| Wylie | e-texts produced with BDRC’s OCR application |
དདང་པ་གསང་སྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོར་ཡིན་ཏེ།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་སེམས་དང་པ་བསྐྱེད་པའི་ཕྱིར།། གཞན་ལ་གུས་པས་མཆོག་ཏུ་བཀུར་རྫོགས་སོ།། ། དེ་ནས་གཞན་ཡང་བཤད ་བྱ་བ།། སྔགས་པས་རྟག་ཏུ་བསྟེན་པ་ནི།། རུས་སྦལ་པོ་མ་ཞེས་བྱ་བ།། དེ་བཞིན་འོད་ཀྱི་ལོ་མ་དང་།། འཇིམ་པ་སྐམ་པོ་ཉིད་དང་ནི།། དེ་བཞིན་མེ་ཡི་ཁུ་བ་དང་།། སྒྲ་སྣང་གི་ནི་རྫག་དང་ཀའདི་རྣམས་རྟག་ཏུ་སྦྱར་ན་ནཱི།། རང་བཞིན་གྱིས ་ནཱ་ནང་མེང་ཅུང་།། ཚེ་རིང་དབང་པོ་རྒྱས་པ་དང་།། རྟག་ཏུ་ལང་ཚོ་དར་ལ་བབ།། ལྷ་རྣམས་ཀུན་གྱི་བྱིན་གྱིས་སྷོ།། འདི་ལ་སྤྱད་པར་མི་བྱ་སྟེ།། མཐུ་དང་ངོ་བོ་ཉིད་ཀྱིས་གྲུབ། ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས།། ལས་ཀྱི་རྣམ་སྨིན་སྤྱོད་པར་བྱེད་།། ་ག་པ་འཛིན་པའི་ས་ལ་གནས།། དེ་བཞིན་ཆོ་ག་བཞིན་དུ་བསྟེན།། ཚེས་གཅིག་སྐྱ་རེངས་ཤར་བ་ནི།། སྣོད་ལ་མ་རེག་རུས་སྦལ་ཞོ།། དྲོང་མ་ཡལ་བར་བཏུང་བ་འམ།། ཡང་ན་ཉི་མའི་སྤུ་གུས་བཏུང་།། མར་གྱི་ངོ་ཡི་ཚེས་གཅིག་ལ།། འོད་ཀྱི ་ལོ་མ་བཙལ་ནས་ནི།། དེ་ཉིད་ནས་ནི་བཟུང་བར་བྱ།། ཞག་གསུམ་ཆུ་ཡི་ཆར་པ་བཏང་།། ལོ་མ་དེ་བཅད་བཟའ་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང་།། འཇིམ་པ་སྐམ་པོ་སྦྱར་ནས་ནི།། ཞག་གསུམ་ཆུ་ཡི་ནང་དུ་སྦྲང་།། དེ་བླངས་ནས་ནི ་ཡང་བསྐམས་ནས།། ཕྱེ་མ་བྱི་ལའི་སྦར་ཚོད་རེ།། བ་ཡི་འོ་མ་དང་སྦྱར་ནས།། སྔགས་པས་རྟག་ཏུ་བཏུང་བར་བྱ།། མེ་ཡི་སྡོང་པོ་སེར་པོ་ནི།། ས་ཡི་མར་གྱིས་དྲིལ་ནས་ནི།། ཁ་སྦྱོར་སྦྱོར་དང་ལྡན་བྱས་ནས།། མེ་ཆུ་ས་ཡིས་བཙིར་ནས་ནི།། ་བཏུང་བ་འམ་ཉི་མའི་སྦུ་གུས་བཏུང་།། ལན་ཚ་བྲལ་བ་དག་ལ་ནི།། ཞག་གསུམ་འཆི་བའི་སྒྲ་བརྙན་རྫས།། ནམ་གྱི་དུས་ལ་སྔགས་པས་བླངས།། ཆ་གསུམ་སྣོད་དུ་ནགོ་གསུམ་གཞག། ཁ་ཡི་ཆ་ནི་བྱུག་པ་སྟེ།། དབུས་མའི ་ཆ་ནི་བདུད་རྩི་ཉིད།། རྩ་བའི་ཆ་ནི་དོར་པ་སྟེ།། འདི་རྣམས་སོ་སོར་བསྟེན་པ་ན།། ཐ་མལ་འབྲས་བུ་གསུམ་གྱི་ཕྱེ།། བྱི་ལའི་སྤར་ཚད་དེ་དང་སྦྱར།། མ་སྦྱར་ན་ཡང་ཉེས་པ་མེད།། ཚོགས་པར་བསྟེན་ནས་བཟའ་བར་བྱ།། རེ་རེ་བསྟེན ་ཡང་ཉེས་པ་མྱེང་།། དམ་རྫས་རྨད་དུ་བསྒྱུར་ཏེ་བསྟེན་པའི་ཆོ་ག་རྫོགས་སོ།། ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལོ།། དེ་ནས་ཡང་དག་བཤངད་བྱ་བ།། བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས།། རྡོ་རྗེ་རྣམས་ལས ་