| Wylie | e-texts produced with BDRC’s OCR application |
དེ་ནས་ཡང་དག་བཤད་བྱ་བ།། སྔགས་པས་རྟག་ཏུ་བརྟེན་པ་ནི། རུས་སྦལ་འོ་མ་ཞེས་བྱ་དང་། དེ་བཞིན་འོད་ཀྱི་ལོ་མ་དང་། འཇིམ་པ་སྐམ་པོ་ཉིད་དང་ནི།། དེ་བཞིན་མེ་ཡི་ཁུ་བ་དང་།། སྒྲ་བརྙན་གྱིས་ནི་རྫས་དག་སྟེ། ་འདི་རྣམས་རྟག་ཏུ་སྦྱར་ན་ནི།། རང་བཞིན་གྱིས་ནརྀ་ནང་མེད་ཅིང་།། ཚེ་རིང་དབང་པོ་རྒྱས་པ་དང་།། རྟག་ཏུ་ལང་ཚོ་དར་ལ་བབ།། ལྷ་རྣམས་ཀུན་གྱི་བྱིན་གྱིས་རླབ།། འདི་ལ་དཔྱད་པར་མི་བྱ་སྟེ།། མཐུ་དང་ངོ་བོ་ཉིད་ཀྱི་འགྲུབ། ་ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས།། ལས་ཀྱི་རྣམ་སྨིན་སྦྱོང་བར་བྱེད།། རིག་པ་འཛིན་པའི་ས་ལ་གནས།། དེ་ཕྱིར་ཆོ་ག་བཞིན་དུ་བསྟེན།། ཆོས་གཅིག་སྐྱ་རེངས་ཤར་བ་ནི།། སྣོད་ལཾ་མ་རེག་རུས་སྦལ་ཞོ།། དྲོད་མ་ཡལ ་བར་གཏང་བ་འམ།། ཡོད་ན་ཉི་མའི་སྦུ་གུས་བཏུང་།། མར་གྱི་ངོ་ཡི་ཚེས་གཅིག་ལ།། འོད་ཀྱི་ལོ་མ་བཙལ་ན་ནི།། དེ་ཉིད་ནས་ནི་བཟུང་ནས་ཀྱང་།། ཞག་གསུམ་སྐྱ་རེངས་ཤར་བ་ན།། ལོ་མ་དེ་བཅང་བཟའ་བར་བྱ།། ཡང་ན་ཉི་མ ་སྦུ་གུས་བྱ།། འཇིམ་པ་བཟང་པོ་སྦྱར་ནས་ནི།། ཞག་གསུམ་ཆུའི་ནང་དུ་བསྐམ།། དེ་བླངས་ནས་ནི་ཡང་བསྐམ་ནས།། ཕྱི་མ་བཱི་ལ་སྦྱར་ཚད་རེ།། བ་ཡི་འོ་མ་དང་སྦྱར་ནས།། སྔགས་པས་རྟག་ཏུ ་བཏུང་བར་བྱ།། མེ་ཡི་སྡོང་པོ་སར་པོ་ནི།། སའི་མར་གྱིས་དྲིལ་ནས་ནི།། ཁ་སྦྱར་སྣོད་དང་ལྡན་བྱས་ནས།། མེ་ཆུ་ས་ཡིས་བཙར་ནས་ནི།། བཏུང་ངམོ་ཉི་མའི་སྦུ་གུས་བཏུང་།། ལན་ཚ་བྲལ་བའི་སྒྲ་ལསྟྲ་ནི།། ཞག་གསུམ ་བཅིངས་པའོ་སྒྲ་བརྙན་རྫ་སྟེ།། ནུམ་གྱི་གུང་ལ་སྔགས་པས་བཟླས།། ཆ་གསུམ་སྣང་དུ་ཞིག་གསུམ་གཞག། རྩེ་མོའི་ཚེ་ནི་བྱུག་པ་སྟེ། དབུ་མའི་ཆ་ནི་བདུད་རྩི་ཉིད།། རྩེ་བའི་ཆ་ནི་དོར་བར་བྱ།། འདི་རྣམས་སོ་སོར་བསྟེན་པས་ན།། ་ཐ་མལ་འབྲས་བུ་གསུམ་གྱིས་ཕྱེ།། བྱི་ལོའི་སྤར་ཚད་རེ་རེ་སྦྱར།། མ་སྦྱར་ན་ཡིད་ཉེས་པ་མདོ།། ཚོགས་པར་བསྟེན་ན་བཟང་བར་བཤད།། རེ་རེ་རེ་བསྟེན་ཀྱང་ཉེས་པ་མེད།། འཇམ་དཔལ་གྱི་རྟོག་པ་དམ་རྫས་གསང་བ་རྨ ་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག་རྫོགས་སོ།། ་