| Wylie | e-texts produced with BDRC’s OCR application |
ཏེགཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཡ་མཱ་རི་སིདྷ་ཙཀྲ་སཱ་དྷ་ནི། བོད་བསྐད་དུ། གཤིན་རྗེའི་དགྲ་བསྒྲུབ་པའི་འཁོར་མོའི་སྒྲུབ་ཐབས།། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། དཔལ་རྗེ། ་གཤིན་རྗེའི་དགྲ་མགོན་ལ།། ཡང་དང་ཡང་དུ་ཕྱག་འཚལ་ཏེ།། གཤིནྡ་རྗེའི་དགྲ་ནི་བསྒྲུབ་བྱའི་ཕྱིར།། སྒྲུབ་པའི་ཐབས་ནི་གཤད་པར་བྱ།། སྔོན་དུ་གསུངས་པའི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པ་དེར་གསུངས ་པའི་དམ་ཚིག་ཡོངསུ་བསྲུང་བ་ཞིང་སེམས་དག་པས་ཡིད་དང་མཐུན་པའི་གནས་སུ་དྲི་ལི་སོགས་པས་བྱུགས་པའི་དཀྱིལ་འཁོར་ལ་མེ་ཏོག་གི་སིལ་མ་དགྲམ་པར་བྱའོ།། དེར་བཅོམ་ལྡན་འདས་གཤིན་རྗེ་དགྲའི་བྲིས་སྐུ ་བཞག་ལ།། དེ་ནས་རང་གི་སྔགས་ཀྱིས་ཨརྒྷའི་སྣོད་ལ་མངོན་པར་བསྔགས་ཏེ་གཞོག་པར་བྱའོ།། རང་གི་སྙིང་ག་ར་ཨ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་སའི་ཕ་རོལ་གྱི་སྣ་ཚོགས་མཛེས་པའི་གདན་ཨུས་བྱས་ལ། ་ཟླ་བ་དང་ཐིག་ལེས་བརྒྱན་པ་ལས་འོད་ཟེར་སྔོན་པོ་འབར་བ་ལས་བདུད་ཀྱི་གནས་བསྲེགས་ཏེ།། བགེགས་མེད་པར་དམིགས་ལ།། རང་གི་ས་བོན་འོད་ཟེར་སྣ་ཚོགས་སྤྲོས་ཏེ།། དེ་རྣམས་རྫོགས་པ་ལས་རྗེ་བཙུན་བླ་མ ་དང་། ཡང་དག་པར་རྫོགས་པའི་སྦྱངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏིལ་གྱི་གུང་བུ་བཞིན་དུ་ན་མཁའ་ཁྱབ་པར་མཐོང་ནས།། ཡང་དག་པར་མཆོད་པར་བྱ་སྟེ།། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་བསོད་ནམས་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས ་བཟུང་།། སངས་རྒྱས་ཆོས་དང་དགེ་འདུན་མཆོག། བྱང་ཆུབ་པར་ནི་སྐྱབས་སུ་མཆི།། རང་དང་གཞན་གྱི་དོན་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས།། བྱང ་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་མ་ལུས་བདག་གི་མགོན་དུ་གཉེར།། བྱང་ཆུབ་སྤྱོང་པོ་བདག་གིས་སྤྱད་པར་བྱ།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། དེ་ལྷོར་སྔོན་དུ་སྨོན་ལམ་ལན། ་གསུམ་བརྗོད་དེ།། དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་སྟེ།། ཨོཾ་ཤཱུ་ནྱེ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱ་ཏི་མ་ཀོ་ཧཽ། ཞེས་བྱ་བ་འདི་ལན་གསུམ་བརྗོད་དེ།། ཁམས་སུམ་མ་ལུས་པ་སྒྱུ་མའི་རང་བཞིན ་དུ་བསྒོམས་ཏེ།། འགྲོ་བ་ཐམས་ཅད་མི་དམིགས་པར་བྱའོ།། དེ་ནས་ཐོག་མ་མེད་པོའི་དུས་ཀྱི་ཀུན་ཏུ་རྟོག་པའི་ས་བོན་མ་རིག་པས་བྱས་པའི་ངོ་བོ་ཉིད་དག་ཅིང་།། ལྷག་པར་མོས་པར་བྱེད་པ་ནི་ལན་གསུམ་བཟླས་ཏེ།། ་ཨོཾ་ས་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤཱདྡྷོཧཱུཾ།། དེ་ནས་སྔར་གསུངས་པའི་ས་བོན་ལས་བྱུང་བའི་རྡོ་རྗེ་ཐོ་བ་དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར།། དེའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་ལས་གཤིན་རྗེ་གཤེད་ཀྱི་རང ་བཞིན་དུ་འཇ་སྤྲོ་བར་བྱ་སྟེ།། དེའི་རང་བཞིན་གྱི་འོད་ཟེར་གྱིས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་གསལ་བར་བལྟས་ལ།། དེ་ནས་དེ་ཐམས་ཅད་འདུས་པ་ལས།། དེ་ཉིད་ཀྱི་མཚན་མ་ལ་གཞུགས་པར་བྱའོ།། དེན ་ཐམས་ཅད་རྫོགས་པའི་མཐར་གཤིན་རྗེའི་དགྲ་མདོག་སྔོན་པོ་ཁྲོས་པ་འཇིགས་པར་བྱེད་པ།། ཞེ་སྡང་དང་བཅས་པ་གང་རྒྱངས་རྣམ་པར་སྒྲོག་པ།། མཆེ་བ་བཙིགས་པའི་ཞལ།། གསུས་པ་འཕྱང་བ།། མི་མགོ་སྐམ་པོས་རྣམ ་བར་བརྒྱན་པ།། སྐྲ་སེར་པོ་གྱེན་དུ་བརྫེས་པ།། མི་བསྐྱོད་པའི་དབུ་རྒྱན་ཅན་མགོ་བོའི་ཕྲེང་བས་དབུ་སྐྲའི་རལ་པ་བཅིངས་པ།། འཇམ་དཔལ་གྱིས་ཀུན་ཏུ་བརྒྱན་པ།། ཀླུའི་དབང་པོ་སྣ་ཚོགས་ཀྱིས་སྤྲས་པ། སྟག་གི ་པགས་པའི་ཤམ་ཐབས་ཅན། སེང་གེའི་པགས་པསོ་སེ་རལ་དུ་བརྒྱན་པ།། ཞལ་དྲུག་པོའི་ལྗགས་བསྒྱུར་བ།། སྣ་ཚོགས་པའི་ཞལ་དང་ལྡན་པ།། སྟེང་གི་ཞལ་འཇིགས་པར་བྱེད་པ།། ཚངས་དང་དབང་པོ་དང་འདྲག ་པོས་ཕྱག་བྱས་པ།། ཕྱག་དྲུག་པ་གྲཝ་ཡས་གསུམ་ནཱ་རྡོ་རྗེ་ཐོ་བ་དང་།། རལ་གྲི་དང་། རྡོ་རྗེ་བསྣམས་པའོ།། གཡོན་གྱི་གསུམ་ན་སྡིགས་མཛུབ་བྱེད་ཅིང་། ཞགས་པ་དང་། གཏུན་ཤིང་། རྡོ་རྗེ་དྲིལ་བུ་བསྣམས་པའོ།། ་སྣ་ཚོགས་ཀྱི་མདོག་ཙུན་འབར་བའི་ཕྲེང་བའི་འོད་ཀྱིས་ཁྲོ་བོ་རྣམས་ཀྱི་ཕྱག་ན་མཚན་མ་ལྔ་བསྣམས་པ་རྣམ་པར་བསྒོམས་ཏེ། མེ་ཧེའི་གདན་ལོ་བཞུགས་པ། ཞབས་དྲུག་པ། ཞབས་གཉིས་ཀྱིས་གཡིན་བརྐྱང་བ། ་རྡོ་རྗེའི་རྐང་པ་གཉིས་ཀྱིས་གར་བྱེད་པའོ།། རྡོ་རྗེའི་རྐང་པ་གཉིས་ཀྱིས་སེམས་དཔའི་སྐྱིལ་མོ་ཀྲུང་ལེགས་པར་བརྟེན་པ།། དེའི་འོག་ཏུ་གཤིན་རྗེའི་རྒྱལ་པོ་ཆུང་མ་དང་བཅས་པ་ཁ་སྦུབ་དུ་འགྱེལ་བ་དང་།། ལྷ་དང་ལྷ་མ ་ཡིན་ལ་སོགས་པའི་བགེགས་རྣམས་འཇོམས་པར་བྱེད་པར་བསམ་མོ།། བདུད་རྣམས་འཇིགས་ཤིང་སྔངས་པ་དང་།། ཁ་སྡུག་ཏུ་འགྱེལ་ཏེ་གནས་པའོ།། དེ་ནས་ཡེ་ཤེས་སེམས་དཔའ ་སྤྱན་དྲང་བར་བྱ་སྟེ། མཛུབ་མོ་གཉིས་ལྕུག་ཀྱུའི་ཚུལ་དུ་བྱས་ལ་བསྐུལ་ཞིང་སྔགས་འདིས་དགུག་སྟེ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿདེ་ནས་མཛུབ་མོ་གཉིས་ཞགས་པའི་ཚུལ་གྱིས་གཞུག་པར་བྱ་ཞིང་།། ཨོཾ་བཛྲ་པཱ་ཤ་ཧཱུཾ། ལྕག ་སྒྲོག་གི་གཟུགས་ཀྱིས་རྐེང་པ་འམ་དཔྱི་མགོ་གཉིས་བཅིང་བར་བྱ་ཞིང་།། ཨོཾ་བཛྲ་སྥོ་ཊ་བཾ། དེ་ཉིད་རྡོ་རྗེ་མཐོང་བས་བཅིངས་ཏེ།། དབང་དུ་བསྡུ་བར་བྱའོ།། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཛཿཧཱུཾ་བཽ་ཧོ། དགུག་པར་བསམ་པར ་བྱའོ།། རྣམ་པ་ཐམས་ཅད་ཀྱི་མཆོག་དེ་མཐོང་སྟེ། ཧཱུཾ་ལས་བགེགས་རྣམས་གཞོམ་པར་བྱའོ།། དེ་ནས་རང་གི་སྔགས་དང་ཕྱག་རྒྱ་འདིས་ཨརྒྷའི་སྣོད་སྦྱིན་པར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ་ཨརྒྷའི་སྣོད་ལྟར་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀ ་ཝཾ་ཀྲྀ་ཏཱ་ན་ནུ་ཧཱུཾ་ཛྫ། ཨརྒྷཾ་པྲཱ་ཏཱིཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་དང་མོཐེ་བོས་མེ་ཏོག་བླངས་ལ་ཁུ་ཚུར་བཅངས་ཏེ། རིམ་གྱིས་གུང་མོ་ལ་སོགས་པ་བརྐྱང་སྟེ། ཨོཾ་པྲ་བ་རཱ་སཏ་ཀཱ་ར་བྷོ་ཏཱིཙྪ་སཧཱ། དེ་ནས ་ཕྱག་རྒྱ་འདིས་བསྡུས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཙོངས་ཏེ། མཛུབ་མོ་དང་མཐེ་བོང་སེ་གོལ་བརྡབ་ཅིང་། ཨོཾ་བཛྲ་ས་མ་ཛཿཛཿཞེས་ལན་གསུམ་བརྗོད་དེ། བདག་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་ཇི་སྐད་གསུངས ་བས་བྱའོ།། ཨོཾ་ཨཱཿཧཱུཾ་གསུམ་གནས་གསུམ་དུ་དགོད་པར་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་རང་གི་སྔགས་དང་ལྷན་ཅིག་ཏུ་སྙིང་གཱ་དང་། མཛད་སྤུ་དང་། མགྲིན་པ་དང་། མགོ་རྣམས་སུ་གཞག་པར་བྱ་སྟེ། ་དེ་ལ་ཕྱག་རྒྱུ་ནི་གཉིས་ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཐེ་བོང་གཉིས་བརྐྱང་གུང་མོའི་རྒྱབ་ཚོགས་ཀྱི་གསུམ་པར་སྦྱར་རོ།། དེ་ནས་རང་གི་ལྕེ་ལ་ཧཱུཾ་གིས་རྡོ་རྗེ་གནོད་མཛེས་བསྒོམ་པར་བྱའོ།། ཆོས་ཀྱི་ཕྱག་རྒྱའོ།། ཕྱག ་རྒྱ་ཆེན་པོའི་དོན་དུ་དེ་ནས་དབང་བསྐུར་བ་བླང་བར་བྱའོ།། རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྒྲེང་སྟེ་མྱུ་གུ་ལྟར་བྱས་པ་ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་སྟེ། སྤྱི་བོར་གཞག་ལ་ཨོཾ་བཛྲ་སཱུ་ཏྲ་ཧཱུཾ་ཨ་བྷི་ཥྚི་མཱཾ།། འདྲིས ་ཐམས་ཅད་དུ། བཅོམ་ལྡན་འདས་མི་བསྐྱོད་བ་མདོག་གནག་པ་ས་གནོན་གྱི་ཕྱག་རྒྱས་གནས་པར་བསམ་མོ།། དེ་ནིས་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་མཛུབ་མོ་དང་གུང་མོ་སོ་སོར་སྦྱར་ཏེ། མཛུབ་མོའི་ཚིག ་གཉིས་པ་བཅིག། གུང་མོ་ཡུད་ཙམ་བཅོག་སྟེ། ལྷག་མ་སོར་མོ་མཉམ་པར་སྦྱར་བ་ནི་རྣམ་པར་སྣང་མཛད་ཀྱི་སྟེ། དཔྲལ་བར་གཞག་ནས་རྣམ་པར་སྣང་མཛད་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར ་རྡོ་རྗེ་བཅིངས་པ་ལས་གུང་མོ་རིན་པོ་ཆེའི་གཟུགས་ལྟར་བྱས་པ་ནི་རྡོ་རྗེ་རིན་ཆེན་མོས་ཏེ། རྣ་བ་གཡས་པའི་སྟེང་དུ་གཞག་པས་རིན་ཆེན་མཆོག་སེར་པོ་མཆོག་སྦྱིན་ཅན་ནོ།། དེ་ཉིས་ལས་སོར་མོ་རྣམས་པདྨའི་མྱུ་གུ་ལྟར ་བྱས་ལ་གུང་མོ་རྩེ་སྦྲང་དེ་ཡུད་ཙམ་ཐུར་དུ་བཅག་སྟེ། འདབ་མ་ལྟར་བྱས་པ་ནི་ཆོས་ཀྱི་རྡོ་རྗེ་མ་སྟེ། ལྷག་པར་གཞག་པས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་འཛིན་གྱི་ཕྱག་རྒྱས ་བཞུགས་པའོ།། རྡོ་རྗེ་ཐལ་མོ་སྦྱར་བ་ལས་མཐེ་བོང་གཉིས་མཉམ་པར་སྦྱར་ལ་གུང་མོའི་ཚོགས་གསུམ་པའི་རྒྱབ་ཏུ་མཛུབ་མོ་བཞག་པ་ནི་ལས་ཀྱི་རྡོ་རྗེ་མའོ།། རྣ་བ་གཡོན་པའི་སྟེང་དུ་བཞག་པས་དོན་ཡོད་གྲུབ་པ་མདོག་ལྡང ་གུ་མི་འཇིགས་པའི་ཕྱག་རྒྱས་བཞུགས་པའོ།། དེ་ནས་གོ་ཆའི་ངར་དབྱངས་བཙོངས་ཏེ། མཐའ་མོ་ལ་སོགས་པས་གེ་བསྲུངས་ཏེ། ཀུན་ནས་མཆོད་པར་བྱའོ།། དེ་ལ་འདི་ནི་བཅོམ་ལྡན་འདས་ལ་སྔགས་ཀྱིས་མཚང་བ ་སྟེ། ཐམས་ཅད་ཀྱང་པདྨ་དང་ཟླ་བའི་གདན་ཅན་མའོ།། ཨོཾ་ལཱ་སྱ་ཧཱུ~ཾ་མེའི་མཚམས་སུ་རྡོ་རྗེ་སྒེག་མོ་དཀར་མོ།། སེམས་དཔའི་སྐྱིལ་ཀྲུང་མ།། ཐམས་ཅད་པདྨ་དང་ཟླ་བའི་གདན་ཅན་མ། རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན ་ཏགར་བྱེད་པའི་འགྱིང་བྲག་དང་བཅས་པ། གཡོན་དུ་ཞལ་ཡོད་ཙམ་འདུད་པའོ།། དེ་བཞིན་དུ་ཨོཾ་བཛྲ་མཱ་ལེ་ཧཱུཾ། བདེན་བྲལ་དུ་རྡོ་རྗེ་ཕྲེང་བ་མ་སྐུ་མདོག་སེར་མོ་བསམ་པར་བྱའོ།། ཨོཾ་བཛྲ་གཱི་ཏི་ཧཱུཾ། འདིས་རླུང་གི ་ཕྱོགས་སུ་མདོག་དམར་མོ་གཡོན་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་སྦྲེང་བ། གཡས་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བའོ།། གཡས་གཡོན་གླུ་ལེན་པའི་གེར་བྱེད་ཅིང་བསྒེག་པའོ།། ལུས་ཡིད་ཙམ་གར་བྱེད་པ། གླུ་ལེན་ཅིང ་པིབིཝང་རྡུང་པར་བྱེད་པའོ།། ཨོཾ་བཛྲ་ནཱི་ར་ཏྱེ་ཧཱུཾ། འདིས་དབང་ལྡན་གྱི་ཕྱོགས་སུ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཀྱིས་ཕྱོགས་ཀུན་ཏུ་བསྒྱུར་བ་སྒེག་པའི་ཉམས་དང་ལྡན་པ་དེ་ཉིད་མགོ་བོར་གནས་པ། གར་སྦྱོར་བའི་ཚུལ་གྱིས ་གནས་པ་ནི་གར་མཁན་མའོ།། ཨོཾ་བཛྲ་པུཥྤེ་ཧཱུཾ། མདུན་དུ་སྐུ་མདོག་ཡིད་ཙམ་དཀར་བ་དེ་བཞིན་དུ་སྔོན་དུ་གཽར་བྱེད་པ། རྡོ་རྗེ་ཐོལ་མོ་མགོ་བོར་རྣམ་པར་འཛིན་པ་ལས་སྙིང་གར་མེ་ཏོག་གི་ཕྲེང་བ་འཛིན་པར་བྱེད་པ་ནི་མེ ་ཏོག་མའོ།། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། གཡས་ཕྱོགས་སུ་ཡིད་ཅིམ་འདུད་ལ།། སྐུ་མདོག་སེར་བ་ལག་པ་གཉིས་ཀྱི་མཽཐེ་བོང་གཉིས་བརྐྱང་པ་སྟེ། ཐུར་དུ་བསྐོར་ཞིང་སྤོས་དབུལ་བར་བྱའོ།། ཨོཾ་བཛྲ་དཱི་པེ་ཧཱུཾ། རྒྱོབ་ཏུ་ཡིད ་ཙམ་འདུད་པ་སྐུ་མདོག་དམར་བ་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ལ།། ལག་པ་གཉིས་གྱེན་དུ་བསྒྲེང་སྟེ། བསྐོར་ཞིང་མར་མེ་འབུལ་བར་བྱའོ།། ཨོཾ་བཛྲ་གནྡྷེ་ཧཱ། གཡོན་དུ་ཡིད་ཙམ་འདུད་པ་ཁ་དོག་ལྡིང་བ། དེ་བཞིན་དུ ་སྔོན་དུ་གར་བྱེད་ཅིང་ཡོངསུ་བསྐོར་བ་གཉིས་ཀྱིས་བྱུག་པར་བྱེད་པ་དྲི་ཆབ་མའོ།། འདི་དག་རང་རང་གི་ཕྱག་རྒྱ་བཅིངས་པ་ལས་བྱུང་བ།། སྒེགོ་མོ་ལ་སོགས་པའི་ལྷ་མོ་རོལ་པ་དང་བཅས་པར་ལག་པ་བསྐྱོད་པ་རྣམས་སོ།། ་ནམ་མཁའི་དཀྱིལ་འཁོར་ཁྱབ་པའི་ཆོས་ཐམས་ཅད་སྒྱུ་མ་ལྟོ་བུའི་ངོ་བོ་རྟོགས་པ།། སོ་སོར་བརྗོད་ཀྱི་མི་ལང་བའི་རང་བཞིན་སྤྲུལ་ཏེ།། མཆོད་པ་སྣ་ཚོགས་པའི་སྤྲིན་གྱི་ཚོགས་ན་མཁའ་དང་མཉམ་པ་བཅོམ་ལྡན་འདས ་ལ་མཆོད་པ་བྱེད་པ་བསུམ་མོ།། ཇི་ལྟར་བསྟོད་པ་ལ་སོགས་པ་ཐམས་ཅད་མན་ངག་ལ་བྱའོ།། དུས་བཞིའི་རིམ་པས་རྩ་བའི་སྔགས་ཇི་སྲིད་བཟླས་པ་དེ་སྲིད་མཚན་མ་བཟང་པོ་རྣམས་ངེས་པར ་མཐོང་ཞིང་ཉི་མ་བདུན་ན་རྨི་ལམ་བཟང་པོ་མཐོང་བ་ནི་དེའི་དུས་ལ་སངས་རྒྱས་རྨི་ལམ་དུ་མཐོང་བ་དང་། མཆོད་རྟེན་དང་། སྐུ་གཟུགས་དང་། གང་ཡང་དགེ་འདུན་མཐོང་བ་དང་། དགེ་སློང་མ་དང་། དེ་བཞིན་དུ ་ཡང་ལྷ་ཁདྨ་ངམ། དགེ་སློང་གཅིག་གམ། དེ་བཞིན་དུ་ཆུ་ཀླུང་ངམ། མཚོ་ལ་རྒྱལ་བ་དང་། རི་ལ་འཛེག་པ་དང་། བདེ་བར་གཤེགས་པ་རྣམས་དང་། བརྟུལ་ཞུགས་ཅན་དང་། སྔགས་པ་བྱེ་བྲག་ཅན་དང་། དབང་བསྐུར ་བར་བྱེད་པ་རྨི་ལམ་ན་མཐོང་བ་དང་། དགེ་སློང་མ་དང་། དེ་བཞིན་དུ་ལྗོན་ཤིང་གིས་སྤྲས་པའི་གནས་རྣམས་མཐོང་བ་དང་། དམ་པ་རྙེད་པ་དང་། རེག་པ་དང་། དེ་བཞིན་དུ་གཞན་ཡང་དགེ་བའི་དངོས་པོ་རྣམས་ཀྱི་མཚན་མ ་མཐོང་ན། དེ་ནས་ལས་རྣམས་བརྩམ་པར་བྱ་སྟེ། དེ་ལ་ལས་ཐམས་ཅད་བྱེད་པ་ནི། འཁོར་ལོའི་མཚན་ཉིད་རི་ལུ་མིག་བཞི་བཅུ་རྩ་དགུ་པ་ཤིན་ཏུ་འབར་བ་གསལ་བར་བྱ་སྟེ། དེ་ལ་ཨཱ་ཀཱ་ལིའི་སྦྱོར་བ་ལ་ཨུ་མེད་པ་རྣམ ་ཆོ་ག་བཞིན་དུ་བྲིས་པ་ལས་དབང་ལྡན་ལ་སོགས་པའི་ཕྱི་རོལ་གྱི་མཚམས་ལ་རི་ལ་སོགས་པའི་ཡི་གེ་བཞི་དགོད་པར་བྱའོ།། རྩ་བའི་སྔགས་གོམས་པའི་དབང་གིས་སྤེལ་ལོ།། ཨུའི་རེའུ་མིག་གོ་སྟེང་དུ་ཇི་ལྟ་བར་མགོ་བོས་ཕ་ར ་མཛེས་པའི་སྣ་ལ་བརྒྱད་པ་དང་འོག་གིས་སྤྲས་པ། དབྱངས་ཡིག་བཞི་པོ་སུམ་སྐོར་བྱས་ལ་དབུས་ཀྱི་རེའུ་མིག་ལ་ཡི་གེ་ཇི་ལྟར་གསུངས་པའི་རིམ་པས་བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲིའོ།། ལས་ཐམས་ཅད་བྱེད་པའི་འཁོར་ལོ་དེས ་བསྲུང་པའི་དྲིན་ལ་སྐྱེས་པ་རྣམས་ལྟ་གུར་ཀུམ་དང་། བུད་མེད་རྣམས་ལ་གི་ཝང་གཽ་གྲོ་ག་འམ?། ཨུ་མྲ་བྷིའི་ཤུན་པ་འམ། སྐྲ་གོར་ཞོ་ཤའི་ཤུན་པ་འམ། ར་སཽ་ལ་བསྲུང་བའི་སྐུལ་ཚིག་དང་ལྡན་པར་བྲི་བ་ནི་ཁོ་ཤར་ཕྱོགས་སུ་བལྟས ་ཏེ། ཞི་བའི་ལསོ་ནང་བར་གྱི་མཚམས་ལ་བྱ། རྗེ་བཙུན་སྐུ་མདོག་དཀར་པོར་བསྒོམ་སྟེ་བྲི། མཆོད་པ་ཆེན་པོ་བྱས་ཏེ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལ་སོགས་པ་སྔར་སྦྱིན་པ་བྱས་ན། བསྲུང་བ་ཆེན་པོ་བྱས་པ་དང་ལྡན ་པར་འགྱུར་རོ།། བུད་མེད་དམ་སྐྱེས་པ་ལ་སོགས་པ་ཞི་བར་བྱ་བར་འདོད་པས། འཁོར་ལོ་འདི་ཤིང་ཤིར་ཤིའི་ཤུན་པ་ལ་བྲི་བར་བྱ། ཙིན་དྲན་དང་། གུར་ཀུམ་གྱིས་བྲིས་ཤིང་ཡང་དག་པར་དེ་ཉིད་ཀྱིས་བྱའོ།། སྔར་གསུངས ་པའི་ཞལ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་ཐབ་ཏུ་དགོད་པར་བྱའོ།། དེའི་སྟེང་དུ་བླ་རེ་དགྲམ་པར་བྱའོ།། བུམ་པ་བཞི་པོ་རྣམས་ལ་རིན་པོ་ཆེ་སྣ་ལྔ་དང་འབྲུ་ལྔ་དང་། སྨན་ལྔའི་ནང་དུ་གཞུག། དྲི་ཞིམ་པོའི་ཆུས་དགང ་རས་ཀྱིས་བུམ་པའི་མགྲིན་པ་དཀྲི་བར་བྱ། མེ་ཏོག་དང་འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་རྒྱན་བྱ། ཕུར་བུ་སྣ་ཚོགས་ཀྱིས་ཐབས་ཀྱི་ཕྱི་རོལ་གྱི་མཚམས་བཞིར་བགེགས་བསྒྲེང་བར་བྱ།། བུམ་པ་བཞི་གཞག་པར་བྱ།། ཐམས ་ཅད་དུ་ཐབ་པ་ལ་སོགས་པ་གཞག་ཅིང་དགུམ་པར་བྱ།། དྲི་དང་ཆུ་དང་མེ་ཏོག་དཀར་པོ་བསྲེས་ལ། སྦྱོར་ཆུ་གཏོང་གི་སྔགས་ཀྱིས་ཆུའི་སྦྱིན་སྲེག་བྱའོ།། ཆུ་ངེས་ཐམས་ཅད་དུ་ཡང་དང་། ཡང་དུ་གཏོར ་ཉི་མ་བདུན་དུ་ཐམས་ཅད་དུ་ཡང་གཏོར་མ་སྦྱིན།། དེ་ནས་འཁོར་ལོ་དབྱུང་པོར་བྱས་ནས། རྒྱལ་མཚན་གྱི་རྩེ་མོ་ལ་བཏག་སོ་ཏེ་གནས་མཐོན་པོར་གཞག་སྟེ། ཉི་མ་རེ་རེ་ཞིང་མཆོད་པ་བྱས་ན་དེ་ནས་ཞི་བར་འགྱུར་རོ།། དམག ་གི་དཔུང་ལ་སོགས་པ་ལ་རེངས་པར་བྱ་བ་ལ་སྔར་གསུངས་པའི་ཤིང་ཤུན་ལ་ལྡོ་རོས་དང་། ཡུང་བའི་ཁུ་བས་བསྐུས་ཏེ་དྲི་དེ་ཡང་བསྐུ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། རྣམ་པར་སྣང་མཛད་དང་། ཆུ་བོའི་ངོགས་གཉིས་ཀྱི ་ས་དང་། རིའི་ས་དང་། ལམ་རྒྱ་གྲོམ་གྱི་ས་དང་། སྔར་གསུངས་པའི་ལྡོང་རོས་དང་། ཡུང་བའི་ཁུ་བས་བཙིར་ལ། གཟུགས་བརྙན་བྱས་ནས་དེའི་སྙིང་གར་བཅུག་སྟེ། ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་བསྒྲུབ ་པར་བྱ་བ་འོང་བའི་ལམ་གྱི་ས་འོག་ཏུ་བཅུག་སྟེ། སེ་ལྡེང་གི་ཕུར་པ་སོར་བརྒྱད་པས་ལུས་ལ་སོགས་པ་མན་ངག་ཇི་ལྟ་བས་ཕུར་བུ་གངབ་པ་བྱོས་ནས་གཏོར་མ་ཡང་སྦྱིན་ནོ།། ཇི་ལྟར་གསུངས་པོའི་མདོག་ལ་སོགས་པ་འདི་དག ་རྫོགསོ་བ་དང་། ལྔ་སྟོང་བཟླས་པ་བྱས་ནི་གདུག་པ་ཅན་ཐམས་ཅད་རེངས་པར་འགྱུར་རོ།། གང་དུ་རིམ་དང་དུག་ལ་སོགས་པ་མེང་པར་བྱེང་བ་དེར་སྲན་ནེ་ལ་ལན་བདུན་བསྔགས་ཏེ། འོངས་འཁོར་ལོ་བྲི་བར་བྱའོ།། དེའི ་སྟེང་དུ་བསྒྲུབ་བྱ་གཞག་ཅིང་ཇི་ལྟར་གསུངས་པའི་ཆོ་ག་བྱས་ན་དེ་ནས་ཞི་བར་འགྱུར་རོ།། དགྲ་བོ་བཅིང་བ་ལ་ཁམ་ཕོར་མ་བསྲེགས་པ་ཁ་སྦྱར་ལ། འཁོར་ལོ་འདིས་ཤིང་མྱོས་བྱེད་ཀྱི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བ་དང་བཙག ་རྣམས་བསྲིས་ལ་བྲི། རོ་བསྲེགས་པའི་ཐལ་བ་དང་། སས་གཡོགས་པར་བྱ། དེའི་མིང་དང་སྤེལ་ཏེ་སྟོང་བཟླས་ན་འདིས་ཁ་བཅིངས་པ་ལ་སོགས་པའི་ཉེས་པ་འབྱུང་བར་འགྱུར་རོ།། བསད་བའི་སྦྱོར་བ་ལ་འཁོར་ལོ་འདི་དུར ་ཁྱོད་ཀྱི་རས་ལ་དུག་དང་། ཚ་དང་། སྐེ་ཚེ་དང་། མཛུབ་མོའི་ཁྲག་བསྲེགས་ལ་བྲི། རོ་སྲེགས་པའི་ས་དང་། ཐལ་བ་དང་། དགྲ་བོའི་རྐང་རྗེས་ཀྱི་ས་དང་། མི་རུས་ཀྱི་ཕྱེ་མ་རྣམས་ཀྱིས་བསྲེས་ལ་གཟུགས་བརྙན་བྱས་ཏེ།། ་དེའི་སྙིང་གར་གཞུག་པར་བྱའོ།། དེ་ནས་དུར་ཁྲོད་ཀྱི་མཱ~ཾ་ལ་བསྲོ་ཞིང་ཁྲོས་པའི་སེམས་ཀྱིས་སྟོང་ཕྲག་བཅུ་བཟླས་པ་བྱས་ནས། དེའི་ཁྱིམ་མ་མཱ།། དུར་ཁྲོད་དུ་སྨྲས་ན། དེ་ནས་སྐད་ཅིག་གིས་འཆི་བར་འགྱུར་རོ།། དགྲ་ནང་དབྱེ ་ནཱ་མ་ཏེ་དང་། རྟའི་པགས་པ་འམ། ཡང་ནུ་དུར་ཁྲོད་ཀྱི་རས་སམ། རོའི་རས་ལ། མ་ཧེ་འམ་རྟའི་ཁྲག་གམ། བྱི་ལྀ་དང་ཁྱི་འམ། ཁྱིམ་བྱའི་ཁྲག་གམ། ནིམ་པའི་འདབ་མའི་ཁུ་བ་དང་། སྐེ་ཚེ་དང་བསྲེས་པས་འཁོར ་ལོ་འདི་བྲི། རྣམ་པར་འགྲས་པར་བྱེད་པའི་ཚིག་དང་ལྡན་པར་བསྐུལ་བ་བྲིས་ནས། རྟའི་སྦལ་གྱི་ཁར་བཅུག་ལ་མ་ཧེའི་རྨིག་པའི་ནང་དུ་གཞུག་པར་བྱའོ།། དེ་ནས་བཟླས་པ་ཁྲི་བྱས་ཤིང་ནིམ་པའི་ཤིང་བསྐོས་ཏེ་དེ ་ནང་དུ་སྦ་བར་བྱས་ན། དེ་གཉིས་འགྲས་ནས་དཔག་ཚད་བརྒྱས་ཚད་ཀྱང་འཐབ་པར་འགྱུར་རོ།། དེ་ནས་རིམས་ཀྱིས་ཐེབས་པར་འདོད་ན་དུར་ཁྲོད་ཀྱི་རྭས་ལ་འཁོར་ལོ་འདི་ཙི་ཏྲ་ཀ་དང་། ་དུག་དང་། ཨརྒའི་འོ་མ་དང་། སྐེ་ཚེ་དང་། ཁྲག་རྣམས་ཀྱིས་རྫོགས་པར་བྲིས་ནས་སེང་ལྡང་གི་མེ་ལ་བསྲོ་ཞིང་ཁྲོས་པའི་སེམས་ཀྱིས་བརྒྱ་ཕྲག་ལྔ་བཟླས་པ་བྱས་ན། རིམས་ཀྱིས་འཛིན་པར་འགྱུར་བ་ནི། བསྒྲུབ་བྱའི ་ཁྱིམ་མམ། ལམ་གྱི་བཞི་མདོ་འམ། དུར་ཁྲོད་དུ་སྦས་ནའོ།། ཐམས་ཅད་ལས་གྲོལ་བར་འདོད་ན། འོ་མས་བཀྲུས་ན་གྲོལ་བར་འགྱུར་རོ།། རྒྱས་པ་ལ་གྲྀ་ག་ལ་བཞི་མཉམ་གྱི་འཁོར་ལོ་འདི་བྲི། ཐ་མ་གཉིས ་སུཾ་ཨོཾ་བྲི། དབུས་སུ་བསྒྲུབ་བྱའི་མིང་། སྐུལ་བར་བྱེད་པའི་ཚིག་དང་ལྡན་པར་བཟུང་བར་བྱ་ཞིང་། ཐང་ཀའི་མདུན་དུ་ཉིན་རེ་བཞིན་དུ་ཁ་ནུབ་ཏུ་བལྟས་ལ། ཟླ་བ་དྲུག་ཏུ་གནོད་སྦྱིན་དང་། གནོད་སྦྱིན་མོས་རིན ་ཆེན་པོ་ཆེའི་ཆར་འབེབྱས་པར་བྱེད་པར་བསམ་ཞིང་བདག་པོའི་གཟུགས་ཀྱིས་རྣམ་པར་བསམས་ཏེ། བཟླས་པ་ཁྲི་དང་སྦྱིན་སྲེག་ཁྲི་བྱས་ནི་འགྲུབ་པ་ནི་དེ་ནས་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ།། དབོང་དུ་བྱ་བ་ལ ་ནི་འཁོར་ལོ་གྲོ་ག་ལ་སོགས་པའི་ཤོག་ཤོག་ལ་རང་འབྱུང་གི་མེ་ཏོག་དང་གི་ཝང་གིས་བྲི། ཡང་ན་སྲིན་ལག་གི་ཁྲག་དང་། བིལ་བའི་ལོ་མའི་ཁུ་བ་དང་། རས་དམར་པོའི་ཁུ་བ་དང་། ངོར་རྩི་རྣམས་བསྲེས་ལ་བྲིས ་ཏེ། སྤྲ་ཚིལ་གྱིས་ཡང་དག་པར་དཀྲི་ཤིང་བྱུགས་ནས་མར་དང་སྦྲང་རྩིས་བཀང་བའི་བུམ་པའི་ནང་དུ་གཞག་ལ།། འཛབ་ཁྲི་བྱ་བ་ནི་ཧོ་མཐར་སྦྱར་ཞིང་ཉི་མ་རེ་རེ་ཞིང་ཇི་ལྟར་གསུངས་པའི་རིམ་པས་མཆོད་པ་བྱས་ན་མོད་ལ་དབང་དུ ་འགྱུར་རོ།། གྲོ་ག་ལ་གུར་ཀུམ་གྱིས་སྐར་མ་རྒྱལ་གྱི་ཟླ་བ་ལ་སོགས་པ་གཟས་ཟིན་པའི་དུས་སུ་བྲིས་ནས་སྐུད་པ་དམར་པོས་དཀྲི་ཞིང་མཆོད་པ་ཆེན་པོ་བྱས་ཏེ། གཏོར་མ་ཡང་སྦྱིན་ཞིང་འཛབ་སྟོང་ཕྲག་བཅུ་སོ་སྒྲུབ་པ་བྱས་ལ་ཇི་ལྟར ་གསུངས་པའི་གཟུགས་ཀྱིས་མིའི་ཐོད་པའི་ནང་དུ་གཞུག་པར་བྱས་ན། དེ་ནས་གང་དང་གང་འདོད་པ་དེ་རྙེད་པར་འགྱུར་རོ།། རལ་གྲི་ལ་སོགས་པ་རེད་པར་བྱ་བ་ལ། འདི་ཉིད་ཀྱིས་ཅི་ཡང་རུང་བའི་མཚོན་རེངས་པར་བྱས་ནས། ཚིག ་བསྐུལ་བ་དང་ལྡན་པར་བྲིས་ན་དེར་རེངས་པར་བྱེད་དོ།། དྲག་པོ་ལ་སོགས་པ་ཡོད་བྱང་ཚོགས་པ་དང་ལྡན་པས་གང་འདོད་པ་དེ་མེད་པར་བྱེད་དོ།། སྔོན་དུ་གསུངས་པའི་རིམ་པས་ཞི་བར་འགྱུར་རོ།། མ་མོའི་ཁྱིམོ་དང་། དུར་ཁྲོད ་དང་། ཤིང་གཅིག་གི་དྲུང་ངམ། གནས་སྟོང་པོ་འམ། ཆུ་འགྲམ་མཐོན་པོ་དང་རི་འམ། གནས་དབེན་པ་འམ། མཆོད་རྟེན་དང་། སྔོན་དུ་གྲུབ་པའི་གནས་དག་གམ། ཡིད་དང་མཐུན་པའི་གནས་སམ། ལྷོ་གང་དང་རང་གི་ཁྱིམ ་དུ་སྔགས་པས་འཛབ་བྱེ་བ་བཟླས་པ་བྱས་ན། ཇི་ལྟར་གསུངས་པའི་རིམ་པས་གསང་བའི་དབང་བསྐུར་བ་བླ་མ་ལ་དད་པ་དེ་ཁོ་ན་ཉིད་རིག་པ། བླ་ན་མེད་པ་དེས་ཅི་ཡང་འགྲུབ་བོ།། རི་ལུ་འདོད་པའི་དངོས་གྲུབ་དང་། རཱ་སའི ་དངོས་གྲུབ་དང་། རེངས་པའི་དངོས་གྲུབ་དང་རྐང་མགྱོགས་ཀྱི་དངོས་གྲུབ་དང་། རལ་གྲི་དང་། གནོད་སྦྱིན་མོ་དང་། ས་འོག་དང་། གཾ་ཝང་དང་། བུམ་པ་བཟང་པོ་དང་། དེ་བཞིན་དུ་རིག ་པ་འཛིན་པའི་དངོས་གྲུབ་དང་། ཀླུ་མོ་དང་། ལྷ་མ་ཡིན་གྱི་བུ་མོ་དང་། མི་འམ་ཅིའི་བུ་མོ་དང་། དེ་བཞིན་དུ་མིའི་བུ་མོ་དང་། མཁའ་ལ་སྤྱོད་པ་དང་། གང་འདོད་པ་དེ་གྲུབ་པར་བྱེད་དོ།། རང་གི་སྡེ་ཡོངས་སུ་བསྲུང་བར་བྱེད་དོ།། ་གཞན་གྱི་སྡེ་འཇོམས་པར་བྱེད་དོ།། སྲིན་མོ་ལ་སོགས་པར་མེད་པར་བྱེད་དོ།། མཁའོ་འགྲོ་མ་རྣམས་འཇོམས་པར་བྱེད་དོ།། རིམས་མ་ཉི་མ་བཞི་པ་ལ་སོགས་པ་མེད་པར་བྱེད་དོ།། དུག་དང་པྲི་དབབ་པ་ལ་སོགས་པ་ལྀ་ཡཱ ་བཟླས་པ་ལ་བྱིས་པར་འགྲུབ་པོ།། སྟག་ལ་སོགས་པ་འཇིགས་པར་བྱེད་དོ།། ཆུ་ཡིས་འཇིགས་པ་མེད་པར་བྱེད་དོ།། སྔོགས་འཛིན་པས་འདོད་པའི་སྙིང་པོ་དེ་རྙེད་པར་འགྱུརརོ།། བླ་མའི་ཞལ་ལྔ་ནས་ཀྱིས་སྣང་བ་ལས། རང་གི ་སྙིང་གར་འཁོར་ལོ་དགོད་པར་བྱའོ།། ངོ་མཚར་དུ་མ་རྣམས་བྱེད་དོ།། རྗེ་བཙུན་གྱི་ང་རྒྱལ་དང་ལྡན་པས་ཀུན་ཏུ་གནས་པར་བྱའོ།། སྔགས་པས་རྟག་ཏུ་བཟླས་པ་བྱས་ན་དེས་ཐམས་ཅད་འགྲུབ་པོ།། གཏོར་མ་ཐམས་ཅད་སྔགས ་འདིས་སྦྱིན་པར་བྱའོ།། ཨོཾ་ཧྲཱིཿཥྞཱིཿཝི་ཀྲྀ་ཏཱ་ན་ན་ཧཱུ~ཾ་མ་མ་ཨོ་མུ་ཀཾ་ཀརྱཾ་ཀུ་རུ་སརྦ་ཤ་ཏྲཱུ་ན་བི་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། མན་ངག་ཇི་ལྟ་བས་བདུད་རྩི་ལ་སོགས་པ་ཟིན་པ་དང་། གཏོར་མ་སྦྱིན་པར་བྱས་པས་འགྲུབ་པ། ་འཁོར་ལོས་དགོས་པ་ཀུན་བྱེད་དོ།། སངས་རྒྱས་ཀུན་གྱིས་བྱིན་བརླབས་ཀྱིས།། ཡེ་ཤེས་བླ་མ་གནང་བ་ཡི།། བྱས་པ་དྲན་པ་ཡིས་ནི་བྱས།། གཤིན་རྗེའི་དགྲ་མགོན་མན་ངག་གིས།། བསྒྲུབ་པའི་ཐབས་ཀྱི་མཆོག་བྱས ་ལ་དེའི་བསོད་ནམས་ཁྱད་པར་གྱིས།། སེམས་ཅན་གནས་ཆེན་ཐོབ་པར་ཤོག། དཔལ་ཨུ་རྒྱན་གྱིས་ཡུལ་ནས་བྱུང་བ་གྲུབ་པའི་འཁོར་ལོ་ཇི་ལྟར་རྙེད་པ་ཀླུའི་བྱང་དུ་ཀྱིས་མཛད་པ་རྫོགས་སོ།། ་