| Wylie | e-texts produced with BDRC’s OCR application |
དེ་ནས་གཞན་ཡང་བཤད་པ་ནི།། ལས་ཀྱི་གྲོགས་ཀྱིས་བྱེད་པ་སྟེ།། ཞི་བའི་ལུས་ནི་ཟླ་བ་ཡིན།། རྒྱས་པ་དེ་བཞིན་མིག་ཏུ་བསྒྲགས།། དབྱེ་བ་ཡོན་ཏན་ཞེས་བྱ་སྟེ།། དབང་དུ་བྱ་བ་རིག་བྱེད ་ཡིན། དགུག་པ་ཡི་ལ་དེ་བཞིན་མདའ།། བསྐྲད་དང་མནན་པ་དང་པོ་བཞིན།། མནན་པོའི་རྗེས་སུ་འབྲང་བ་ཡིས།། གསང་པཱི་ཉྩ་ནི་རྒྱ་མཚོར་འདོད།། ལས་རྣམས་དེ་དག་རེ་རེ་ཡང་།། འཕགས་ཚོགས་མཆོད་སྦྱིན་དང་པོ ་སྟེ། ཉི་མ་གཉིས་པར་གཏོར་མ་སྦྱིན།། གསུམ་པ་བཟླས་པ་རྣམ་པར་འབད།། བཞི་པ་སྦྱིན་སྲེག་ཚང་བར་བྱ།། ལྔ་པ་ལས་ཀྱི་འཁོར་ལོ་བསྐོར།། དྲུག་པ་བསམ་གཏན་རྩེ་གཅིག་བྱ།། བདུན་པ་ལས་ཀྱི་ལྷག་ཆང་བསྐང་།། ་གྲངས་ཀྱི་ལས་ལ་ཁྱད་པར་དུ། ལས་ཀྱི་གཙོར་ནི་གང་བསྒྲུབ་དེའི།། འཁོར་ལོ་བསྐོར་བ་ཉི་མ་བཞི།། ལས་ཀྱི་བྱེ་བྲག་འདི་ཤེས་ན།། ཞི་བས་འཇིགས་པ་བརྒྱད་ལུས་བསྐྱོབ།། རྒྱས་པུས་ཡོན་ཏན་དྲུག་དང་འབྱོར།། ་དབང་གི་མོས་པ་རྣམ་བཞིར་བསྒྱུར།། དབྱེ་བས་བསང་སྡེ་བརྒྱད་དང་འབྱེད།། མནན་པས་དབང་པོ་དྲུག་འཆིང་བྱེད།། གཞོན་ཡང་ཇི་ལྟར་དེ་བཞིན་དུ། སྔགས་དང་རྫས་ཀྱི་སྦྱོར་བ་ལ།། དཔྱད་ན་དངོས་གྲུབ་མི་འགྲིབ་སྟེ།། གོལ་ཏེ ་ཡིད་གཉིས་ཟ་གྱུར་ཏེ་མ།། བསམ་པར་འགྱུར་རམ་དད་པ་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང་།། ཕྱིར་བཟློག་འགྱུར་པར་གདོན་མི་ཟ།། དད་པ་བརྟན་པར་བསྒྲུབས་པས་ན།། ན་མཁའ་མེད་པར་གྱུར་ན་ཡང་།། སྔགས་ཀྱི་དངོས་གྲུབ་མེད ་མི་སྲིད།། ལྷ་དང་དྲང་སྲོང་གིས་བཤད་པའི།། རིག་སྔགས་སླུ་བ་མི་སྲིད་ན།། འདོད་ཆགས་བྲལ་བ་བཤད་པ་ཡིས།། གསང་སྔགས་སྦྱོར་བས་བསླུ་བ་ནི།། མ་བྱུང་འབྱུང་བར་མི་འགྱུར་རོ།། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་ལ ་ཐེ་ཚོམ་མེད་པ་ཡི།། མཁས་པ་ལྔ་ནི་དངོས་གྲུབ་ཉ།། རྟོག་ཅིང་དཔྱོད་པའི་རྟོག་གེ་བཾ།། དེ་ལ་བསྒྲུབ་པའི་དངོས་གྲུབ་རིང་།། མན་ངག་དམ་པ་བསྟན་བྱས་ཀྱང་།། སློབ་མ་ཡིད་གཉིས་ཟ་གྱུར་ན།། དེ་ལ་དངོས་གྲུབ་རིང་བར་བཤད།། བླ་མས་མན་ངག་སྦས ་བྱས་ཀྱང་།། སློབ་མི་ཡིད་གཉིས་མི་ཟ་ཞིང་།། བླ་མའི་མན་ངག་དམ་པ་ཞེས།། གཅེས་སྤང་བྱས་ན་འགྲུབ་པར་ངེས།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་གི་ཡིད་གཉིས་སྤང་བའི་ཕྱིར།། བླ་མ་མཉེས་པར་བྱ་བ་གཅེས།། བསྙེན་བཀུར་བྱས་པས་ནུས་མཐུ ་ཆོ་གསང་སྟི་བརྗོད་པས་བར་ཆུང་མེད།། སྣརོན་ཕུལྟ་བ་བྱས་པས་ནི། རང་སེམས་རིན་ཆེན་རྣམ་གཉིས་འགྱུར།། རིན་ཆེན་གཉིས་ལ་གྲུབ་པ་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད།། བསྔགས་ནོ་སྐྱོན་འབྱུང་འགྱུར་ཏེ།། བསྡོགས་པ་དགེ་ནི ་བྱས་ན།། ཇི་ལྟར་ཡོད་བཞིན་ནོར་བུ་ཡང་གི། གང་གིས་བསྔགས་པ་མ་བྱས་ན།། དེ་ལ་འདོད་ན་མི་སྟེ་རོ།། དང་པ་སངས་རྒྱས་དང་པ་ཆོས།། དང་པོ་དགེ་འདུན་དད་པ་མ།། ངད་པ་བླ་མ་དད་པ་ཕ།། དངང་པ་ལམ་ཚོན་དང་པ་གྲུ།། དད་པ་ཡིད་བཞིན་ནོར་བུ་སྟེ།། ་དདང་པ་གསང་སྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོར་ཡིན་ཏེ།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་སེམས་དང་པ་བསྐྱེད་པའི་ཕྱིར།། གཞན་ལ་གུས་པས་མཆོག་ཏུ་བཀུར་རྫོགས་སོ།། ། དེ་ནས་གཞན་ཡང་བཤད ་