CLOSE WINDOW

GT876: gshin rje gshed dmar po'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། རཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་ལ་ཕྱག་འཚལ་ལོ།། བདུད་བཞི་པོ་ནི་རྣམ་པར་འཇོམས།། དཔའ་བ ་དྲག་པོ་སྒྲོལ་མཛད་པ།། ཡ་མཱ་ནཱ་ཀ་ཕྱག་འཚལ་ནས།། དེ་ཡི་སྒྲུབ་ཐབས་བདག་གིས་བཤད།། ཐོག་མར་གནས་དབེན་པར་བདུད་རྩི་ལྔ་ལ་སོགས་པའི་རིལ་བུ་ཁར་བཅུག་ནས་བདག་ཉིད་རོའི་ཐོག་ཏུ་བསམས་ཏེ། འདུག ་ལ་ཚངས་པ་བཞི་དང་ལྡན་པས་བླ་མ་དམ་པ་ལ་མཆོད་པར་བྱའོ།། ཨོཾ་སྭ་བྷ་བ་ཤུདྡྷཿསརྦ་དྷརྨྨཿསྭ་བྷཱ་བ་ཤུདྡྷོ&ཧཾ། སརྦྦ་དྷཱརྨྨཿཡོ་གེ་ཤུདྡྷོ&ཧཾ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ་ཧཾ། ཡང་ཡོངསུ་གྱུར་པ་ལས ་རླུང་གི་དཀྱིལ་འཁོར་ཁེ་དོག་སྔོན་པོ་ཡེ་གིས་མཚན་པ་གཞིའི་དབྱིབས་ལྟ་བུ། དེའི་ཐོག་ཏུ་རཾ་དམར་པོ་ཡོངསུ་གྱུར་པ་ལས་མོའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་འབར་བས་མཚན་པ།། བཾ་ཡོངསུ་གྱུར་པ། ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ།། ཁ་དོག་ཁ་དོག་དཀར་པོ་བུམོ་པས་མཚན་པ། ལམ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེས་མཚན་པ། སུམ་ཡོངསུ་གྱུར་པ་ལས་རི་བོ ་མཆོག་རབ་གྲུ་བཞི་རིན་པོ་ཆེའི་རང་བཞིན་ཅན་ལྕོག་བརྒྱད་ཀྱིས་བརྒྱན་པ། དེའི་འོག་ཏུ་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཚན་དྲ་བ་དྲ་ཕྱེད་བརྒྱན་བྱས་ཤིང་། ་ཞེས་སོ།། དེའི་དབུས་སུ་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚུགས་པད་མ་དེའི་ལྟེ་བར་ཧཱུཾལས་སྣ་ཚོགས་རྡོ་རྗེ་དེ་ལས་སྐྱེས་པའི་དབྱུག་ཐོ་ཉི་མའི་དཀྱིལ་དུ་ས་བོན་དང་བཅས་པ་དེ་ཡོངསུ་གྱུར ་པ་ལས།། དཔའ་བོ་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་ཉི་མ་བྱེ་བའི་འོད་ཅན། ཕྱག་གཡོན་ན་བདུད་མ་ལུས་པའི་ཁྲག་གིས་བཀང་བའི་ཐོད་པ་ཕྱག་གཡས་ན་ཁམས་གསུམ་རྣམ་པར་འཇོམས ་པའི་དབྱུག་ཐོ་དཀར་པོ།། བརྒྱད་གཉིས་ལོན་པོའི་རྣམ་པ་ཅན།། ཀླུ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། མཆེ་བོ་གཙིགས་པ། ཞལ་ཅུང་ཟད་གདངས་པ། ཁྲོ་བོའི་ཚུལ་གྱིས་བཞད་པའི་ལྗགས་འགྱུ་བ། ཉི་མ་ལྟ་བུའི་སྤྱན ་གསུམ་ཟླུམ་པ། ཞལ་ཁྲོ་ཉེར་ཅན་སྐུ་སྦོམ་པ། རྩི་བ་ལོགས་དང་གསུས་པ་ཆེ་བ། སྐུ་དང་ཡན་ལག་དང་ཉིང་ལག་ཐུང་ཞིང་འབར་བ། དབུ་སྐྱེས་དང་སྨ་ར་སེར་ཅིང་འབར་བ། སྟག་གི་ལྤགས་པའི་ཤམ་ཐབས་བསྣོམ ་པ་བརྒྱ་ཕྱེད་མི་མགོའི་ཕྲེང་བ་ཅན། རྡོ་རྗེ་རོ་ལངས་མས་ཡང་དག་པར་འཁྱུད་པ། ལྷ་མོ་ཞལ་གཅིག་ལྷག་གཉིས་སྤྱན་གསུམ་དབུ་སྐྲ་གྲོལ་བ།། ཕྱག་གཡོན་ན་གནས་པའི་ཐོད་པར་གདུག་པ་བདུད་ཀྱི་ཁྲག་འཛིན་པ། ་གཡས་ནི་རྡོ་རྗེ་གྲི་གུག། མ་ཧེའི་ཐོག་ཏུ་ཞབས་གཡོན་བརྐྱང་བས་གནས་པ་བསྒོམ་པར་བྱའོ།། ཤར་གྱི་འདབ་མར་གཏི་མུག་གཤིན་རྗེ་གཤེད་བཛྲ་ཙར་ཙི་ཀ་ལ་འཁྱུད་པ་སྐུ་མདོག་དཀར་པོ།། ལྷོའི་འདབ་མར་སེ ་སྣ་གཤིན་རྗེ་གཤེད་སྐུ་མདོག་སེར་ཅིང་ཕག་མོ་ལ་འཁྱུད་པ། ནུབ་ཀྱི་འདབ་མར་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་དབྱངས་མ་དང་ཡང་དག་པར་ལྡན་པ། བྱང་གི་འདབ་མ་ལ་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག ་ལྗང་གུ་གཽ་རི་དང་ཡང་དག་པར་ལྡན་པ། གཡོན་ན་ཐོང་པ། གཡས་ན་གྲི་གུག་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པོ། དཔའ་བོ་ཇི་ལྟར་ཕྱག་དང་ཞལ་གྱི་རྣམ་པ་ཅན། མེའི་མཚམས་སུ་མུ་མེན་སེར་ཆབ་ཀྱི་བུམ་པ་ཙ་དུ་སམས ་བཀང་བ། བདེན་བྲལ་དུ་གསེར་གྱི་བུམ་པ་ཀས་ཏོ་རིས་བཀང་བ། རླུང་གི་མཆིམས་སུ་བྱི་རུའི་བུམ་པ་སི་ཧྲཱིས་བཀང་བ། དབང་ལྡན་དུ་དངུལ་གྱི་བུམ་པ་ག་བུར་གྱི་བཀང་པ། ཁ་ཐོད་པས་བཅད་པར་བསྒོམ་པར་བྱའོ།། དེ་ནཱས་ཏིང ་འཛིན་སེམས་དཔའ་དང་། དབང་བསྐུར་བ་དང་། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བ་དང་། བཟླས་པའི་དམིགས་པ་གོང་བཞིན་བྱས་ཏེ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐུགས་གའི་སྙིང་པོའོ།། ཨོཾ་ཧཽ་ཀྵིཾ་ཀྵ ་ཡཾ་ཀ་ར་ཡ། གྲིཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊྚ། ཉེ་བའི་ཐུགས་ཀྱི་སྙིང་པོའོ།། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་ཡ། མ་ཧཱ་དུརྟནྟ་ད་མ། ནཱ་ཤ་ཡ་ནཱ་ཤ་ཡ། བི་དྲ་ལ་ཡཾ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྲེང་བའི་སྟེགས་སོ།། ཨོཾ་དྲྀ་ཥ་ར་ཏཱི། ནུ་ད་ནུ་ད། ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛ་སྭཱདྷ། ་རྗེ་གཙུན་མའི་སྔགས་སོ།། ཨོཾ་མོ་ཧཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པི་ཤུ་ནནྡ་ཀྲྀ་ཏ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་རཱ་གཱན་ཏ་ཀྲོཏ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱིནྡན་ཏ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། དཔའ་བོ་བཞིའི་སྔགས།། ཨོཾ་མོ་ཧ་ར་ཏི་ཧཱུཾ་ཛཿོཾ་པི་ཤུ་ན་ར་ཏི་ཧཱུ~ཾ་ཛཿཻ་ར་གཽ་ར་ཏེ་ཧཱུཾ ་ཨོཾ་ཨིརྱ་ཥ་ར་ཏི་ཧཱུཾ་ཛཿདཔའ་མོ་དབང་ཕྱུག་མ་བཞིའི་སྔགས་སོ།། དང་པོ་མི་མགོ་གསུམ་བསྐལ་པའི་མེ་འམ། རྡོ་རྗེ་ལྟ་བུ་འབར་བ་ཅན། དེའི་ནང་དུ་ཟན་དང་ནུ་སྲེས་ལ། གོ་ཀུ་ད་ཧ་ན་མ་ར ་དང་། རྒྱ་སྐྱེགས་འདྲེས་མའི་ཁུ་བ་ལྟ་བུ་ཡང་དག་པར་བལྟས་ལ་བསིལ་བར་གྱུར་པར་བསམས་ལ། ཛཿཧཱུཾ་བཾ་ཧོཿསྔགས་འདིས་དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་ཏེ། དེ་ནས་མཆོད་པོ་ལ་སོགས་པ་ཕུལ་ནས། ་བསིལ་བ་རྀ་གྱུར་པའི་གཏོར་མ་དབུལ་བར་བྱའོ།། ། ཨཽ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛཱ་ཊ་ཡ། རཀྟ་མུ་ཁཱ་ཡཱ་རཀྟ་ཤ་རཱི་རཱ་ཡ། རཀྟ་བྷུ་ཛཱ་ཡ། སཱ་དྷཱ་ཀ་མུཎྜ། མཱ་ལཱ་བྷ་ར་ཎ་ཡ། རཀྟ་ར ་ཐཱ་ས་མ་རུ་ཊཱ་ཡ། རཀྟ་པསྨ་ས་ནཱ། རཀྟ་བ་ར་ཎོ། བྷུ་ཥ་ཎཱ་ཡ་ཨེ་བཱཾ་བ་ལྀ། གྲྀཧྞ་གྲྀཧྞ། མ་མ་བིགྷྣ། ཧ་ར་ཧ་ར། ཙ་ཏུ་རྨྨ་ར་ཎ། བི་བཱ་ར་ཡ། བྷཱུ་མ་ཡ་བྷ་མ་ཡ། ཙྪིནྡ་ཙིནྡ། བྷིནྡ་བྷིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥེ་ཡ་ཤོ་ཥ་ཡ། ཙྪ་དཙྪ་ད། བྷེ་ང ་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། དེ་ནས་སོ་སོ་ལ་དབུལ་བར་བྱ་སྟེ། ཨོཾ་ཨིནྡྲ་ཡ་ན་མོ་ཧཱིཿཡ་མཱ་ཡཾ་ན་མཿཥྞཱིཿཔ་རུ་ཎཱ་ཡ་ནཱ་མོ་བི། ཀུ་བེ་རཱ་ཡ་ནུ་མཿཀྲྀ་ཨཱི་ཤཱ་ནེ་ཡ། ན་མ་ཏཾ། ཨགྣ་ཡེ་ནཱ་མ་ཨ། ནཻ་རི་ཏ་ཡེ་ན་མོ་ན། མ་ཡ་བེ་ན་མོ་ན། ་ཙན་དྲཱ་ཡ་ན་མ་ཧཱུཾ། ཨཱ་ནཱ་ཡ་ན་མོ་ཧཱུ~ཾ། པྲ་ཧྨ་ཎེ་ན་མ་ཕཊ། བ་སུ་དྷ་ར་ཡེ་ན་མ་ཕཊ། བེ་མ་ཙི་ཏྲ་ཎེ་ན་མཿསཱཾ། སརྦྦ་བྷཱུ་ཏེ་དྷྱ་ན་མོ་ཧཱ། ཏཱི་ཏཱི་ཙུ་དྷཱུ་ཕེཾ་པཾ། ཨོཾ་མརྒྷཾ་མརྨྨ་བི་ག་ཏི་ཧཱུ། བཛྲ་ཙི་ར་ཙི་ཀེ། ཧ་ར་ཧ་ར། བྷུ་ཀྐོ་མཱ་ར་ཡ་མཱ་ར་ཡ། ཨཱ་མུ་ཀཿ ་ཛཿོཾ་གྷོ་ཎེ། སུ་གྷོ་ཎཾ། བཛྲ་མཱ་མ་ཀཱི། བྷ་ར་བྷ་ར་སཾ་བྷཱ་ར་སཾ་བྷ་ར། བིགྷྣཱ་ན་ཛཿོཾ་མར་མེ་མ་ར་མཱ། ཀྵོ་བྷ་ཎི་བཛྲ་ས་ར་སྭསྟི། ཧ་ར་ཧ་ར། ཐ་ར་ཐ་ར་བ་ར་པ་ར། ཀ་ནྱ་ཀ་ནྱ། དྷུ་ན་དྷུ་ན་ཧཱུཾ། ཨ་མུ་ཀཾ་ཛཿཛཿོཾ་གྷཾ་བྷ་རེ། བཛྲ་ཀཱར་ཏ་ཀེ། གྷཿགྷཿཧཱུཾ་རཀྟ། ་ཤོ་ཎི། ཏ་པྲ་ཡེ་གཽ་རཱི་ཡེ། ཨ་མུ་ཀཾ་ཛཿཛཿཤིང་གཅིག་དང་དུར་ཁྲོད་དམ་རིའི་རྩེ་མོར་བྱུང་སྟེ། ཁ་ལྷོ་ཕྱོགས་སུ་བལྟས་གཅེར་བུར་བྱས་ནས། ཧྲཱིཿཥྚིཿབརྒྱ་རྩ་བརྒྱད་བཟླས་པ་བྱས་ན། དེ་ནས་འདི་འགྲུབ་པར་འགྱུར་ལ་ཐེ་ཚོམ་མེད་དོ།། ་སྔགས་ཀྱི་ཆོ་ག་གསུངས་ཏེ། དབེན་པ་གཅིག་ཏུ་འདུག་སྟེ། རྗེ་བཙུན་གྱི་ཐང་ཀ་བཀྲམ་ལ། ཕྱོགས་བཅུ་ན་ག་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་དམིགས་ནས། མི་རུས་ཀྱི་སྨྱུ་གུས་ཁྲག་ཆེན་དང་། ་བྱ་རོག་གིས་ཁྲག་བསྲེས་པ་བྲི་གཞི་སོར་བཅུ་གཉིས་ཀྱི་ཚད་ལ་འཁོར་ལོ་རྩིབས་བཅུ་གཉིས་ཀྱི་དབུས་སུ་རླུང་གི་ས་བོན་དེའི་ལྟེ་བར་དགྲའི་མིང་ཚེགས་དྲག་དང་བཅས་པ་ཁ་སྦྱར་དུ་བྱས་ཏེ་བྱ་རོག་གི་སྐེ་ལ་བཏགས་ནས། གལ་ཏེ ་མ་བཀྲོལ་ན་དེ་རུ་ཆགས་པར་མི་འགྱུར་རོ།། དེ་ཉིད་དུ་བྲི་བར་བྱ་བའི་ས་བོན་བཅུ་གཉིས་ནི་ཊ་ཕ་ཊ་ཕ་ཧཱུ་ཧཱུཾ་ན་ན་ཏཱ་ཀྲྀ་བིཥྚིཿཧྲཱིཿོཾ། ཇི་ལྟར་འབྱོར་པའི་པུ་ཛ་བྱས་ནས། སྤོས་ཆེན་པོས་གདུགས་ཏེ། གལ་ཏེ་འབབ་ཆུ་ལ་སྦྱར་ན། དེ་ནས ་མི་གནས་པར་འགྱུར་རོ།། དེ་མ་ཡིན་པ་བྱ་རོག་གི་སྒྲི་ལ་ལན་གསུམ་བསྔགས་ཏེ་དགྲའི་སྒོ་གོང་དུ་སྤོས་ན་འཁོར་དེང་བཅས་པ་དེ་མ་ཐག་ཏུ་བརླག་པར་འགྱུར་རོ།། དེ་བཞིན་དུ་འཁོར་ལོ་རྩིབས་བཅུ་གཉིས་པ་དེ་ཉིད་ཀྱི་དབུས ་སརྦམྦྷ་གསུམ་དང་། དག་དང་སྒྲ་ན་རྣམས་ཀྱིས་རུས་རྒན་གྱི་སྒྲ་ས་མྦྷ་སྨྲ་བནྡྷ་དབུས་སྒྲ་ཆོག་དྲུག་དང་བཿས་དྷཱ་གྷུ། ཀནྡྷས་ཁྱཱ་སྱཱ་ལ། གཉིས་ཀྱིས་སྦྱི་ནས་བསྒྱུར་ཏ། ང་གན ་བསྲོས་ནས། བུ་དང་བུ་མོ་འཁོར་དང་བཅས་པ་དེ་མ་ཐག་ཏུ་འཆི་བར་འགྱུར་རོ།། འདི་མན་ངག་ལི་འཁོར་ལོ་གཉིས་ཁྭ་སྦྱར་བར་བྱའོ།། ཡང་ན་མིའི་རུས་བུ་སྣོར་བཞིའི་ཚད་ལ་ལན་བདུན་སྟུགསོ་བཟླས་ནས་དགྲ་ཟཥྚི་སྐྱོ་རུ་སྨྲས་ན ་དེའི་རིགས་སྟོངས་པར་འགྱུརརོ།། དེ་བཞིན་དུ་ས་བོན་བཅུ་གཉིས་པས་ཡོངསུ་བསྐོར་བའི་འཁོར་ལོ་རྩིབས་བཅུ་གཉིས་པའི་དབུས་སུ་ཙན་དན་ནམ་པོ་ཏེ་ཙེའི་ཤིང་ངམ། གཞན་གྱིས་མི་ཐུབ་པའི་སྔོ་རིགས་ཀྱི་ཤིང་གི་སྐྱེ་གུས་ཚུ ་ས་བོན་གྱིས་དབུས་སུ་བཾ་དེ་གཉིས་ཁོ་ན་ཁ་སྦྱར་ལ། ཐ་གསུམ་གྱིས་ཕྱི་ནས་བསྐོར་ཏེ། འོ་མས་བཀང་སྟེ་བརྒྱ་རྩ་བརྒྱད་བཟླས་ན། ཟླ་བ་གང་བ་ལྟ་བུར་རྒྱས་པར་འགྱུར་རོ།། དེ་བཞིན་ས་བོན་བཅུ་གཉིས་པ་དེ་ཉིད་ཀྱིས་ཡང ་སུ་བསྐོར་བར་འཁོར་ལོ་རྩིབས་བཅུ་གཉིས་ཀྱིས་དབུས་སུ་རྒྱ་སྐྱེགས་ཀྱི་ཡི་གེ་ཧཱི་དྷཱུ་ཡིས་བསྐོར་བའི་ཧོ། \ུ0f7fགཉིས་ཁ་སྦྱོར་ནང་དུ་མིང་བཅུག་སྟེ། ཡུངས་དཀར་དང་མར་དང་སྦྲང་རྩིས་བཀང་བར་གྱུར་ན། ལྷ་དང་ལྷ་མ་ཡིན་དང་། མི ་འམ་ཅི་དང་། ལྟོ་འཕྱེ་དང་ལྟོ་འཕྱེ་ཆེན་པོ་དང་མཁའ་འགྲོ་མ་དང་། གནོད་སྦྱིན་དང་སྲིན་པོ་དང་རྒྱལ་པོ་གདུག་པ་ཅན་ལ་སོགས་པོ་ཁོལ་པོ་དང་ཁལ་མོ་ལྟ་བུར་འགྱུར་རོ།། འཁོར་ལོ་བྱས་ནས་ར་བསྲེགས་པའི་སོལ་བས་ལིང་ག ་བྲིས་ལ་རྐང་པ་གཡོན་པའི་མཐེ་བོ་ཆེས་མནན་ཏྲེ། སྔགས་བཟླས་པས་གོང་བུ་དགུག་པའོ།། དེ་བཞིན་དུ་སྙིང་གར་ཧྲཱིཿདམར་པོས་མཚན་མར་བསྒོམས་ནས། བཟླས་ན་རྐང་པ་འགུགས་པར་འགྱུར་རོ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ནཱ་ནྱ ་ཙཱ་ལ་ཡ་བཱ་ད་ཙཱ་ལ་ནེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲཱིཿཥྚིཿཏཱ་ན་ན་བ་ཏྱ་དེ་བ་དཛྙ་མཱ་ར་ཡ་མཱ་རཾ་ཡ། ར་ར་ར་རཾ་ཧཱུ~ཾཿཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཛི་བཾ་བ་ར་ཏ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ར་ཏེ་རུ་པ་སརྦྦ་སརྦ། དུ་མ་ཀ་མུཏཱ་བྷཱ་པ་ནཾ། པ་ཏཱི་སྟྭཾ ་བྷ་བ། སྟོ་བྷ་ཡ། མ་ཧཱ་ཡ་བནྡྷ་ཡ། ཧྲཱིཿཥྚཱིཿཏྭེ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དྷཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་ཤོག། ཧྲཱིཿཚེག་དྲག་དང་བཅས་པ་ཛཿགཉིས་ཀྱི་བར་དུ་བཅུག་པ་ནི་རྐང་པ་དགུག་པའོ།། རིམ་པ་ཇི་ལྟ་བར་སྔགས་ཀྱི་ཚིག ་རྣམས་གོ་བར་བྱའོ།། ཨོཾ་ཎཱིཿཧྲཱིཿཏཱ་ནུ་ན་བྷྱཱཾ། ཨ་མུ་ཀཾ། གྷཿགྷཱཿཧཱུ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞོ་དང་འོ་མ་འདྲེས་པའི་ཟན་ལ་སོགས་པའི་སྦྱིན་སྒེག་གིས་རྒྱས་པར་འགྱུ་རོ།། ཨོ་ཧྣིཿཥྚིཿཝི་ཀྲྀ་ཏཱ་ན་ན་ཏེ་ཧེ་ཧཱུཾ་ཧཱུཾ་ཕཊ་ཕཊ། གྲོང་གི་ཕྱོགས་སུ ་གཏོར་མ་བཏང་སྟེ། དབུས་སུ་ཏིལ་གྱི་སྦྱིན་སྲེག་བྱས་ན། བདུད་ཀྱི་གནོད་པ་ཐམས་ཅིང་ཞི་བར་འགྱུར་རོ།། རྣམ་དག་གསུངས་ཏེ། དམར་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་བརླག་པར་མཛད་པའི་དོན་ཏོ།། འདས ་བ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ནི་སྤྱན་གསུམ་མོ།། ཕྱག་གཉིས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ་འཇོམས་པའོ།། སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་ལྡན་པས་ན་ཤེས་རབ་མ་ལ་འཁྱུད་པའོ།། ཀླུ་བརྒྱད་ནི་རྣམ ་ཤེས་པ་བརྒྱད་རབ་ཏུ་སྟོནྡྷ་པའོ།། མི་མག་བྱརྒྱ་བྱུང་ཀྱི་ཕྲེང་བ་ནི་ཡི་གེ་ལྔ་བཅུ་དང་ལྡན་པའོ།། གཡོན་པའི་ཟང་པ་ཡེ་ཤེས་ཀྱི་བདུད་རྩིས་བཀུང་བན་སྟོང་བ་ཉིད་ཀྱི་རང་བཞིན་ནོ།། གཡས་པའི་དཱུརྡྷན། ་ཐོ་ནི་ཕུང་པོ་དང་ཉོན་མོངས་པ་དང་། ལྷའི་བུ་དང་འཆི་བདག་གིས་བདུད་བཞི་བཅོམ་ཞིང་སྒྱིང་རྗེའི་རང་བཞིན་ནོ།། ཞབས་གཡོན་བརྐྱང་བས་ནཱི་ཁམས་གསུམ་ནི་རབ་ཏུ་སྟོན་པའོ།། བདུད་བཞི་ཁྲག་གི་རོ་དང་བཅུད་ལེན་དཔག་ཏུ་མེད་པ ་མྱོང་བས་ན་ལྷ་མོའི་གཡོན་གྱི་ཕྱག་ན་ཐོད་པའོ།། གཡས་ཀྱི་གྲི་གུག་གི་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་རབ་ཏུ་བཙོད་པའི་ཕྱིར་རོ།། གདུག་པ་ཅན་འདུལ་བ་ནི་ཁྲོ་བའི་གཟུགས་ཅན་ནོ།། གསུས་པ་འཕྱང་བ་ནི་མྱ་ངན ་ལས་མི་འདའ་བའོ།། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ནི་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་རབ་ཏུ་སྟོན་པའོ།། སྒོ་བཞི་ནི་བདུད་བཞི་སྐྲག་པར་མཛད་པའོ།། ཟུར་བཞི་ནི་ཚངས་པའི་གནས་བཞི་རབ་ཏུ ་གང་བའོ།། ཀ་བ་བརྒྱད་ནི་རྨི་ལམ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། བྲག་ཆ་དང་སྒྱུ་མའི་བདག་ཉིད། སྨིག་རྒྱུ་དང་མེ་ལོང་གི་གཟུགས་བརྙན་དང་། རྔའི་ཟླ་བ་ལྟ་བུ་དང་། ནམ་མཁའི་འཇབ་ཚན་ཏེ། དངོས་པོ་དང་དངོས་པོ་མེད་པའི་ཉོན ་མོངས་པའི་ཕྱིར་རོ།། ནང་གི་རྟོག་པ་འཇོམས་པ་ནི་དྲ་བ་བྱེད་པའོ།། རྟ་བབས་བཞི་ནི་སྦྱིན་པ་དང་སྙན་པ་དང་། དོན་མཐུན་པ་དང་དོན་དཔྱོད་པ་དང་། ལྡན་ཞིང་རབ་ཏུ་སྤོང ་བབཞི་དང་ལྡན་པར། ག་ཤིན་རྗེ་ག་ཤྱེད་དཱམྱུར་སྒྲུབ་པའི་ཐབས། བྱས་པའི་བསོད་ནམས་གང་བསགས་པ་དེ་ཡིས་འགྲོ་བ་མ་ལུས་ཀུན།། བདུད་བཞི་ལས་ནི་ཐར་བར་ཤག ་གཤིན་རྫོག་ཤིདང་དམར་བུའི་སྒྲུ་པའི་ཐབས་སློབ་དཔོན་བྲི་བི་རུ་བས་མཛད་པ་རྫོགས་སོ།། རྒྱ་གང་ཤར་ཕྱོགས་ཀྱི་བཎྜི་ཏ་ངན ་ཤི་ལས་རང་འགྱུར་དུ་མཛད་པའོ ་