CLOSE WINDOW

GT877: gshin rje mthar byed dmar po'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། རཀྵ་ཡ་མཱནྟ་ཀ་སཱ་དྷཱ་ནཱཾ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་དམར་པོའི་སྒྲུབ་ཐབས་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ཀུན་ནས་བླ་མ་ལ ་བཏུང་དེ། ལྷན་ཅིག་སྐྱེ་དགུའི་ངོ་བོ་ཉིད། གཤིན་རྗེ་གཤེད་སྐུ་དམར་པོ་ཡི།། སྒྲུབ་ཐབས་གསལ་པོར་བྲི་བར་བྱ།། དང་པོར་རེ་ཞིག་སེམས་ཅན་གདོན་པའི་བསམ་པ་ཅན་གྱི་སྔགས་པས་སྔ་བར་ལངས ་ཏེ་ཁ་གཙང་བ་ལ་སོགས་པ་བྱས་ལ། བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་ཡི་གེ་ཨཱཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བའོ།། དེར་ཡི་གེ་ཧཱུཾ་དམར་པོ་ཡོངས་སུ་གྱུར་པ་ལས ་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོས་མཚན་པ་བསྒོམ་མོ།། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དམར་པོའི་སྟེང་དུ་ཡི་གེ་ཧཱུཾ་ཁྭ་དོག་དམར་པོའི་སྟེང་དུ་ཡི་གེ་ཧཱུཾ་ཁ་དོག་དམར་པོའི་འོད་ཟེར་གྱིས་སྤྱན་དྲངས ་བའི་གཤིན་རྗེ་གཤེད་དམར་པོ་དང་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ན་མཁའི་ཕྱོགས་སུ་བསམ་མོ།། དེ་ནས་ཡི་གེ་ཧཱུཾ་ལས་འཐོན་པའི་མེ་ཏོག་དང་སྤོས་ལ་སོགས་པ་ཡང་དག་པར་མཆོད ་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམས་ནས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བ་བ་ཨཏྲ་ཀོ་ཧ། ་ཞེས་པ་ཡིད་ཀྱིས་བཀླག་གོ། སྟོན་གྱི་སྨོན་ལམ་གྱི་དབང་ལས་ཡི་གེ་པཾ་ཡོངས་སུ་གྱུར་པའི་པདྨའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལ་དབྱུག་པ་དཀར་པོ་སྟེ་དེར་ཡང ་ཉི་མའི་དཀྱིལ་འཁོར་ཡི་གེ་ཧཱུཾ་གིས་མཚན་པའོ།། དེ་ལས་ཧཱུ~ཾ་ཡིག་གི་འོད་ཟེར་རྣམས་ཀྱིས་འཇིག་རྟེན་གསུམ་བཀང་སྟེ་སེམས་ཅན་མཐའ་དག་གཤིན་རྗེ་མཐར་བྱེད་ཀྱི་གཟུགས་སུ་བྱས་ནས་ཧཱུ~ཾ་མ་ཡིག་དེ་ལ་གཞུག་གོ།། དེ་ནས་ཐམས ་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་གཤིན་རྗེ་མཐར་བྱེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གསུས་པ་འཕྱང་བ་གཡོན་བརྐྱང་གི་གོ་མོ་སྟབས་མ་ཧེ་ལ་བཞུགས་པ། ཕྱག་གཡས་ན་དབྱུག་པ་དཀར་པོ་གཡོ ་ན་ཁྲག་གིས་ཡོངསུ་གང་བའི་ཐོད་པ། དབུ་སྐྲ་དམར་སེར་གྱེན་དུ་བསྒྲེང་བ། མི་མགོ་ལྔའི་ཕྲེང་བས་བརྒྱན་པ། ཀླུ་ལ་སོགསོ་པའི་རྒྱན་གྱིས་བརྒྱན་པ།། སྟག་གི་པགས་པའི་ཤམ་ཐོབས་ཅན། མགུལ་པར་མི་མགོ་འཛམ ་པའི་ཕྲེང་བ་ཅན། འབར་བའི་ཕྲེང་བ་དམར་པོས་ཕྱོགས་མཐའ་དག་ཁྱབ་པ། གཤིན་རྗེ་འཇིགས་པར་བྱེད་པ། མཆེ་བ་རྣམ་པར་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ལྗགས་འགྱུར་བ། ཞལ་ནས་ཁྲག་འཛག ་པ། རང་སྣང་གི་ཤེས་རབ་ཀྱིས་མགུལ་ནས་འཁྱུད་པར་བདག་ཉིད་བསྒོམ་པར་བྱའོ།། བཅོམ་ལྡན་འདས་ཅི་འདྲ་བ་དེ་འདྲ་བའི་ཤེས་རབ་སྟེ། འོན་ཀྱང་བྱེ་བྲག་ཏུ་ཤེས་རབ་ནི་མགོ་བོ་སྐམ་པོའི་ཕྲེང་བ་ཅན་ནོ།། སླད་ནས་རང ་གི་སྙིང་གར་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་དབྱུག་པ་དཀར་པོ་སྟེ་དེའི་དབུས་སུ་ཉི་མ་དམར་པོ་ཡི་གེ་ཧཱུཾ་གི་བརྒྱན་པ་བསྒོམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཡི་གེ ་ཧཱུཾ་ལས་བྱུང་བ་དང་། བཅོམ་ལྡན་འདས་མའི་ཡི་གེ་པདདྨ་མའི་ཡི་གེ་ཨ་ལས་བྱུང་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བཱཏྨ་ཀོ་ཧཾ་ཞེས་བརྗོད་ཅིང་དབང་པོ་གཉིས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ ་བའི་རང་བཞིན་བཅོམ་ལྡན་འདས་བསྒོམ་པར་བྱའོ།། དེའི་རྗེས་ལ་བཅོམ་ལྡན་འདས་མའི་ལྟེ་བའི་འོག་ཏུ་པད་མ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཡི་གེ་ཧིཿདམར་པོ་རྩེ་མོར་རེ་ཁཱ་དཀར་པོ་གནས་པར་བསྒོམ་མོ།། ཐུགས ་ཀྭའི་ས་བོན་གྱིས་ན་མཁའི་ཕྱོགས་སུ་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་སྔ་མ་བཞིན་མཆོད་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ།། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏཱཿདེ་དག་གིས་དང ་རིན་པོ་ཆེ་ལ་སོགས་པས་སྤྲོས་པའི་གོ་སེར་གྱི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བས་བདག་ལ་དབང་བསྐུར་ཞིང་གུར་ཀུམ་དང་མེ་ཏོགྲོ་ལ་སོགས་པའི་ཆར་དབབ་པ་དང་རྔ་བོ་ཆེའི་སྒྲ་ལ་སོགས་པ་ཡང ་བསྒོམ་པར་བྱའོ།། སླར་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ན་མཁའི་ཕྱོགས་སུ་གཤིན་རྗེ་མཐར་བྱེད་དམར་པོ་སྤྱན་དྲངས་ལ། སྔ་མ་བཞིན་ཡང་དག་པར་མཆོད་དེ་ཛཿཧཱུཾ་བཾ་ཧོཿཞེས་པ་འདིས་དགུག་པ ་བ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། དམ་ཚིག་སེམས་དཔའ་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལ་གནས་པའི་ཧྲཱིཿཥྚྲཱིཿལ་སོགས ་བའི་སྔགས་ཀྱི་ཕྲེང་བ་འབར་བར་བལྟས་ལཾ་ཡིད་ཀྱིས་བཟླས་པ་བཞིན་དུ་ཁྲོ་བོའི་ཚིག་བཟླས་སོ།། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ནཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐུན་གཞན་ལ་སྒྱུ་མ་བཞིན་དུ་ས་བོན་དང་ཕྱག་མཚན་གྱི་རཱི་མེ་པསྱ་བདག ་ཉིད་བསྐྱེད་ལ་དབང་བསྐུར་བ་སྔོན་དུ་འགྲོ་བས་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ།། ཉལ་བའི་དུས་སུ་སྟོང་པ་ཉིད་ཀྱི་རྣལ་འབྱོར་བསྒོམ་ཞིང་ཉལ་བར་བྱའོ།། དམ་ཚིག་སྔོན་དུ་འགྲོ་བའི་རིམ་པ་འདིས་བསྒོམ་ཞིང ་བཟླས་ན་དེའི་གཤིན་རྗེ་མཐར་བྱེད་དམར་པོ་འདི་ངེས་པར་འགྲུབ་པར་འགྱུར་རོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའོ།། རིམ་པ་འདི་གཤིན་རྗེ་མཐར་བྱེད་དམར་པོའི་སྦྱོར་བ། འཁྲུལ་འཁོར་ལ་སོགས་པ་དང ་ལས་རབ་འབྱམས་ལ་སོགས་པ་འགྲུབ་པའོ།། འོན་གང་འདིར་བྱེ་བྲག་ཏུ་ཞི་བ་ད་། རྒྱུས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དབྱེ་བས་དཀར་པོ་དང་སེར་བ་དང་དམར་པོ་དང་། ནག་པོའི་གཟུགས་སུ་བསྒོམ་མོ།། ་གཤིན་རྗེ་མབོར་བྱེད་དམར་པོའི་སྒྲུབ་ཐབས་རྣལ་འབྱོར་གྱི་དབང་ཕྱོག་བཻ་རློ་བས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བླ་མ ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་གྱིས་ཞལ་སྔ་ནས་དང་། ཆག་ལོ་ཙ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། འོད་གསལ་འཆུར ་