་གནས་ཞེས་གསུངས་སོ།། བརྩོན་འགྲུས་ཀྱང་དགེ་བ་ལ་སྤྲོ་བ་ཉིད་དེ། དེ་ལྟར་ཡང་བརྩོན་གང་དག་ལ་སྤྲོ་བའོ།། ཞེས་གསུངས་སོ།། དེས་ན་བརྩོན་འགྲུས་བྱས་ཏེ། ་དཔའ་བོ་གཤིན་རྗེ་གཤེད་བསྒྲུབ་པར་བྱའོ།། རང་གི་དོན་སྒྲུབ་པ་པོ་ཐམས་ཅད་ཀྱང་བཀྲ་ཤིས་སྔོན་དུ་འགྲོ་བ་ཁོ་ནས་སྒྲུབ་པར་བྱེད་དོ།། དེ་བས་ན་དང་དོའི་རེ་ཞིག་བཀྲ་ཤིས་པར་བྱའོ།། གང་ཡང་སངས་རྒྱས་ཉིད་ཀྱི་རྒྱུ་ནི་བསོད་ནམས་ཀྱི ་ཚོགས་རྫོགས་པའོ།། ཞེས་བསྒོམས་ལ་རང་གི་སྙིང་གར་སེམས་རྩེ་གཅིག་པར་བྱས་ནས་སྐད་ཅིག་གིས་སྣ་ཚོགས་པདྨོ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་དམར་པོ་འོད་ཟེར་དང་བཅས་པ་བསྒོམས་ཏེ། དེའི་འོད་ཟེར་གྱིས་སྤྱན་དྲངས ་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡི་དམ་གྱི་ལྷ་ལ་སོགས་པ་མདུན་དུ་བལྟས་ལ། ཡིད་ལ་བྱུང་བའི་པུ་ཛས་མཆོད་པར་བྱ་སྟེ། དེ་ལ་མེ་ཏོག་དང་། བདུག་སྤོས་དང་མར་མེ་དང་། དྲི་མཆོག་དང་། ཕྲེང་བད ་བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་ངན་ལ་སོགས་པས་མཆོད་པར་བྱའོ།། མཆོད་པ་བླ་ན་མེད་པ་བདུན་ཡང་འདིས་བྱ་སྟེ། སྡིག་པ་ཐམས་ཅད་བདག་གིས ་བཤགས། དགེ་ལ་དགའ་བས་རྗེས་ཡོ་རང་། བཅོམ་ལྡན་ཐུབ་པ་དམ་ཆོས་སྐུ། ཇི་སྲིད་འཁོར་བར་བཞུགས་སུ་གསོལ།། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། ལམ་འདི་ཡང་དག་བསྟེན་པར ་བྱ་དགེ་བ་ཆོ་གས་བྱང་ཆུབ་སྷོ།། དེ་ནས་ཕྱག་བྱས་ལ་བཟོད་པར་གསོལ་ཏེ་གཞག་པར་བྱའོ།། དེ་ལ་འདི་ལྟར་བསྒོམ་པར་བྱ་སྟེ་ཏིང་འཛིན་དུ་གཏོགས་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཇི་སྲིད་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་དེ་སྲིད་དུ་སངས ་སུ་མི་འགྱུར་རོ།། དེའི་ཕྱིར་རི་ཞིག་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱའོ།། གཞན་ཡང་མིའི་ལུས་ཡོང་སུ་གྱུར་པ་ཁོ་ན་ལས་སངས་རྒྱས་ཉིད་དེ། དེས་ན་མིའི་ལུས་ཀྱང་བསྒྱུར་བར་བྱའོ།། ཞེས་རྣམ་པར་བསམས་ལ་སྟོང་པ་ཉིད་བསྒོམ་སྟེ། ་དངོས་པོ་མེད་པ་བསྒོམ་པ་མེད།། སྒོམ་པ་བསྒོམ་པ་མ་ཡིན་ཉིད།། དེ་ལྟར་དངོས་པོ་དངོས་མེད་པས།། བསྒོམ་པ་དམིགསུ་མེད་པའོ།། ཞེས་པ་འདིའི་དོན་ཡིད་ཀྱིས་བསམི་སྟེ། རང་གི་སྙིང་གི་ནང་དུ་སོན་པའི་སྔགས་ལ་སེམས་གཏད་དེ།། ་དེའི་འོད་ཟེར་གྱིས་ག་བུར་བསྲེགས་པ་བཞིན་དུ་རང་གི་ལུས་བཞུ་བར་བསམས་ལ། དེ་ནས་པདྨ་བཞུ་བར་བསམ་མོ།། དེ་ནས་ཉི་མའོ།། དེ་ནས་ཨཱུ་ཡིག་གོ།། དེ་ནས་ཧ་ཡིག་གོ། དེ་ནས་ཟླ་ཚོས་སོ།། དེ་ནས་ཐིག་ལེའོ།། དེ་ནས་ནཱ་དའོ།། དེ་ནས ་ཇི་ལྟར་བུད་ཤིང་ཟད་པས་མེ་ན་མཁར་ཐིམ་པ་དེ་ལྟར་འོད་ཀྱི་ཕུང་པོ་ཡང་ཞུ་བར་བསམ་སྟེ་ཅུང་ཟད་ཀྱང་བསྒོམ་པར་མི་བྱའོ།། ཤིང་ལྟར་བརྟན་པར་བྱས་ལ་ཡུད་ཙམ་གནས་ཏེ་སྔགས་བརྗོད་དོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ ་ནས་སྐད་ཅིག་གིས་བདག་ཉིད་ཤ་དང་རུས་པ་དང་ཁྲག་ལ་སོགས་པ་མེད་པ་ཤིན་དུ་དང་ཞིང་གཞོམ་དུ་མེད་པ་ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཛིན་པ་གཅིར་བུ་རྟགས་གྱེན་དུ་བརྟན་པ་རལ་པ་འཕྱང་བ་དཀར་པོ་པདྨ་དང་ཟླ་བ ་བ་ལ་གནས་པ་ཞི་བའི་གཟུགས་ཅན་སེམས་དཔའི་སྐྱིལ་ཀྲུང་ཅན་རླུང་སེམས་ཟུང་དུ་འཇུག་པ་བསྒོམ་མོ།། དེ་ནས་འདི་ལྟར་བསམ་སྟེ་ཡེ་ཤེས་ཀྱི་ཚོགས་ཀྱང་རྫོགས་ལ་མིའི་ལུས་ཀྱང་ཡོངསུ་གྱུར་པས་དེའི་ཕྱིར་ནོད་ནི་བདག་ཉིད་གཤིན་རྗེ ་གཤེད་ཀྱི་གཟུགས་སུ་བསྒྲུབས་ལ་རང་གཞན་གྱི་དོན་དུ་དངོས་གྲུབ་བསྐྱེད་པར་བྱའོ།། དེ་ཡང་རྒྱུ་ཁྱད་པར་དུ་འཕགས་པའི་རྗེསུ་འབྲས་བུ་ཁྱད་པར་དུ་འཕགས་པ་འགྲོ་བ་དེའི་ཕྱིར་ཁྱད་པར་དུ་འཕགས་པའི་རྒྱུ་ཉེ་བར་བརྟག། གོ་ཞེས་བསམ ་ལ་ཨོཾ་དམར་པོ་ཡོངསུ་གྱུར་པའི་ཉི་མ་ལ་གནས་པའི་ཧཱུ~ཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་བསྒོམས་ཏེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་རྡོ་རྗེ་གུར་དང་། རྡོ་རྗེའི་མདའ་དྲུ་བ་ལ་སོགས་པ་བསྒོམ་མོ།། དེའི་དབུས ་སུ་པཾ་གྱི་རྣམ་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་སཾ་ཡིག་ཡོངསུ་གྱུར་པ་ལས་གྲུ་གསུམ་གྱི་དཀྱིལ་འཁོར་དཀར་པོའོ།། དེའི་དབུསུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་བསམ་མོ།། དེ་ནས་སྣ ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་ཡི་གེ་ཡཾ་སྔོན་པོ་ཡོངསུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་རྩེ་མོ་གཉིས་སུ་བ་དན་གྱིས་མཚན་པའོ།། དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ཡོངསུ་གྱུར་པ་ལས ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པའོ།། དེའི་སྟེང་དུ་ཡི་གེ་པཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པས་མཚན་པའོ།། དེའི་སྟེང་དུ་ཡི་གེ་ལཾ་སེར་པོ་ཡོངསུ་གྱུར་པ་ལས ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ།། དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ལྷུན་པོ་གྲུ་བཞི་པ་བཻ་ཌཱུརྱ་དང་ཤེལ་དང་གསེར་གྱི་རང་བཞིན་ལྕོག་བརྒྱད་ཀྱིས་མཛེས་པའོ།། དེའི་སྟེང་དུ་ཡི་གེ ་བྷྲཱུཾ་སེར་པོ་བསྒོམ་སྟེ་དེ་མཐའ་དག་ཡོངསུ་གྱུར་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་སྟེ། གླུ་བཞི་པ་ལ་སྒོ་བཞི་པོ།། རྟ་བབས་བཞི་ཡོས་རྣམ་པར་བརྒྱན།། རིན་ཆེན་དྲ་བ་དྲ་བྱེད་དང་།། འདོད་ཡོན་ལྔ་ཡིས་ཉེ་བར་མཛེས། ་དེའི་དབུས་སུ་པཾ་ཡིག་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཨོཾ་ལས་སྐྱེས་པའི་ཉི་མོའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཨཱཿལས་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཉི་མ་དང་ལྷན་ཅིག་བསྒོམ་པར་བྱའོ།། དེའི ་སྟེང་དུ་ཡི་གེ་ཧཱུཾ་དམར་པོ་ལས་དབྱུག་པ་དཀར་པོ་ཉི་མ་ལ་གནས་པའི་ཧཱུཾ་གིས་མཚན་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ།། དེ་ལས་བདག་ཉིད་སྐད་ཅིག་གིས་སྐར་མངའ་འཕོ་བ་ལྟར་ཞུགས་ནས་གཅིག་ཏུ་འདྲེས་པ་ཤན་དུ་རྣམ་པར ་དག་པ་ཆོས་ཀྱིས་དབྱིངས་ཀྱིས་ཡེ་ཤེས་རྣམ་པར་བསམ་མོ།། རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་འདི་ནི་རྣལ་འབྱོར་རོ།། དེ་ནས་དབྱུག་པ་དངུལ་ཆུ་དམར་པོའི་རྣམ་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁུ་བའི་གཟུགས་སུ་བསྒོམས་ལ། ་ཁུ་བ་དེ་ལས་སྐད་ཅིག་གིས་རྡོ་རྗེ་ཙ་ར་ཙི་ཀཱ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མོ་དང་། རྡོ་རྗེ་དཀར་མྱོ་སྟེ་ལྷ་མོ་དེ་དག་མཐོན་ནས་ཤར་དང་ལྷོ་དང་། ནུབ་དང་། བྱང་ཕྱོགསུ་གནས་ཏེ་ཁུ་བ་ཛཾ་དབྱངས་དང་བཅས་པས་བསྐུལ ་བར་བསམས་ཏེ། ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཉིད་བཞེངས་ཤིག། ས་གསུམ་མཐའ་དག་རྨོངས་པ་སོལ་མཛོད་ཅིག། ཙ་ར་ཙི་ཀཱ་ཡིས་སོ།། ཇོ་བོ་བདུད་བཞི་པོ་འདི་ལས་རྒྱལ་བ།། སེམས་ནི་གཡེངས་སོ་རྗེ་བཙུན་ཉིད་བཞེངས་ཤིག། ་ཕག་མོ་ཡིས་སོ།། འཇིག་རྟེན་མགྲོན་གཉེར་སྟོང་ཉིད་བཞུགས་སམ་ཅི།། རྗེ་བཙུན་འཇིག་རྟེན་བསོད་ནམས་ཉིད་ཀྱིས་བཞེངས།། དབྱངས་ཅན་མས་སོ།། ཁྱོད་ནི་སྟོང་ཉིད་སེམས་ཤིང་ཅི་ལ་བཞུགས།། བྱམས་སེམས་རང་བཞིན་འཇིག ་རྟེན་འགྲོན་མཉེར་བས།། དཀར་མོ་ཡིས་སོ།། བསྐུལ་ནས་དེ་རྣམས་སླར་བཅུད་དེ་ཉིད་ལ་ཐིམ་སྟེ།། དེ་ནས་ཁུ་བ་དེ་གྱུར་པསོ།། བདག་ཉིད་ལྷའི་རང་བཞིན་ཏེ། མ་ཧེ་དམར་པོའི་རྒྱབ་ཏུ་བཞུགསོ།། གར་གྱི་ཉམས་དགུ་དང་ལྡན ་པ་པན་དྷུ་ཀའི་མེ་ཏོག་འདྲ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་།། སྤྱན་གསུམ་དམར་ལ་ཟླུམ་པ་པོ།། སྨ་ར་དམར་སེར་ཤིན་ཏུ་འཇིགས།། དབུ་སྐྲ་དམར་སེར་གྱེན་དུ་བརྫེས།། ཞལ་ནི་མཆེ ་བ་རྣམ་པར་གཙིགས།། ལྗགས་ནི་བསྒྱུར་ཞིང་གད་རྒྱངས་ཅན།། དབྱུག་པ་དཀར་པོ་མགོ་བོས་མཚན།། ཕྱག་ནི་གཡས་པ་དག་གིས་བསྣམས།། གཡོན་གྱི་ཕྱག་ན་པདྨ་ཡི།། སྣོད་ནི་མཛེས་པ་དང་བཅས་པ། ་ཉི་མ་བྱེ་བའི་འོད་འབར་བ།། གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས། མ་ཧེ་ཡི་ནི་རྒྱབ་ནས་སུ།། གཤིན་རྗེ་འགྱེལ་ཞིང་འཇིགས་མཛད་པ།། བརྒྱད་གཉིས་ལོན་པའི་རྣམ་པ་ཅན།། ཀླུ་བརྒྱད་པོས་ནི་རྣམ་བརྒྱན་པ།། དབུ་ལ་མགོ་བོའི་ཕྲེང ་བ་བཙོངས།། མགོ་བོའི་ངོ་ཤལ་འཕྱང་བ་པོ།། ཁྱབ་བདག་སྟག་ལྤགས་ན་བཟའ་ཅན།། རྡོ་རྗེ་རོ་ལངས་མ་ཡིས་མཁྱུད་།། བཅོམ་ལྡན་སྐུ་མདོག་དག་དང་ནི།། ལྡན་ཞིང་གྲི་གུག་ཐོད་པ་བསྣམས།། ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན།། དེ་དག་མཚོ ་ཏུ་བསྒོམ་པར་བྱ།། དེ་ནས་བདག་ནི་གྲུབ་ཐོ་བོ་ཉིད།། ཐེ་ཙོམ་མེད་ཅེས་ང་རྒྱལ་བྱ།། དེ་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ~ཾ་ཨཱཏྨ་ཀོ&ཧཾ། ཞེས་པའི་སྔགས་བརྗོད་དོ།། འདི་ནི་རྗེས་རྣལ་འབྱོར་རོ།། ་དེ་ནས་བཅོམ་སྔོན་འདས་མའི་ཐུགས་རྗེས་སུ་ཆགས་པར་བྱས་ལ་ཡན་ལག་དོང་ཉིད་ལག་ཐམས་ཅད་བལྟས་ཏེ་པདྨ་དང་རྡོ་རྗེ་གཡོ་བས་གཉིས་ཀའི་སྟག་ལྗགས་ཀྱི་ན་བཟའོ་འཕྱར་བར་བསྒོམ་སྟེ་དེ་ནས་འདི་དག་རྗེས་སུ་ཆགས་པར ་བྱའོ་ཞེས་པདྨ་དང་རྡོ་རྗེ་ལ་སེམས་གཏད་ལ་ཨཾ་ཡིག་དམར་པོ་ཡོངསུ་གྱུར་པ་ལས་རྡོ་རྗེ་རྩེ་གཅིག་པ་ཨོཾ་ཡིག་སེར་པོས་རྩེ་མོར་མཚན་པ་བསྒོམ་མོ།། པདྨ་ཡང་ཨ་ཡིག་དམར་པོ་ལོས་བྱུང་བ་འདབ་མ་གསུམ་པ་ཟེ་འབྲུ་ལ་ཡི་གེ་ཨཱཿ ་ཡི་མཚན་པ་འདབ་མ་གསུམ་པ་ཁ་བྱེ་བར་བསམ་མོ།། དེ་ནས་ཨོཾ་སརྦ་ཏཱ་ཐཱ་གཱ་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པ་བརྗོད་དེ་རྡོ་རྗེ་དང་པདྨའི་སྦྱོར་བས་བདག་ཉིད་བདེ་བར་བསྒོམ་པར་བྱའོ།། ཕྱི་རོལ་གྱི་གཉིས་གཉིས་ལྟར ་འཕོ་བའི་གནས་སྐབས་གཉིས་པར་བདག་ཉིད་བསྒོམས་ལ་ལྷ་མོའི་པདྨའི་དཀྱིལ་དུ་དུས་མཚུངས་པར་འཕོས་པས་ཁམས་གཉིས་འདྲེས་པར་བསྒོམ་སྟེ་དཀར་པོ་དང་དམར་པོའོ།། དེ་ནས་ཡོངས་སུ་གྱུར་པ་ལས་གཏི་མུག་གཤིན་རྗེ ་གཤེད་ལ་སོགས་པ་གནས་ཇི་ལྟར་བར་པདྨའི་དབུས་སུ་བསྒོམ་ལ་བཅོམ་ལྡན་འདས་མ་ལས་བྱུང་བར་བསྒོམས་ཏེ། དེ་ནས་དེ་རྣམས་མདུན་དུ་བལྟས་ལ་རང་རང་གི་གནས་སུ་བཞུགས་པར་བསྒོམ་མོ།། དེ་ནས་ཤར་གྱི་འདབ་མ་ལ་ཉི ་མ་ལ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ་ཙར་ཙི་ཀཱ་སྐུ་ལུས་སྐེམ་ཞིང་ནག་པས་འཁྱུད་པའོ།། ལྷོའི་འདབ་མར་ཉི་མ་ལ་སེར་སྡེ་གཤིན་རྗེ་གཤེད་སེར་པོ་ཕག་མོ་སེར་མོ་ཕག་ཞལ་ཅན་གྱིས་འཁྱུད་པའོ།། ནུབ་ཀྱི་འདབ་མར་ཉི་མ་ལ། ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དབྱངས་ཅན་མ་དཀར་མོའི་སྦྱོར་བ་ཅན་ནོ།། བྱང་གི་འདབ་མཱར་ཉི་མ་ལ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་དཀར་མོ་ལྗང་སེར་དང་མཉམ་པར་ལྡན་པའོ།། འདི་དག་ཀུན་ཀྱང་གཤིན་རྗེ་གཤེད་དམར ་པོ་དང་རོ་ལངས་མ་ལྟ་བུར་བསྒོམ་པར་བྱའོ།། མེའི་མཚམས་སུ་མུ་མོན་གྱི་བུམ་པ་བཞི་མཉམ་གྱིས་གང་བ་བསྒོམ་མོ།། བདེན་བྲལ་གྱི་མཆིམས་སུ་གསེར་གྱི་བུམ་པ་གླ་རྩིས་གང་བའོ།། རླུང་གི་མཚམ་སུ་བླ་རུའི་བུམ་པ་སི་ཏྲེས་གང། ་པའོ།། དབང་ལྡན་གྱི་མཚམས་སུ་དངུལ་གྱི་བུམ་པ་ག་བུར་གྱི་གང་བའོ།། འདི་དག་ཐམས་ཅད་ཀྱི་ཁ་ཐོད་པས་བརྒྱན་པའོ།། དེ་ནས་རང་གི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་དབྱུག་པ་དཀར་པོ་ཡི་གེ་ཧཱུཾ་དང ་བཅས་པ་བསྒོམས་ལ། དེའི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ་བློས་ཡང་དག་པར་མཆོད་ལ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་འདིས་དགུག་པ་དང་། གཞུག་པ་དང་། བཅིང ་པ་དང་། དགྱེས་པར་བྱའོ།། འདི་ནི་ཤིན་ཏུ་རྣལ་འབྱོར་རོ།། ། དེ་ནས་ཕྱོགས་བཅུ་ན་བཞུགས་པའི་གྲུབ་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་སྤྱན་དྲངས་ལ་བློས་མཆོད་ལ་དབང་ཞུ་བར་བྱ་སྟེ། རྣལ་འབྱོར། ་ངདང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་གཤིན་རྗེ་གཤེད་ཀྱི་གོ་འཕང་གཏན་པ་ཐོབ་པར་བྱ་བའི་ཕྱིར་བདག་ལ་དབང་བསྐུར་དུ་གསོལ་ཞེས་པའོ།། དེ་ནས་དེ་རྣམས་དགའ་བ་དང་བཅས་པས་བཀྲ་ཤིས་ཀྱི་གླུ་དོང་རོལ་མོ་སྔོན ་དུ་འགྲོ་པོས་བདུད་རྩི་ལྔས་གང་བའི་གསེར་གྱི་བུམ་པས།། དབང་བསྐུར་བ་ནི་རྡོ་རྗེ་ཆེ།། ཁམས་གསུམ་པ་ཡིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ།། ཞེས་བརྗོད་པས་དབང་བསྐུར་ཏེ།། ་དེ་ནས་དབང་བསྐུར་བའི་ཆུ་སྤྱི་བོར་སེམ་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་བསྒོམ་མོ།། དཀྱིལ་འཁོར་བའི་སྤྱི་བོར་ནི་རང་གི་གཟུགས་བརྙན་ནོ།། དབང་བསྐུར་ནས་རྣལ་འབྱོར་དང་རྣལ་འབྱོར་མོའི་ཚོགས་ཐམས་ཅད་དང་དཀྱིལ་འཁོར་བ ་ལྷ་རྣམས་ཀྱང་སྒྲུབ་པ་པོས་བསྟོད་པར་བསྒོམ་མོ།། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས།། སྟོན་པ་སངས་རྒྱས་ཀུན་རང་བཞིན།། སྒྲའི་རྡོ་རྗེ་ཁྱོད་ཕྱག་འཚལ།། སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེ་གཤེད ་པོ་ཤིན་དུ་འཇིགས།། སེམས་ཀྱི་རྡོ་རྗེ་རབ་གསལ་བ།། རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ།། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད།། ཁྱབ་བདག་འདོད་ཆགས་ཆོས་འབྱུང་གནས།། དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག། གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ ་ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེ་གཤེད་པོ་ལས་ཀུན་བྱེད།། སྐུའི་རྡོ་རྗེ་རབ་གསལ་བ།། ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ།། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སངས་རྒྱས་ཀུན་རབ ་མཆོག་གི་མཆོག། དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ།། ཨེ་མ་ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ།། བླ་མ་སྲིན་པོའི་གཟུགས་རང་བཞིན།། ཁྲོ་བོ་ཁྱོད་མཐོང་རྣམ་པར་འཇིགས།། བླ་མ་ཁྲོ་བོའི་རང་བཞིན་སྤངས།། ཁྱོད་ཀྱི་གར་མཛད་ས ་སྟེངས་དང་།། ས་བླ་དང་ནི་ས་འོག་གཡོ།། ཆགས་པས་བརྒྱན་པའི་ཁྲོ་བོའི་ཡིད།། གར་མཛད་ཁྱོད་ཉིད་རོ་ལངས་ལགས།། སྐུ་ལུས་བོང་ཐུང་དམར་པོ་སྟེ།། རྣམ་པ་སྣ་ཚོགས་སྤྲུལ་པའི་སྐུ།། རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད།། གར་མཛད ་ཁྱོད་ནི་བདེ་བ་ཆེ།། ཧྲཱིཿཥྚྲྀཿགསང་སྔགས་དག་གིས་ནི།། ཁྱོད་ནི་ས་གསུམ་འཁྲུལ་པ་སེར།། རྗེ་བཙུན་སྙིང་རྗེའི་ཁྲོ་བོ་ལགས།། གར་མཛད་འཁྱོད་ནི་འཇིག་རྟེན་གཟིགས།། ཞེས་པས་སོ།། དེ་ནས་སྔགས་བརྗོད་དེ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པའོ།། དེ་ནས་སྔར་བཞིན་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་བསྒོམས་ལ།། དེའི་སྟེང་དུ་ཡི་གེ་ཨོཾ་ཡོངསུ་གྱུར་པ་ལས་མགོ་བོ་སྐམ་པོ་གསུམ་གྱི་སྟེང་དུ་ཡི་གེ་ཨཱཿཡོངས་སུ ་གྱུར་པ་ལས་ཐོད་པ་བསྒོམ་སྟེ་དེའི་ནང་དུ་ཞོ་དང་འོ་མ་དང་ཆང་དང་ཉ་ལ་སོགས་པ་བདུད་རྩི་ལྷ་དང་། སྒྲོན་མ་ལྔ་དང་དབྱུག་པ་ལ་སོགས་པ་དེས་རོ་མཉམ་པར་བྱས་པ་སྨིན་པ་རྒྱོ་སྐྱེགས་ཀྱི་བཅུད་ལྟ་བུར་བལྟས་ལ། ཨོཾ་ཨཱཿཧཱུཾ། ཞེས་པ་འདིས་བསིལ ་བབར་བྱས་ལ།། ཡི་གེ་ཧཱུཾ་ཡོངསུ་གྱུར་པ། ལས་ལྗགས་རྡོ་རྗེའི་སྦུ་གུར་བསྒོམས་ནས་བཏུང་ངོ་།། རང་གི་དཀྱིལ་ནས་ལྷ་མོའི་ཞལ་དུ་སྟེ།། དཀྱིལ་འཁོར་སོ་སོར་ལ་ཡང་རྒྱུན་སྦྱིན་ནོ།། དེ་ལྟར་བདུད་རྩི་མངས་པས་ཚིམ་པར་བྱས་ནས་སྔགས་བཟླས ་ཏེ། ཐོགས་ཀར་གནས་པའི་ས་བོན་དང་ཕྱག་མཚན་ལ་སེམས་བརྟན་པར་བྱས་ལ།། ཨོཾ་ཧྲཱིཿཧྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཇི་སྲིད་འདོད་པར་བསྒོམ་ཞིང་བཟླས་ལ།། ལྡང་བར་འདོད་ན་རང་ལུས་ཀྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱིས ་དོན་བྱས་ནས་ཐམས་ཅད་བདག་ཉིད་ལོ་ཡིད་ཀྱིས་བཅུག་ལྷན་ཅིག་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱི་ང་རྒྱལ་གྱིས་ཇི་ལྟར།། བང་བར་གནས་པར་བྱའོ།། ལྷན་ཅིག་སྐྱེས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ནི་བདག་ཉིད་ཀྱི་གཟུགས། ་ཁོ་ན་རང་བཞིན་གྱི་གྲུབ་པའི་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བརྗོད་དེ་བདག་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་ཉིད་དུ་རང་བཞིན་གྱི་གྲུབ་པ་ཉིད་དོ་ཞེས་པོའོ།། དེ་ནི་རྣལ་འབྱོར་ཆེན་པོའོ།། ། རྣལ་འབྱོར། ་བཞིའི་རིམ་པ་འདི་ཡི་ཐུན་གསུམ་མཱམ་ཐུན་བཞི་འམ་ཇི་ལྟར་འདོད་པའི་དུས་སུ་བསྒོམ་པར་བྱའོ།། འབུམ་ཡོངསུ་བཟླས་པ་དེ་སྲིད་དུ་བཟླ་སོ།། དེ་ནས་འབུམ་གྱི་མཐར་མཚན་ཐོག་ཐག་བཟླས་ཏེ་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས ་ལས་ཐམས་ཅད་པའི་ཐབ་ཁུང་དུ་ཆོ་ག་བཞིན་དུ་མངར་གསུམ་གྱིས་བསྐུས་པའི་མེ་ཏོག་དོམར་པོ་སྟོང་ཕྲག་བཅུ་སྦྱིན་སྲེག་བྱ་སྟེ་སྔགས་རེ་རེ་ནས་བཟླས་ནས་སོ།། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ནན་མནྟ་སིདྡྷིཾ་མེ་དེ་ཧི་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས ་གསང་སྔགས་ཀྱི་དངོས་གྲུབ་འབྱུང་ངོ་།། ལས་ཐམས་ཅད་བསྒྲུབ་པའོ།། དེ་ནས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་བསྒྲུབ་པར་འདོད་ན་རེ་ཤིག་སྐད་ཅིག་གི་རྣམ་པའི་རྣལ་འབྱོར་གྱིས་བདག་ཉིད་བཅོམ་ལྡན་འདས་ཀྱི་སྐུར་བསྒོམ་སྟེ་རྒྱུནི་མི་འཆད་པ ་པ་ཆུ་བོའི་རྒྱུན་འབབ་པ་ལྟ་བུས་སོ།། བསྒོམས་པས་སྐྱོན་སྔགས་བཟླས་ཏེ་ཇི་སྲིད་ལུས་ཡོངས་སུ་གྱུར་ན་གཤིན་རྗེ་གཤེད་ཀྱི་སྐུར་མ་གྱུར་གྱི་བར་དུའོ།། དེ་ནས་ཕྱག་རྒྱ་ཆེན་པོ་གྲུབ་པར་འགྱུར་ཏེ་ལྷའི་སྐུར་གྲུབ་པ་ཉིད་ཕྱག་རྒྱ་ཆེན་པོ ་དངོས་གྲུབ་པོ།། དེ་དག་ཀྱང་གོམ་པ་ཙམ་ཁོ་ནས་འབྱུང་སྟེ།། དེ་སྐད་དུ། ཡང་དག་ཡང་དག་མ་ཡིན་མདུན་གནས་པ།། སྐྱེས་བུ་གོམས་པའི་སྦྱོར་བས་འགྲུབ་འགྱུར་ཏེ།། འདོད་པས་འཁྲུགས་པ་བཞིན་དུ་ཉམས་དགའ ་བདེ་ས་སེམས་ཀྱང་རྗེས་སུ་འབྲང་བ་ངེས་སྦྱོར་རྣམས་ལྡན།། ཞེས་གསུངས་སོ།། གཞན་ཡང་།། གོམས་པའི་སྤྱོད་ཡུལ་མ་གྱུར་མེད་ཅེས་སོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་དུ་གསུངས ་གཞན་ཡང་བསྟན་པའི་ཚོགས་བཅོམ་ལྡན་འདས་བསྒྲུབ་པར་བྱ་སྟེ། དེ་ལ་ཆག་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་སམ་ཐང་ཀ་བཞུགས་སུ་གསལ་ཏ་ཙ་འབྱོར་པའི་མཆོད་པ་བྱ་སྟེ་བྱ་བ་ཐམས་ཅད་སྤངས ་ནས་བྱ་བ་དེ་ལ་སེམས་རྩེ་གཅིག་པས་བཟླས་པར་བྱ་སྟེ། ཇི་སྲིད་རང་ཉིད་བྱོན་ནས་ཀྱེ་ཀྱེ་སྒྲུབ་པ་པོ་ཁྱོད་ལ་མཆོག་ཅི་སྦྱིན་པར་ཞེས་གསུང་བའི་བར་དུའོ།། དེ་ནས་མཆོད་ཡོན་ཕུལ་ཏེ་བཏུད་ནས་མངོན་པར་འདོད་པའི་དོན་ཞུ་བར་བྱ་སྟེ་དེ་གནང ་བར་འགྱུར་རོ།། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ནཱ་ནཱ་གཙྪ་གཙྪ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་ས་ཧཱ། ཞེས་པའི་སྔགས་བཟླས་སོ།། གཞན་ཡང་རྡོ་རྗེ་རོ་ལངས་མ་བསྒྲུབ་པའི་འདོད་ན་རྡོ་རྗེ་རོ་ལངས་མའི་སྐུ་གཟུགས་བྱ་ཞིང་རས་སམ་ཤིང་ལ་བྲི་བར་བྱ་སྟེ། སྐུ་མདོག་དམ ་པོ་སྤྱན་གསུམ་མམ། ཕྱག་གཉིས་གྲི་གུག་དང་ཐོད་པོ་དང་ལྡན་པ་ཐུང་ཞིང་སྦོམ་ལ་ལྟོ་བ་འཕྱང་བ་ནུ་མ་མཁྲང་བ་ཞབས་གཡོན་བརྐྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ་དབུ་སྐྲ་དམར་སེར་གྱེན་དུ་རྗེས་པ་འཛག་པ་དང་བཅས་པའི་མགོ་བོའི་ཕྲེང་བ ་དང་ལྡན་པ་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པ་མ་ཧེ་ལ་ཞོན་པའོ།། དེ་ནས་དེའི་མདུན་དུ་འདུག་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱ་སྟེ་བདག་ཉིད་ཀྱང་དེའི་གཟུགས་བརྙན་འབའ་ཞིག་དུ་བལྟས་ལ་ཇི་སྲིད་བྱོན་ནས་སྒྲུབ་པ་པོ་ལ་འཁྱུད་ནས ་ཀྱེ་ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ལགས་ཞེས་གསུངས་པ་དེ་སྲིད་བཟླས་སོ།། བསྒྲུབ་པ་པོས་ཀྱང་མཆོད་ཡོན་ཕུལ་ལ་ཀྱེ་ལྷ་མོ་བདག་གི་མཆིས་བྲང་མཛོད་ཅིག་ཅེས་བརྗོད་དོ།། དེ་ནས་བརྩམས་ཏེ་མཆིས་བྲང་དུ་འགྱུར་རོ།། དེ་ཡིས་རེག ་པ་ཙམ་གྱིས་གཤིན་རྗེ་ག་ཤེད་ཀྱི་གཟུགས་སུ་འགྲུབ་པར་འགྱུར་རོ།། ཨོཾ་དྭེ་ཥ་ར་ཏ་གཙྪ་གཙྪ་ནུ་ཊ་ནུ་ཊ་ཏྲཱ་ཊྚ་དྷུ་ཊ་ཧཱུཾ་ཛཿསྭཱཧཱ། ཡང་ན་ཨོཾ་བདྡྷབེ་ཏཱ་ཝཱ་གཙྪ་གཙྪ་ཧཱུཾ་ཛཿསྭཱཧཱ། ཞེས་བཟླས་སོ།། བུ་མོ་ལོ་བཅུ་དྲུག་མ་འམ་གཞོན་ནུ ་མ་ཡན་ལག་རགས་པ་བག་མ་འམ་གྲོགས་མོར་བསྒྲུབས་པ་སྣོད་ལྡན་དུ་བྱ་སྟེ་དབང་བསྐུར་བའི་རྣལ་འབྱོར་མ་སྔགས་དང་བསྒོམ་པ་ལ་སོགས་པས་མདུན་དུ་བཞིག་ལ་ཡང་དག་པར་མཆོད་དེ་ལག་པ་གཡོན་པས་དེ་ལ་འཁྱུད ་རྣལ་འབྱོར་མའི་ངོ་བོར་བསྒོམས་ནས་བཟླས་ཏེ་ཥ་བ་རཱི་བ་དེ་སྲོང་དུའོ།། དེ་ནས་དེ་བཟུང་ནས་གཤིན་རྗེ་གཤེད་ཀྱི་ངོ་བོར་གྲུབ་པར་འགྱུར་རོ།། ཨོཾ་བཛྲཱ་བི་ཏཱ་ལཱི་ཛྭ་ལ་ཛྭ་ལ་ཧཱུཾ་ཛཿསྭཱ་ཧཱ། ཞེས་བཟླས་སོ།། དེ་ནས་གཏི་མུག་གཤིན ་རྡོ་གཤེད་བསྒྲུབ་པར་འདོད་ན་གཏི་མུག་གཤིན་རྗེ་གཤེད་ཀྱི་གཟུགས་བརྙན་གཡས་པ་དང་གཡོན་པའི་ཞབས་ཀྱི་པད་མའི་མཐིལ་གྱི་མནན་ལ་ཇི་སྲིད་ཀྱི་སྒྲུབ་པ་པོ་བཀའ་ཙི་སྩོ་ལ་ལེགས་ཞེས་སྨྲ་བ་དེ་སྲིད་དུའོ།། སྒྲུབ་པ་པོ ་ཡིས་བདག་གི་བཀའ་སྡོང་དུ་མཛོད་ཅིག་ཅེས་བརྗོད་དོ།། དེ་ནས་བརྩམས་ནས་ཁམས་ཀྱི་རྒྱལ་སྲིད་ཀྱང་སྟེར་བར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། དེ་ལྟར་སེར་སྣ་གཤིན་རྗེ་གཤེད་དང་། འདོད་ཆགས་གཤིན་རྗེ ་གཤེད་དང་། ཕྲག་དོག་གི་ཤིན་རྗེ་གཤེད་ཀྱང་བསྒྲུབ་པར་བྱ་སྟེ་འབྲས་བུ་དེ་ལྟ་བུ་ཉིད་དོ།། འདིར་སྔགས་ནི། ཨོཾ་མོ་ཧཱ་ནཱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་པི་ཤུ་ནཱནྟ་ཀྲྀཏཱ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་རཱ་གཱ་ནྟ ་དྷ་ཏྲ་ཐཱ་ཀརྦྷ་ཀནྱཱ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སུདྡྷ། ཨ་ཨཱརྱཱ་ཥྚ་ནཱ་ཏ་ཀྲྀ་ཏཱི་གཙྪ་གནྡྷ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྱཱཧཱ། ཞེས་པ་བཟླས་སོ།། དེ་ནས་གཏི་མུག་དགའ་མ་འབའོ་ཞོག་བསྒྲུབ་པར་འདོད་ན་ག་ཏ་མུག་དགའ་མའི་སྒྲ་གཟུགས། ་སྔར་བཤད་པའི་ལྷ་མོའི་གཟུགས་ཅན་མི་ཧེ་མང་པཾ་བདག་ཉིད་ཀྱི་སྐུ་མདོག་དང་བཅས་པ་བྱེད་དུ་བཅུག་ལ་སྔར་བཞིན་མནན་ནས་བཟླས་པར་བྱ་སྟེ། ཇི་སྲིད་བྱོན་ནས་བཀའ་སྡོང་བྱེད་ཀྱི་བར་དུའོ།། དེ་ནས་བརྩམས་ཏེ་བསྒྲུབ་པ་པོའི ་མངོན་པར་འདོད་པ་ཐམས་ཅད་སྒྲུབ་པར་བྱེད་དོ།། དེ་བཞིན་དུ་སེར་སྣ་དགའ་མ་དང་། འདོད་ཆགས་དགའ་མ་དང་། ཕྲག་དོག་དགའ་མ་རྣམས་བསྒྲུབ་པར་བྱའོ།། འདིའི་སྔགས་ནི། ཨོཾ་མོ་ཏ་རཱ་ཏྱེ་གཙྪ་གཙྪ་ཧཱུཾ་ཧཱུཾ་ཛཿོཾ་བི་ཤུ་ན་རཱཿ ་གཙྪ་གཙྪ་ཧཱུཾ་ཛཿོཾ་རཱ་ག་ར་ཏྱ་གཙྪ་གཙྪ་ཧཱུ~ཾ་ཛཿོཾ་ཨིརྱ་ཥ་ར་ཏཱ་གཙྪ་གཙྪ་ཧཱུཾ་ཛཿོཾ་བཛྲ་ཙཱ་ཀཱ་གཙྪ་གཱཙྪ་ཧཱུཾ་ཛཿོཾ་བཛྲ་བཱ་རཱ་ཏཱ་གཙྪ་གཙྪ་ཧཱུཾ་ཛཾཿོཾ་བཛྲ་ས་ར་སྭ་ཏྱ་གཙྪ་གཙྪ་ཧཱུཾ་ཛཿོཾ་བཛྲ་གཽ་རྱ་གཽཙྪ་གཙྪ་ཧཱུཾ་ཛཿ། ཞེས ་བཟླས་སོ།། དེ་ནས་གནོད་སྦྱིན་བསྒྲུབ་པར་འདོད་ན་དེའི་ཚེ་འཇིག་རྟེན་པའི་ལུང་ལ་གྲགས་པའི་ཐ་སྙད་ཀྱིས་གནོད་སྦྱིན་གྱི་གཟུགས་བརྙན་བྱེང་དུ་བཅུག་ལ་དེ་ཁོ་ན་བཞིན་དུ་མནན་ནས་བསྒྲུབ་པར་བྱའོ།། བཀའ་ཐམས་ཅད ་བསྒྲུབ་པར་འགྱུར་རོ།། མི་དང་མི་མོ་ལ་སོགས་པ་གཞན་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ།། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་སཱ་དྷ་ཡ་སཱ་དྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་སོ།། དེ་ནས་རྡོ་རྗེའི་དབྱུག་པ་བསྒྲུབ ་པར་འདོད་ན། རྒྱལ་ལ་པ་ད་རའི་ཤིང་ལས་བྱས་པའི་དབྱུག་པ་སོར་སུམ་ཅུ་སོ་གཉིས་པ་བྱས་ལ་བཱའི་ལྔས་བཀྲུས་ལ་ཙ་ནཱ་དན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པས་མཛེས་པར་བྱས་ལ་ཤུབས་ནཱས་རལ་གྲི་འདོན་པའི་སྟས ་ཀྱིས་ལག་པ་གཉིས་ཀྱིས་བཟུང་ལ་ཇི་སྲིད་འབར་བ་དེ་སྲིད་བཟླས་སོ།། དེ་ནས་དབྱུག་པའི་རིག་པ་འཛིན་པར་འགྱུར་རོ།། གཤིན་རྗེ་གཤེད་དང་མཚུངས་པར་ཕ་རོལ་གནོན་པར་འགྱུར་རོ།། ཨོཾ་ཧྲཱིཾཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་བཛྲ་དན་ཌཾ་ཛྭ་ལ ་ཡ་ཛྭ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱུ~ཾ།། ཞེས་པ་བཟླས་སོ།། དེ་ནས་ཐོད་པ་བསྒྲུབ་པར་འདོད་ན་ཤིང་སཱ་ལ་ལས་ཐོད་པ་སོར་སུམ་ཅུ་སོ་གཉིས་པ་བྱེད་དུ་བཅུག་ལ་སྔར་བཞིན་དུ་ལག་པ་གཡོན་དུ་གཞག་ལ་ལག་པ་གཡས་ཀྱིས ་བཀབ་ལ་ཇི་སྲིད་འབར་བ་དེ་སྲོང་བཟླས་སོ།། འབྲས་བུ་དེ་ཁོ་ན་བཞིན་ནོ།། སྔགས་ལ་ཀ་པཱ་ལ་ཛྭ་ལ་ཡ་ཞེས་པ་ཁྱད་པར་རོ།། དེ་ནས་དབྱུག་པའི་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེའི་ཚེ་ལག་པ་གཡས་ཁུ་ཚུར་བསྡམས་ཏེ་སྡིག ་མཛུབ་བརྐྱང་བར་བྱ་བའི་ཕྱག་རྒྱ་འདི་བཅིངས་ལ་ཇི་སྲིད་འབར་བ་དེ་སྲིད་བཟླས་སྷོ།། དེ་ནས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་འགྲུབ་པར་འགྱུརརོ།། སྔགས་ལ་དཎྜ་མུ་ཛཱ་ཛྭཱ་ལ་ཡ་ཞེས་པར་ཁྱད་པར་རོ།། འང་དག་ཐམས་ཅད ་འདོད་ཡོན་ལྔ་ལ་ཉེ་བར་སྤྱོད་པ་ཁོ་ནས་བསྒྲུབ་པར་བྱའོ།། ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་སེམས་གསལ་བའི་དོན་དུ་བཟའ་བར་བྱའོ།། གང་ཅུང་ཟད་ཟ་བ་དང་མཐུང་བ་དེ་ཐམས་ཅད་གཤིན་རྗེ་གཤེད་ལ་དང་པོར་ཕུལ་ཏེ་བཟའ ་བ་དང་མཐུང་བ་དེ་ཐམས་ཅད་གཤིན་རྗེ་གཤེད་ལ་དང་པོར་ཕུལ་ཏེ་བཟའ་བཏུང་བྱའོ།། འདི་ནི་གྲུབ་པ་ཆེན་མོའི་ཆོ་གའོ།། དེ་ནས་དངོས་གྲུབ་ཕྲན་ཚེགས་བསྒྲུབ་པར་འདོད་ན་དེའི་ཚེ་ཞི་བ་ལ་སོགས་པ་བསྒྲུབ་པར་བྱའོ།། ་དེ་ལ་ཆོ་ག་ནི་འདི་ཡིན་ཏེ། གྲོ་ག་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ་འོ་མས་རྩིབས་བཅུ་གཉིས་པའི་འཁོར་ལོ་གཉིས་ཐ་དད་དུ་བྲིས་ལ་དིའི་ཤར་གྱི་རྩིབས་ནས་བརྩམས་ཏེ་ཡི་གེ་ཧཱུཾ་གཉིས་དང་ཕཊ་གཉིས་གཅིག་པས་བཅུ་གཉིས་གཡས་སྐོར ་དུ་བྲིའོ།། ཨོཾ་ཧྲཱིཿཥཱིཿབི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དབུས་སུ་ཆུའི་ས་བོན་བཾ་ཡིག་བྲིས་ཏེ། བཾ་ཡིག་གཉིས་ཁ་སྦྱར་བའི་བསྒྲུབ་བྱའི་མིང་དེའི་ལྟེ་བར་དུ་དབུས་སུ་བྲིའོ།། ཕྱི་རོལ་དུ་བའི་རྣམ་པ་གསུམ་གྱིས་བསྐོར་རོ།། དེ་ནས ་སྦྱར་ལ་སྐུད་པ་དཀརེ་བོས་བཅིངས་ལ་མྱོས་བྱེད་དང་སྤྱི་ཚལ་གྱིས་དཀྲིས་ཤིང་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ཤིང་འོ་མས་གང་པོའི་བུམ་པར་བཅུག་ལ་སྔགས་བཟླས་སོ།། ནི་འབྱོར་པའི་མཆོད་པ་བྱས་ལ། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ། ་ཏཱ་ན་ན་བཾ་ལྷ་སྦྱིན་གྱི་ཤཱུན་ཏིང་ཀུ་རུ་བཾ་ཧཱུ~ཾ་ཧཱུཾ་ཕོཊ་ཕཊ་སྭཱ་ཧཱ། ཞེས་པ་ཇི་སྦྲིང་ཞི་བར་མ་གྱུར་པ་ངོ་སྲིད་བཟླས་སོ།། འཇིག་རྟེན་ཐམས་ཅད་ལ་སྡིག་པའི་ནད་ལ་སོགས་པས་ཉེ་བར་འཚེ་བ་ལ་ནི་གྲོང་གི་ཕྱོགསོ་བཅུར། ཨོཾ་ཧྲཱིཿཥྚིཿབི་ཀྲྀ ་ཏཱ་ན་ན་གྲོང་ཆོ་གེ་མོའི་ཉེ་བར་འཚོ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཀུ་རུ་ཧེ་ཧེ་བ་ལིང་གྲྀཧྞ་གྲྀཧྞ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་འདིས་ལན་བདུན་བྱིན་གྱིས་བརླབས་པའི་གཏོར་མ་ཆོ་ག་བཞིན་ཕུལ་ལ་རོལ་མོ་ལོ་སོགས་པ་སྔོན་དུ་འགྲོ་བས ་གྲོང་གི་དབུས་སུ་འོ་མ་ལ་བསྒྲེས་པའི་ཏིལ་གྱིས་སྦྱིན་སྲེག་བྱ་སྟེ་ཇི་སྲིད་དུ་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་གྱུར་པའོ།། དེ་ནས་རྒྱས་པར་བྱེད་པར་འདོད་ན་གུར་ཀུམ་གྱིས་སྔར་ལྟ་བུའི་འཁོར་ལོ་གཉིས་ཀྱི་དབུས་སུ་ཡི་གེ་བཅུ་གཉིས་ཀྱང ་བྲིས་ལ་དབུས་ཡི་གེ་བྷྲཱུཾ་དཀྱིལ་འཁོར་གྱི་འཁོར་ལོའི་ས་བོནི་བྲིའོ།། དེའི་དབུས་སུ་བསྒྲུབ་བྱའི་མིང་བཽ་ཥཊ་གཉིས་ཀྱིས་ཁ་སྦྱར་བ་བྲིའོ།། ཕྱི་རོལ་ཏུ་གྲུ་བཞི་པའི་རི་མོ་གསུམ་གྱི་བསྐོར་རོ།། དེ་ནས་སྐུད་པ་སེར་པོས་དཀྲིས་ལ་ལན་བརྒྱ་རྩ ་བརྒྱད་དུ་བྱིན་གྱིས་བརླབས་ཤིང་མར་དང་སྦྲང་རྩིས་གང་བའི་བུམ་པར་བཅུག་ལ་སྔགས་བཟླས་ཏེ། འབྱོར་བ་ཇི་ལྟ་བས་མཆོད་པ་བྱོས་ལ།། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ནཱཾ་བྷྲཱུཾ་བཽ་ཥཊལྷ་སྦྱིན་གྱི་པུཥྚིཾ་ཀཱ་རུ་བཽ་ཥཊྚ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས ་བཟླས་སོ།། རྒྱས་པ་འཕེལ་བའི་མཚན་ཉིད་དུ་གྱུར་པ་དེ་སྲིད་དུའོ།། སྔགས་བཟླས་པའི་མཇུག་ཐོག་སུ་ཞོ་ཟོན་གྱི་སྦྱིན་སྲེག་བྱའོ།། དེ་ནས་དབང་དུ་བྱ་བར་འདོད་ན་སྔར་བཞིན་རྒྱུ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས ་བྲིས་ལ་དབུས་སུ་ཀུ་རུ་ཀུ་ལའི་ས་བོནྡ་ཡིག་གྲྀ་ཧྲཱིཿའོ།། དེའི་དབུས་སུ་ཡི་གེ་ཧ~ཾཿགཉིས་ཁ་སྦྱར་བའི་བསྒྲུབ་བྱའི་མིང་བྲིའོ།། ཕྱི་རོལ་དུ་གྲུ་གསུམ་གྱིས་རི་མོ་གསུམ་གྱིས་བསྐོར་རོ།། དེ་ན་སྐུད་པ་དམྱུར་པོས་བཀྲིས་ལ་བརྒྱ་རྩ་བརྒྱད ་ཀྱིས་བྱིན་གྱིས་བརླབས་པའི་སྦྲང་རྩི་དང་རྒྱ་སྐྱེགས་དང་སྐྱེ་ཚེ་སཾ་གང་བའི་ཐོད་པ་འམ་ཁམ་ཕོར་དུ་བཅུག་ལ་ཅི་འབྱོར་པའི་མཆོད་པ་བྱ་སྟེ་སྔགས་བཟླས་སོ།། ཨོཾ་ཧཱིཿཥྚཱིཿབི་ཀྲྀ་ཏཱ་ན་ནི་ཧྲཱིཿཧོཿལྷ་སྦྱིན་པ་ཤ་མ་ན་ཡོ་ཧོ་ཧཱུཾ་ཧཱུཾ། ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དབང་དུ་གྱུར་པ་ཇི་སྲིད་དུ་བཟླ་སོ།། སྔགས་བཟླས་པའི་མཐར་ནི་ལན་ཚྭ་དང་བཅས་པའི་མེ་ཏོག་དམར་པོས་སྦྱིན་སྒེག་བྱའོ།། དེ་ནས་གོང་བུས་དགུག་པར་འདོད་ན་དེའི་ཚེ་དུར་ཁྲོད་ཀྱི་སོལ་བ་དང་ས་ལས ་བྱས་པའི་གཟུགས་བརྙན་གྱི་སྙིང་གའི་དབུས་བཅུག་ལ་དེར་རྐང་པ་གཡོན་པའི་མཐེ་བོང་གཞག་ལ་བཟླས་ཏེ། དེ་ཉིད་བསྒྲུབ་བྱའི་གོང་བུར་བསྒོམས་ནས་ཇི་སྲིད་གོང་བུ་ཁུགས་པ་དེ་སྲིད་དུ་བཟླས་སོ།། སྔགས་ལ་བ་ཤ་མཱ་ནའི་ཤུལ ་དུ་ཨཱ་ཀཪྵ་ཡ་དང་ཧོཿའི་ཤུལ་དུ་ཛཿཞེས་པ་བྱེ་བྲག་གོ། དེ་ནས་རྐང་པ་དགུག་པར་འདོད་ན་བསྒྲུབ་བྱའི་སྙིང་གར་ཡི་གེ་ཧྲཱིཿདམར་པོ་དང་། རྟགས་ཀྱི་ལྟེ་བ་འམ་སྐྱེ་གནས་ཀྱི་ལྟེ་བར་པོའི་རྣམ་པ་དཀར་པོ་བསྒོམས་ལ་ཇི་སྲིད་རྐང་པ་ཁུགས་པ་དེ་སྲིད ་བཟླས་སོ།། སྔགས་བཟླས་པའི་མཐར་སྐྱེ་ཚེའི་སྦྱིན་སྲེག་བྱའོ།། དེ་ནས་སྐྲོང་པར་འདོད་ན་སྔར་བཞིན་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས་བྲིས་ལ་དབུས་སུ་ཡི་གེ་ཡང་རླུང་གི་ས་བོན་ནོ།། དེའི་དབུས་སུ་དགྲ་བོའི་མིང་ཡཿཡིག་གཉིས་ཁ ་སྦྱར་བ་ཅན་ཏེ་ཕྱི་རོལ་ཏུ་ཟླ་བ་ཕྱེད་པའི་རྣམ་པའི་རི་མོ་གསུམ་གྱིས་བསྐོར་རོ།། བསྲེགས་པའི་བྱ་རོག་གི་ཁྲག་གིས་སོ།། དེས་ན་སྐུད་པ་ལྗང་གུས་དཀྲིས་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པར་བྱས་ལ་ཆུ་བོའི་རྒྱུན་ལ་བསྐུར་རོ།། ཡང་ན་བྱ་རོག་གི ་སྐོ་ལ་བཏགས་ལ་ཡུལ་གཞོན་དུ་ཁྲིད་ལ་དོར་ཏེ་དེ་ནས་ཇི་སྲིད་བསྐྲད་པར་གྱུར་པ་དེ་སྲིད་བཟླས་སོ།། ཨོཾ་ཧཱིཿཥྚིཿབི་ཀྲྀ་ཏཱ་ན་ན་ཙ་ལ་ཙི་ལ་ཙ་ལ་ཡ་སཱ་དྷ་ཙ་ལ་ནེ་ཡཿལྷ་སྦྱིན་ཨུཙྪ་ཊ་ཡོ་ཙཱུ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཟླས་པའི་མཐར་བྱ་རོག་གི ་ཁྲག་གིས་སྦྱིན་སྒེག་བྱའོ།། བརྒྱ་རྩ་བརྒྱད་བྱིན་གྱིས་བརླབས་པའི་ཁྭ་ཏིའི་སྒྲོ་དགྲའི་ཁྱིམ་དུ་སྨྲའོ།། དེ་ནས་དགྲའི་སྲོག་ཉམས་པར་འདོད་ན་སྔར་བཞིན་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས་བྲིས་ལ་དཀྱིལ་དུ་མེའི་ས་བོན་རཾ་བྲིའོ།། དེའི ་དབུས་སུ་དགྲོའི་མིང་གྷོ་ཡིག་དང་སྤེལ་བའོ།། དེའི་ཕྱི་རོལ་དུ་རི་མོ་གྲུ་གསུམ་པ་གསུམ་གྱིས་བསྐོར་རོ།། ཚ་བ་གསུམ་དང་དུག་དང་སྐྱེ་ཚེ་ལ་སོགས་པས་སོ།། སྐུད་པ་ནག་པོས་དཀྲིས་ལ་དུར་ཁྲོད་ཀྱི་སོལ་བ་དང་ས་ལས་བྱས་པའི ་གཟུགས་བརྙན་གྱི་སྙིང་གར་བཅུག་ལ་ལྕགས་ཀྱི་ཕུར་པས་སྒོ་བཅུ་དང་སྙིང་གར་བཏབ་ལ་སྐམ་པོར་བྱ་སྟེ་དུག་ངདུ་སྐྱེ་ཚེ་ལ་སོགས་བྱུགས་ལ་ཚ་བའི་ཤིང་གི་མི་དུ་བ་ཅན་ལ་བསྐམས་པས་བཟུང་ལ་སྔགས་ཟློས་ཤིང་ཇི་སྲིད་སྲོག ་དང་བྲལ་བ་དེ་སྲིད་བསྲོ་བར་བྱའོ།། བཟླས་པའི་མཐར་ནི་དགྲ་བོའི་སྒྲ་དང་། བཤང་བ་དང་། རྐང་པའི་རྡུལ་དང་། སེམས་ཅན་མོའི་དོར་མ་དང་།། ཟོས་པའི་ལྷག་མ་དང་། མེ་ཏོག་དང་། གོས་དང་། དྲིལ་ཕྱིས་ཀྱི་དྲི་མྱ་ལ་སོགས ་པ་ཛི་ལྟར་རྙེད་པའི་སྦྱིན་སྲེག་བྱོའོ།། མེད་ན་ཕག་ཤཱ་དགྲ་བོའི་ཤ་བཞིན་དུ་དགོངས་ལ་བསྒེག་གོ། ཨོཾ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་རཾ་གྷུཿལྷ་སྦྱིན་མཱ་ར་ཡ་གྷུཿཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་སོ།། དེ་ནས་རེངས་པར་འདོད་ན་སྔར ་བཞིན་འཁོར་ལོ་གཉིས་དང་ཡི་གེ་བཅུ་གཉིས་བྲིས་པའི་ས་བོན་ཡི་གེ་ལཾ་ཡིག་དང་བཾ་གཉིས་ཀྱིས་སྤེལ་བའི་སྒྲུབ་བྱའི་མིང་བྲི་བར་བྱའོ།། གྲུ་བཞི་པོའི་རེ་ཁཱ་གསུམ་གྱིས་བསྐོར་རོ།། ཡུང་པོའི་ཁུ་བས་སོ།། ཇི་སྲིད་རེས ་དེས་ན་སྐུད་པ་སེར་པོས་དཀྲིས་ལ་མྱོས་བྱེད་ཀྱི་གཟུགས་བརྙན་གྱི་ནང་དུ་བྱས་ལ་ཇི་ལྟར་རྙེད་པའི་ཚེར་མས་ཡན་ལག་ཐམས་ཅད་ཕུག་ལ། བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པའི་ཡུང་བའི་ཆུས་གང ་བའི་བུམ་པར་བཅུག་ལ་རྒྱས་བཏབ་སྟེ་སྔགས་བཟླས་སོ།། ཇི་སྲིད་རེངས་པར་གྱུར་པ་དེ་སྲིད་སྔགས་བཟླས་སོ།། བཟླས་པའི་མཐར་ནི་ཡུང་བའི་སྦྱིན་སྲེག་བྱའོ།། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ནཱ་ནོ་ལཾ་བཾ་ལྷ་སྦྱིན་སྟཾ་བྷ་ཡ་ལཾ་བཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ་སྭཱ་ཧཱ། ཞེས་བཟླས་སོ།། ངག་རེངས་པར་བྱེད་ན་བཱ་ཙི་སྟཾ་བྷ་ཡ་ཞེས་པ་སྤེལ་ལོ།། དེ་ནས་མཁའ་འགྲོ་མ་དང་ཚངས་པ་སྲིན་པོ་ལ་སོགས་པ་ལས་གྲོལ་བར་འདོད་ན་དེའི་ཚེ་སྔརེ་བཤད་པའི་དབྱུག་པའི་ཕྱག་རྒྱ་ཡིས་ལུས་ངག་ཡིད་གསུཾ ་གྱི་གནས་སུ་བརྡེག་ཅིང་སྔགས་བཟླས་ནི་མཁའ་འགྲོ་མ་ལ་སོགས་པ་ལས་གྲོལ་བར་འགྱུར་རོ།། ཨོཾ་ཧྲཱིཿཥྚིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོའི་ལུས་ཀྱི་ཌ་ཀི་ནི་ནཱཾ་བྲཧྨ་རཀྵ་སཾ་བཱ་པ་ས་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བརྡེ་པའི་མཐར་ནི་གཏོར ་མ་སྦྱིན་ལ་ལུས་ལ་གཤིན་རྗེ་མཐར་བྱེད་ཡིད་ཀྱིས་སྦྱར་བར་བྱའོ།། དེ་ལྟར་རིམས་དང་སྡིག་པའི་ན་དང་གདོན་དང་། སྦྲུལ་དང་མཆེ་བ་དང་། དུག་དང་། གཟའ་དང་། འབྲས་ལ་སོགས་པ་ལས་གྲོལ་བར་བྱ་སྟེ། ཇི་ལྟར་རྗེས ་སུ་མཐུན་པའི་སྔགས་ལ་སྤེལ་ཚ་གོ་རིག་པར་བྱའོ།། ཐམས་ཅད་དུ་འཁྲུལ་འཁོར་བཤིག་ན་ཞི་བར་གྱུར་རོ།། བདག་སྙན་སྡུག་མཁན་ནོ་ཞེས་ང་རྒྱལ་དུ་བསྒོམས་ནས་བཟླས་ན་སྙན་ངག་མཁན་དུ་འགྱུར་རོ།། དེ་ནས་ཆར ་མི་འབབ་ན་གཏོར་མ་ཆེན་པོ་བྱིན་པས་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ།། བདུད་རྩི་མྱང་བའི་ཆོ་གས་གཏོར་མ་བསྒྲུབས་ལ་གཤིན་རྗེ་གཤེད་དམར་པོའི་འཁོར་ལོ་སྐད་ཅིག་གིས་ཁམས་གསུམ་གྱི་སེམས་ཅན་ཡོངསུ ་གྱུར་པར་བསམ་ལ་དྲིལ་བུ་དཀྲོལ་ཞིང་སྔགས་བརྗོད་དེ། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ནཱ་ཡ། རཀྟ་མུ་ཁཱ་ཡ། རཀྵཱ་ཤ་རཱི་ར་ཡ། རཀྟ་བྷུ་ཛཱ་ཡ། ས་རཀྟ་མུན་ཌཱ་མཱ་ལཱ་བྷཱ་ར་ཎཱ་ཡཾ། རཀྟ་ར་ཐ་ས་མཱ་རུ་ཊ་ཡ། རཀྵ་པདྨ་ས་ནཱ་ཡཱ། རཀྟ་བྷ་ར ་ཎ་བྷུ་ཎཥ་དྷཱ་ཡ། ཨེ་བཾ་བཱ་ལཾ་གྲྀཧྞ་གྲྀཧྞ་མ་མ་བིགྷྣཱཾ་ཧ་ར་ཧ་ར་ཙ་ཏུརྨ་རཱ་ནཱི་བཱ་ར་ཡ་ནི་བཱ་ར་ཡ་བྷཱུ་མ་ཡ་བྷཱུ་མ་ཡ། ཙྪིན་དཱ་ཙུནཱ་ད། བྷིནྡ་བྷནྡི་ནཱ་ཤེ་ཡ་ནཱ་ཤ་ཡ། ཤོ་ཥ་ཡ་ཤོ་ཥ་ཡེ། ཙྪེ་ད་ཙྪེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་པཊ་པཊ་སྭཱ་ཧཱ། ཨོཾ་མོ་ཧ་ཡ ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་པི་ཤུ་ན་སཱ་མཱ་ར་ཡཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་རཱ་ག་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨཱ~ཾ་ཨཱིཪྵ་ཡ་མཱ་ར་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མམྨ་མརྱཱ་སྱཱ་བྷཱི་གྷྲྀ་ཏེ་ཧཱུཾ་བཛྲ་ཙཱ་རྩི་ཀེ་ཧ་རོ་ཧ་རེ་པུ་ཀྐི་མཱ་རེ་ཡ་མཱ་ར་ཡ ་བིགྷྣ་ནཱཾ་ཛཿཽ་གྷོ་ཎེ་སུ་གྷཾ་ཎཾ་བཛྲ་མཱ་མ་ཀཱི་བྷཱ་ར་བྷཱ་ར་སཾ་བྷཱ་རེ་སཾ་བྷྲེ་ཧེ་རེ་ཧ་ར་བིགྷྣཱཾ་ཛཿོཾ་མར་མྨ་ཀྲཱྀ་བྷ་ནརྀ་བཛྲི་ས་རཻ་སྭ་སཱི་ད་ར་དར། ཐ་ར་ཐ་ར་ཛི་ར་ཀི་པ་ཐུ་ན་ཐུ་ན་ཧཱུཾ་བིགྷྣཱཾ་ཛི། ཨཽ་གི་བྷཱི་ར་བཛྲ་ཀཱརྞི་ཀེ་གྷཿགྷཿཧཱུཾ་རཀྟ་ཤོ་ཎི་ཏ་པྲི་ཡེ་གོན ་ཡེ་བིགྷྣཱཾ་ཛཿོཾ་ཨིནྡྲ་ཡ་ཧཱིཿཡ་མཱ་ཡཥྚཾཿཔ་རུ་ཏཱ་ཡ་བི། ཀུ་བཻ་རཱ་ཡ་ཀྲི། ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་རི་ཏ་ཡེ་ན། བཱ་ཡ་བེ་ན། ཙནྡྲ་ཡ་ཧཱུཾ། ཨ་ར་ཀ་ཡ་ཧཱུཾ། བྲཧྨ་ཎེ་པཊ། བ་སུ་དྷ་ར་ཡེ་ཕཊ། བེ་མ་ཙི་ཏྲ་ཎེ་སཱ། སརྦ་བྷུ་ཏེ ་ཛྫཿ། ཏྲཱདྡྷརྨྨ། ཧྲཱི་ཧྲཱིཧྲཱི། ཧྲཱིནྡནྟུ། ཐུ་ཕེཾ་བཾ་སྭཱཿ། ཞེས་སོ།། དེ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལྔ་སོ་རྩི་ལ་སོགས་པ་ལ་དབུལ་ཏེ། བཟོད་པར་ག་སྩོལ་ཞིང་གཤེགས་གསོལ་ཏེ་ཨཿཡིག་གསུ ་དང་སེ་གོལ་གསུམ་གྱི་གཤེགསུ་གསོལ་ནས། ཤར་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་དོར་རོ།། ཇི་སྲིད་འདོད་པའི་དོན་གྲུབ་པ་དེ་སྲིད་དུ་བྱའོ།། མེད་ན་ཆུ་དང་བསྐྱེས་པའི་བཟའ་བའི་སྣོད་ལ་མངོན་པར་བསྔགས་ལ་སྦྱིན་ནོ།། དེ་ལྟར ་ལས་གཞན་སྟོང་ཕྲག་ལ་ཡང་བཅོམ་ལྡན་འདས་སྦྱར་བར་བྱའོ།། བསྒོམས་པའི་བདག་ཉིད་ཅན་གྱིས་ཐམས་ཅད་འགྲུབ་པ་ཐེ་ཚོམ་མེད་དོ།། འདི་ནི་དངོས་གྲུབ་ཕྲན་ཚེགས་ཀྱི་ཆོ་གའོ།། དེ་ནས་བཅོམ་ལྡན་འདས་མཆོད་པར་འདོད་ན།། དེའི་ཚེ ་ཨོཾ་བཛྲ་སཏྭ་སརྦ་བིགྷྣ་ཨུ་ཙ་ཚེ་ཊ་ཡ་ཧཱུཾ་ཕཊ་ཅེས་པོ་འདིས་ཙན་དན་དམར་པོའི་སིནྡྷུ་ར་བདུད་རྩི་ལྟ་དང་བསྲེས་པ་འམ་འབའ་ཞིག་པས་དཀྱིལ་འཁོར་གྲུ་བཞི་པ་ཉེ་བར་བྱུགས་ལ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུཾ་དཀྱིལ་དུ་ཟླུམ་པོ་བྱས ་ཏེ.ོཾ་སྭ་ར་ཁཾ་སརྦ་ཏབྷྲཱུ~ཾ་ག་ཏཱ་དྷཱི་ཛནྟུ་སྭཱཏྨ། འདིས་མེ་ཏོག་གཞག་ནས་ལག་པ་བཀྲུས་ནས་སྐད་ཅིག་གིས་རང་གི་ལུས་ལས་མཐོན་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཎྜལ་དུ་བཞུགས་པར་བསྒོམས་ལ་མཆོད་པར་བྱ་སྟེ། ཨོཾ ་རཀྵ་ཡ་མཱ་ར་ཡ་བཛྲ་བཻ་ཏ་ཏཱ་ལའི་ཨཱ་ལཾ་ལིངྒི་ཏ་ཀནྡྷ་རཱ་ཡ་ཨཿཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དབུས་སུའོ།། ཨོཾ་མོ་ཧ་ཡ་མཱ་རེ་ཡེ་བཛྲ་ཙ་ར་ཙི་ཀཱ་ལིངྒི་ཏ་ཀནྡྷ་རཱ་ཡ་ཨཿཧཱུཾ་ཕཊ་སྭཱ་ཧཱ། ཤར་དུའོ། ཨོཾ་བི་ཤུ་ནཱ་ཡ་མཱ་རཱ་ཡེ་བཛྲ་བཱ་རཱ་ཧཱིཾ་ཨཱ་ལིངྒི་ཏ། ་ཀཱནྡྷ་རཱ་ཡ་ཨཿཧཱུཾ་ཕཊ་སྭཱ་ཧཱ། ལྷོ་ཕྱོགས་སུའོ།། ཨོཾ་རཱ་ག་ཡ་མཱ་ར་ཡེ་བཛྲ་ས་རྱ་སྭསྟི་ཨཱ་ལིངྒི་ཏ། ཀནྡྷ་ར་ཡ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ནུབ་ཏུའོ།། ཨོཾ་ཨིརྱ་ཥ་ཡ་མཱ་རཱ་ཡེ་བཛྲ་གཽ་རཱི་ཨཱ་ལིངྒ་ཏ་ཀནྟ་རཱ་ཡ་ཨཱཿཧཱུཾ་བཊ་སྭཱ་ཧཱ། བྱང་དུའོ།། ཨོཾ་ར་ཛཱ་པནྡྷ་གྷ ་ཊེ་ཡཻ་ཙ་ཏུཿས་མ་བཱ་ར་ཎ་ཡ་ཨཱ་ཨོཾཿཧཱུཾ་ཕཊ་སྭཱཧཱ། མ་མཚམས་སུའོ།། ཨོཾ་སུ་བ་ར་ཎ་གྷ་ཊཱ་ཡཱ་ཀཾ་རཱུ་རི་ཀཱ་པཱུ་ར་ཎ་ཡ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། བདེན་བྲལ་དུའོ།། ཨོཾ་པྲ་བྷ་ལ་གྷ་ཌཱ་ཡ་སརྦེ་ཀཾ་པཱུ་ར་ཎཱ་ཡེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། རླུང་དུའོ།། ཨོཾ་ར་ཛ ་ཏ་གྷ་ཊཱ་ཡ་ཀར་བཱ་ར་པཱ་ར་ཎཱ་ཡེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། དབང་ལྡན་དུའོ།། སྔགས་འདི་ཉིད་ཀྱིས་ཇི་ལྟ་བ་བཞིན་མངོན་པར་སྔགས་པའི་མཆོད་རྫས་བཅོམ་ལྡན་འདས་ལ་དབུལོ།། བསྟོད་པ་བསྡུས་པ་ཡང་བྱ་སྟེ། ཕྱག་བཙལ་ནས ་བཟླས་པ་བྱས་ནས་གཤེགས་སོ།། ཨོཾ་མུཿསྭཱ་ཧཱ། ཞེས་པ་འདིས་རང་ཉིད་ཀྱི་ལུས་ཁོ་ན་ལ་བཞུག་གྲོ། དེ་ལ་འདི་ནི་བསྟོད་པའོ།། མ་ཧེ་དབང་ཕྱུག་ཆེན་པོ་ལྷ་བདག་པོ།། གཉུགུ་མར་གསུངས་པའི་དངོས་གྲུབ་མངའ་བདག་པོ།། སྡིག་པ ་འཇིགས་རུང་བགེགས་རྣམས་འཇོམས་བདག་པ།། གཤིན་རྗེའི་འཁྲུལ་འཁོར་གསུང་སྔགས་མཆོག་བདག་པོ།། དབྱུག་པ་དཀར་བསྣམས་དབྱུག་དཀར་བསྣམས་པ་པོ།། མི་ཐོད་ཕྱག་ན་མི་ཐོང་བ་འཛིན་པ་པོ།། ཟུང་འཇུག་བདི་ལྡན་ཟུང ་འཇུག་བདེ་བ་པོ།། གཤིན་རྗེ་གསོད་མཛད་གཤིན་རྗེ་གསོད་པ་པོ།། མི་ཐོད་ཀླུ་ཡིས་བརྒྱན་བྱས་འཇིགས་པ་པོ།། བཅོས་མའི་སྐུ་ལུས་སྦྲུལ་གཞི་མཛད་པ་པོ།། མཐར་བདེའོ་གོ་འཕང་གནས་གཟུགས་འགོད་པ་པོ།། བརྟེན་སྟེར ་བློ་སྟེར་ཚེ་རིང་སྟེར་བ་པོ།། དེ་བཞིན་ཡིད་མཛད་ཕ་རོལ་ཕྱིན་པ་བོ།། ལྷུན་སྐྱེས་པདེ་ཆེན་གཅིག་ཟུགས་དགྱེས་པའོ།། ཐུགས་རྗེ་རོ་གཅིག་བསོད་ནམས་མཛད་པ་དྨོ།། ཐུགས་གསུང་བསྟོད་དགེའི་སྒྲས་ཀྱི་ལམ་པ་པོ།། ་ཞབས་ལ་ལྷ་མོ་བཅོད་ཅན་བཏུད་པ་པོ།། དགེགས་ཚོགས་མཐའ་དག་གོ་འཕོང་བཅོམ་པོ།། ནོར་སྟེར་སྐུ་མདོག་ཉི་ལྟར་དམར་བ་པོ།། བད་ཆེན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། དེ་ནས་རྣམ་པར་དག་པ་བསྒོམ་པར་འདོད་ན།། དེའི ་ཚེ་བསམ་གཏན་དང་སྔགས་བཟླས་པས་སྐྱོན་རྣམ་པར་དག་པ་བསྒོམ་པར་བྱའོ།། བསྒེགས་རྣམས་ཞི་ཕྱིར་བསྲུང་བར་བྱས།། དེ་ཉིད་རྒྱུར་ནི་བྱམས་ལ་སོགས།། སྨོནཽ་ལམ་འབྲས་བུ་རྙེད་པའི་ཕྱིར།། མཆོད་པ་བསོད་ནམས་འཕེལ ་བྱའི་ཕྱིར།། ལྟ་བ་གཞོམ་ཕྱིར་སྟོང་པ་ཉིད།། རང་ལུས་མཆོག་ཏུ་ལྟ་བ་ཡི།། སངས་རྒྱས་ཞིང་ནི་རྣམ་དྲག་ཕྱིར།། རྒྱལ་བ་རྣམས་ཀྱིས་དཀྱིལ་འཁོར་གསུངས།། གྲུ་བཞི་བདེན་བཞི་བསྒྲུབ་ཕྱིར་སྤྲུལ།། བདུད་བཞི་བཟློག་པའི་དོན་དུ་ནི།། ་སྒོ་བཞི་པོ་ནི་ཀུན་ནས་གསུངས།། ཟུར་བཞི་ངག་ནི་ཚངས་པ་ཡི།། གནས་བཞི་རྫོགས་པར་བྱ་བའི་ཕྱིར།། སྒྱུ་འཕྲུལ་སྣ་ཚོགས་བསྒྲུབ་དོན་དུ།། ཀཱ་བ་བརྒྱད་ཀྱིས་གསལ་བར་བཤད།། ཀུནྡ་རྟོག་ཐམས་ཅད་གཞོམ་པའི་ཕྱིར།། དྲ་བ་དྲ ་ཕྱེད་རིན་པོ་ཆེ།། བསྡུ་བའི་དངོས་པོ་བཞི་བསྒྲུབ་ཕྱིར། རྟ་བབས་བཞི་པོ་ཁོ་ན་སྟེ།། ཕུན་སུམ་ཚོགས་པའི་རྒྱུའི་ཕྱིར།། ས་བོན་ལ་སོགས་ཞུ་བའི་ཚུལ།། བྱམས་སོགས་འབྲས་བུ་ལྟ་བའི་ཕྱིར།། ཙ་ར་ཙི་ཀ་ལ་སོགས་པས་བསྐུལ།། ་གཤིན་རྗེའི་དག་རུ་རབ་གྲགས་ཕྱིར།། ག་ཤཱིན་རྗེ་གཤེད་གཟུགས་བསྒོམ་པའོ།། ཆགས་ཅནྡ་སེམས་ཙམ་གདུལ་བྱའི་ཕྱིར།། སྐུའི་ཁ་དོག་དམར་པོའོ།། དུས་གསུམ་ཡེ་ཤེས་གྲུབ་བྱའི་ཕྱིར།། སྤྱན་གསུམ་པར་ནི་བརྟགས་པའོ།། ཕྱ་གཉིས ་གཉུག་མའི་ངོ་བོའི་ཕྱིར།། ཤེས་རབ་དེ་ཉིད་རྒྱུའི་ཕྱིར།། དབྱུག་པས་གདུག་པ་གདུལ་བའི་ཕྱིར།། བསྲུང་པིའུ་དྲོན་དུ་ཐོད་པ་ཕྱག། གཡོན་བརྐྱང་ཤིན་དུ་ཚིམ་པའི་ཕྱིར།། ཀློ་ནཱི་ཀླུ་རྣམས་འདུལ་བའི་ཕྱིར།། གདུག་པ་སྡིགས་ཕྱིར་མགོ ་དྲོའི་ཕྲེང་།། མ་ཧེ་གདུལ་དཀའ་འདུལ་བྱེད་ཕྱིར།། ཁྲོ་བོའི་ཤིན་དུ་ཆགས་སྦྱོར་ཕྱིར།། སྦོམ་པོ་གང་བ་ཐོབ་པའི་ཕྱིར།། སྟག་ལྤགས་ལ་སོགས་ཁྲོ་བོའི་ཕྱིར།། སྐུསྐྲ་གྲོལ་བ་ནི་གྲོལ་བའི་ཕྱིར།། སྙིང་རྗེའི་ངོ་བོ་རྟོགས་པའི་ཕྱིར།། སྐྱེས་པའི་གཟུ ་ནཱི་རྟག་ཏུ་བཤད། ཤེས་རབ་གྲི་གུག་དངོས་པོ་དང་།། དངོས་མེད་ལྟ་བ་ཟློག་པའི་ཕྱིར།། ལྷ་རྫས་བདུད་རྩི་མྱང་ཨི.རོ་དང་ལྡན་ཕྱིར་ཐོད་པའོ།། སྟོང་ཉིད་ངོ་བོ་རྟོགས་བྱའི་ཕྱིར།། བུད་མེད་གཟུགས་ཡང་དག་བསྟན།། སྟོང་ཉིད་སྙིང་རྗེའི་སྦྱོར་བ་ལ།། གཉིས་ཀྱི། ་སྦྱོར་བ་བཤད་པའོ།། དཔུང་ཕྱུག་བརྒྱད་ཀྱིས་ཁྱབ་བདུག་ཉིས།། བཱིར་ནི་དཀྱིལ་འཁོར་པ་རྣམས་བསྟན།། དེ་ཕྱིར་རྡོ་རྗེ་ཐུགས་བསྒྲིབ་ཕྱི་རཱྀ།། འདི་ལ་རྣལ་འབྱོར་གཞན་ཡིད་མིན།། ཞེས་པའི་རྣམ་པར་དག་པ་བསྒོམ་པར་བྱའོ།། བཟང་བའི་བློ་ཡིས་བད ་ཀྱིས་བརྩོན་པས་སྤྲུལ་པའི་བརྗོད་པ་རྒྱ་ཆེན་ནུས་གྱུར་ཅིག། དེ་ཉིད་དེ་ཉིད་རིགས་པས་ངེས་བྱས་འདི་ནི་སེམས་ཅན་དོན་རྣམས་བསྒྲུབ་བྱའི་ཕྱིར།། དཔལ་ལྡན་གཤིན་རྗེའི་དགྲ་ཡིས་རབ་བསྒྲགས་རྒྱུད་ཆེན་སྣ་ཚོགས་བློ་མ་དམ་པ་ཡི། ཞབས་ལས ་རྟོགས་ནས་ཐེ་ཚོམ་མེད་པའི་ཡིད་ཀྱིས་བསམ་པ་རྣམ་པར་དག་པས་བྱ།། དད་པ་མེད་པར་འབྲས་བུ་མི་འཐོབ་ཉིད།། དེས་ན་དད་པ་ཉམས་པ་ཉིད་མི་བྱ།། བློ་གྲོས་བཟང་པོ་མཁས་པས་སྒྲུབ་ཐབས་མཆོག། དག་བྱས་གཤིན་རྗེ་གཉིད ་དམར་སྐུར་གྱུར་ཅིག། གཱ་ཤིན་རྗེ་གཤེད་དམར་བསྒྲུབ་པའི་ཐབས།། བྱས་ལས་བསོད་ནམས་གང་བསགས་པ།། དེ་ཡིས་གཤིན་རྗེ་གཤེད་ཉིད་དེའི།། རྣལ་འབྱོར་མཆོག་ལ་བརྩོན་པར་ཤོག། རང་བྱིན་གྱིས་བརླབས་པོའི་རིམ་པ་མན ་དག་དང་བཅས་པ་གཤིན་རྗེ་གཤེད་དམར་པོ་མངོན་པར་རྟོགས་པ་རྫོགས་སོ།། ། སློབ་དཔོན་ཆེན་པོ་མཁས་ཤིན་དངོས་གྲུབ་བརྙེས་པ། བློ་གྲོས་བཟང་པོས ་མཛད་པ། པིརྞྞ་ཏ་ཆེན་པོ་བླ་མ་རྗེ་བཙུན་ཉི་མ་འོད་ཟེར་གྱིས་ཞལ་སྔ་ནས། གུས་པས་མཉན་ནས་ཆག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། ་