CLOSE WINDOW

GT858: drag po'i las kyi bya ba bdun pa
Wyliee-texts produced with BDRC’s OCR application

དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ།། དྲུག་པོའི་ལས་ཀྱི་བྱ་བ་བདུན་པ་ཤང་པར་བྱ་སྟེ། དུ་ལ་དྲང་པོར་མཆེད་སྟན་བྱ་སྟེ། འཕགས་པ་མཆོད་པ་དང་། འགྲོ་བ་ལྔ་སྦྱིན་གཏོར་བཏང་བ ་དང་བླ་མ་ལ་སོགས་པ་སྤྱན་དྲངས་ཏེ། ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས། བཱཀེརཾ་གནང་པ་དང་།། སྨོན་ལམ་ནོད་པར་བྱའོ།། མཆོད་སྦྱིན་བྱ་བའི་ཆོ་ག་སྟེ་དང་པའོ།། ། ད་ནི་གཏོརརྱ་མ་རཾ་ལཱྀས་བཤད་དོ།། ་ནུས་ཉི་མ་གཉིས་པ་ལ་མེ་ཏོག་ནག་པོ་དང་། ཤ་ཆེན་པོའི་བདུག་སྤོས་དང་། ཏིལ་ཆེན་པོའི་མར་མེ་དང་། བདུད་རྩི་རྣམ་ལྔ་དང་ལྡན་པའི་དྲི་ཆབ་དང་། བཤོས་སངས་ཀྱང་མི་ལ་སོགས་པའི་གདོང་ཅན་གྱི་ཤ་དང་། རྟ་དང ་བོང་བུ་དང་། རྔ་མོ་ལ་སོགས་པ་ཕྱུགས་སྣ་ཚོགས་ཀྱི་ཤ་དང་། ཁྱི་དང་ཝ་ལ་སོགས་པ་གཅན་གཟན་སྣ་ཚོགས་ཀྱི་ཤ་དང་། གཞན་བྱ་རྒོད་དང་འུག་པ་ལ་སོགས་ཏེ། འདབ་ཆགས་སྨྲ་ཚོགས་ཀྱི་ཤ་ལས་བྱས་པའི ་བཤོས་སངས་དང་། གཏོར་མ་དུ་འབྱོར་པ་བྱའོ།། གཞན་ལས་ཀྱི་གཏོར་མ་ཆུ་གཅིག་འབྲུ་ནག་པོ་དང་དྲིག་སྣ་ཚོགསྣ་དང་། མི་དང་ཁྱི་དང་རིའི་ཁྲག་དང་། ལྕགས་ཕྱེ་དང་། རྡོ་ཕྱེ་དང་སྐྱི་ཚེ་དང་། ལན་ཚྭ་དང་སྦྱོར་བ ་ཞིག་ཀྱང་བནག་གོ།། དེ་ནས་སྔགས་པ་བདོག་ཉིད་ཆས་གོས་ནག་པོ་གྱོན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ལྷའོ་ཏིང་ངེ་འཛིན་ཁྲོ་བོར་བསྒོམ་པ་མ་གཏོགས་པ་མཚང་པོའོ་བར་ཞི་བའི་ལས་བདུན་བཞིན་བསྒོམ་པར་བྱའོ།། ་དེ་ལ་རེ་ཞིག་དང་པོར་ཨོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་ཧ~ཾ། ཞེས་བརྗོད་དེ། ཆོས་ཐམས་ཅད་བདག་མེད་པའི་བདག་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་ན་མཁའི་དཀྱིལ་དུ་ཡི་གེ་ཡཾ་ལས་གྲུབ ་པ་རླུང་གི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཡི་གེ་ཨེ་ལསུཾ་ཟླ་བའི་དཀྱིལ་འཁོར་དུ་བསམས་ཏེ་དེའི་སྟེང་དུ་ཡི་གེ་ལ་མ་ལས་འཇམ་དཔལ་གཞོན་ནུ་སྐུ་མདོག་སེར་པོ་ཨུད་པ་ལ་བསྣམས་པ་ཞིག་ཏུ་བསྐྱེད་དོ།། ་དེདེའི་ཐུགས་ཀར་ཨཱ་རིང་པོ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་དེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པའི་རྒྱལ་བ་སྱས་དང་བཅས་པ་སྤྱན་དྲོངས་ནས། སླར་དེ་ཉིད་ལ་ཞུགས་པས་ཐམས་ཅད་ཀྱང་ཉི་མའི ་དཀྱིལ་འཁོར་འོད་ཟེར་འབར་བས་དཔག་ཚད་བརྒྱ་སྟོང་དུ་ཁྱབ་པར་བསམ་མོ།། དེའི་སྟེང་ཧཱུཾ་ནག་པོ་འོད་ཟེར་ལྔ་དང་ལྡན་པ་འཕྲོས་པས་སྔ་མ་བཞིན་དུ་དེ་ཉིད་ལ་ཞུགས་པས། རྡོ་རྗེ་ཆེན་པོ་ཁ་གདེངས་པ་འོད་ཟེར་འཕྲོ་བ ་ཙུག་ཏུ་གྱུར་ཏེ། སྐུ་ཕྲ་མོ་བ་དང་། བསྡུས་པས་སྦྱོར་བས་འཇིགས་བྱེད་ཆེན་པོའི་སྐུར་གྱུར་པར་བྱ་སྟེ། འདི་ལྟར་འཇིགས་བྱེད་ཆེན་པོ་ཞལ་དགུ་པ། ཕྱག་སུམ་ཅུ་རྩ་བཞི་པ། ཞབས་བཅུ་དྲུག་པ། སྐུ་ལས་བསྐལ་པའི ་མེ་འབོར་བ།། ཞལ་ནས་འཇིགས་པ་ཆེན་པོའི་ཕོ་སྐད་གནམ་དུ་འཛིན་ཅིང་བསྐལ་པའི་འབྲུག་ལྟ་བུའི་གདངས་སྐད་ཅན་རྐང་པའི་སྟབས་ཀྱིས་ས་གཞི་གནོན་པ། མི་མགོའི་ཕྲེང་བ་དང་ཐོད་པའི་དབུ་རྒྱན་ཅན་གཅེར ་བུ་མཚན་མཱ་གྱེན་དུ་འགྲེང་བ། ཞལ་དགུ་ལ་མ་ཧེ་དང་། གཡས་ཀྱི་ཞལ་གསུམ་ནི་མཐིང་ག་དང་། དམར་པོ་དང་སེར་པོ་སྟེ་ཁྲོས་པའོ།། གཡོན་གྱི་ཞལ་གསུམ་ནི་དཀར་པོ་དང་། དུང་ཀ་དང་། ནག་པོའོ།། རྭ་གཉིས ་ཀྱི་དབུས་ཀྱི་ཞལ་དམར་པོའོ།། དེའི་སྟེང་དུ་ཀུན་ཏུ་བཟང་པོ་སེར་པོའོ།། ཕྱག་གཡས་པ་ན་ཀཱརྟ་ར་དང་། དྷི་ཏ་ཏི་པ་ལ་དང་གཏུན་ཤིང་དང་། ཆུ་གྲི་དང་ཀཱ་ན་ཡ་དང་། སྟ་རེ་དང་མདུང་དང་། མངའ་དང་ལྕགས ་ཀྱུ་ད་། དབྱུག་ཏོ་དང་། ཁ་ཊྭཱཾ་ག་དང་འཁོར་ལོ་དང་རྡོ་རྗེ་དང་། རྡོ་རྗེ་ཐོ་བོ་དང་རལ་གཱི་དང་རྗེ་ཆུང་བསྣམས་པའོ།། ཕྱག་གཡོན་ན་ཀཱ་པཱ་ལ་དང་མགོ་བོ་དང་། ཕུབ་དང་རྐང་པ་དང་དང་། ཞགས་པ་དང་གཞུ ་དང་། རྒྱུ་མ་ད་དྲིལ་བུ་དང་། ལག་པ་དང་དུར་ཁྲོད་ཀྱི་རསྨཻ་དང་། དཔྲལ་རྩེས་ཕུབ་པའི་སྐྱེས་བུ་དང་མི་ཐབ་དང་། ཐོང་ཚུལ་དང་། སྡིགས་མཛུབ་དང་། བ་ད་ན་ལྕེ་གསུམ་པ་དང་། རླུང་གི་རས་བསྣམས ་པ་བྱ་ཤོག་གཉིས་གླང་པོ་ཆེའི་པགས་རློན་འཛིན་པའོ།། གཡས་ཀྱི་ཞབས་རྣམས་ཀྱི་ས་མི་དང་། མཱ་ཧེ་དང་། ཁྱུ་མཆོག་དང་བུད་བུ་དང་རྔ་མོ་དང་ཁྱི་དང་། ལུག་དང་ཝ་རྣམས་བརྫེསྡེ་པརོ།། གུཡོན་གྱི ་ཞབས་རྣམས་ཀྱིས་བྱ་རྒོད་དང་འུག་པ་དང་བྱ་རོག་དང་སུ་ཀར་དང་། ཁྲ་དང་བྱ་རྒོད་ཆེན་པོ་དང་། མ་དྲི་དང་། གཞང་རྣམས་བརྫིས་པ་སྟེ། དེ་ལྟ་བུ་བསམ། དེ་ནས་བདག་གི་སྙིང་གའི་འོད་ཟེར ་གྱིས་ཡེ་ཤེས་ཀྱི་གནས་ནཱས་སྤྱན་དྲང་བ་རྱ་བྱ་སྟེ། ཨོཾ་ཧྲཱིཿབྷོ་བྷྱོ་མ་ཏཱ་ཀྲོ་དྷ་གཙྪ་གཙྪ། ཨསྨཏ་པུ་ཛ་པྲཱ་ཏི་གྲྀཧྞ་པྲ་སཱ་དྷ། མེ་དྷཱིཿམཾ་ཀུ་རུ་སྭཱ་ཧཱ། ཞེས་སྤྱན་དྲངས་ཏེ། མངོན་སུམ་དུ ་དམིགས་ལ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས། བདུད་རྩི་ལྔ་དང་ལྡན་པའི་ཆོས་སྐུ་ཁྲུས་གསོལ་ལོ།། དེ་ནས་དམར་གྱི་ཨརྒྷ་དབུལ་ལོ།། ཨོཾ་ཧྲཱིཿཉྩཱ་ཧཾ་ཞེས་སོ།། དེ་ནས་མེ་ཏོག་ལ་སོགས་པ་དབུལ་ཏེ། ཨོཾ་ཀུ་མཱ ་རཱ་རུ་པི་ཎི་ཛྙཱཿཛཿཧཱུཾ་ཧི་ཞེས་བརྗོད་དེ། མྲྀ་ཏོག་ནག་པོ་དབུལ་ལོ།། ཨོཾ་ཧྲཱིཿཧ་ཧ་ཧཱུ~ཾ་ཧཽ་ཕཊ་ཙྱཻ་ས་ཤ་ཆེན་པོ་བདུག་སྨོས་དབུལ་ལོ།། ཨོཾ་དཾཔྟ་ལོ་ཙེ་ནི་ཝེ་ཀྲྀ་ཏཱ་ནཱ་ན་མ་ཧཱ་ཨཱཊྚ་ཌྷཱ་ཧ་ས་ན་དི་ནི་དཱིཔྟ་དཾཔྟཱ་ཡ་སཱ་ཧཱ། ཞེས ་ཏིལ་ཆེན་པོའི་མར་མི་དབུལ་ལོ།། ཨོཾ་ཧྲཱིཿཧ་ཧ་ཧེ་ཧེ་ཕཊ་ཕཊ་ཅེས་སྣ་ཚོགས་ཀྱིས་བཤོས་སངས་དབུལ་ལོ།། ཨོཾ་བི་ཀྲྀ་ཏཱ་ན་ན་དུཥྚ་སཏྭཱ་ད་མ་ཀ་གཿགཿཞེས་བདུད་རྩི་ལྔ་དང་ལྡན་པའི་དྲི་ཆབ་དབུལ་ལོ།། མཉས ་པུར་བསམ་མོ།། དེ་ནས་བདག་གི་ཁོར་ཡུག་ཐམས་ཅད་དུ། གཤིན་རྗེ་དང་རོ་ལངས་དང་། མཁའ་འགྲོ་མ་དང་ཕྲོ་ཉ་མོ་ལ་སོགས་པ་ཡོངས་སུ་གང་བར་དམིགས་ལ། གསང་སྔགས་འདིས་གཏོར་མ་སྦྱིན ་ཨོཾ་ཀཱ་ལ་རུ་པ་སརྦྦ་སཏྭ་ད་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི་ཨི་དྷཾ་པ་ལཾ་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ཞེས་སྦྱིན་ནོ།། དེ་ནས་ལས་ཀྱི་གཏོར་མ་ལ། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ན་ན་སརྦ་ཤ་ཛུ་ནཱ་ཤ་ཡ་སྟྲཻ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་བསྒྲུབ། ་བྱ་མངོན་དུ་དམིགས་ནས་དེ་ལ་གཏོར་ཞིང་དེས་ཟོས་པར་དམིགས་ལ་གཏོར་མ་དང་། སྔགས་ཀྱི་འོད་ཟེར་ཡང་དུད་པ་འདྲ་བ་ལ་འོད་སྔོན་དམར་དུ་འཁྱུད་པ། དུག་གི་རང་བཞིན་དུ་གྱུར་པ་དེ་ལ་ཐིམ་པས། ཤ་རུལ་པ ་བཞིན་བསམ་ཞིང་གཏོར་མ་གཏོར་བར་བྱའོ།། དྲག་པོའི་གཏོར་མའི་ལས་ཏེ་གཉིས་པའོ།། ། དེ་ནི་དྲག་པོ་བཟླས་པའི་ལས་བཤད་དོ།། དང་པོར་རྡོ་རྗེ་འཇིགས་བྱེད་ཀྱི་སྦྱོར་བ་ཇི་ལྟར་སྔོན་དུ་བརྗོད་པ ་བཞིན་དམིགས་ཏེ། མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང་། སྦྱིན་གཏོར་བྱིན་ནས་བཟླས་པ་ལ་འཇུག་པར་བྱའོ།། དེར་བདག་ཉིད་རྡོ་རྗེ་འཇིགས་བྱེད་སྔོན་དུ་བརྗོད་པའི་རིམ་པས་བསྐྱེད་པའི་སྙིང་གར་ཨཱ་རིང་པོ་ལས་ཉི ་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་བཟླས་པའི་ཡི་གེ་བསྒོམས་ཏེ། དཾ་ལས་འོད་ཟེར་མེ་སྔོ་ནག་ཏུ་འབར་བ་རླུང་ནག་པོས་རབ་ཏུ་བུས་པ་འདྲ་བ། རབ་ཏུ་རྣོ་བ་ལྕགས་ཀྱི་ཕ་བོང་ཡོད་སྐད་ཅིག་ཙམ་གྱིས་མེད་པར་བྱེང ་པ་རབ་ཏུ་འཕྲོ་བ་བསྒོམ་མོ།། དེས་བསྒྲུབ་པར་བྱ་བ་བདག་གི་མདུན་ན་མདངས་དང་བྲལ་བ་ལྷ་དང་བྲལ་བ་གོས་མེད་པ་གཅེར་བུ་སྐྲ་ལྷུག་པར་འདུག་པ། ཡན་ལག་ཐམས་ཅད་གནམ་ལྕགས་འབར་བས་བཅིངས་པ། ་རྨ་དང་ཤུ་བའི་ཕྲེང་བས་བརྒྱུས་པ། དེ་ལྟ་བུ་བསམས་ནས། དེའི་ལུས་ཐལ་བའི་ཕུང་པོ་བཞིན་དུ་བསྲེགས་ཏེ། སེམས་མར་མོ་ཆུས་བསད་པ་བཞིན་བསམ་ཞིང་གསང་སྔགས་བརྗོད་པར་བྱའོ།། དེ་ལ་གསང་སྔགས ་འདིའོ།། ཨོཾ་ཡ་མ་རཱ་ཛ་ས་དྷོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་དྱ་ཡོ་ནི་ར་ཡཀྵེ་ཡཱ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་མོ་མཱུ་ར་ཡ་ཕཊ་ཕཊ། འདི་ནི་རྩ་བའི་སྔགས་ཏྱེ་ལས?་ཐམས་ཅད་པའོ།། ཨེ་ཧྲཱིཿ ་ཝཱི་ཀྲྀ་ཏཱ་ནུ་ནུ་ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ། འདི་ནི་ལུས་ཀྱི་སྔགས་ཏེ། ལས་ཐམས་ཅད་པའོ།། བཟླས་པ་རྫོགས་ནས་ཡང་མཆོད་པ་ཕུལ་ལ། མི་དམིགས་པའི་དབྱིངས་སུ་བསྡུ་བར་བྱའོ།། འདི་དག་ཞིང་ཆེན་གྱི་སྟེང་ནི་འདུག ་སྟེ། ཁཾ་ལྷོ་ཕྱོགས་སུ་བལྟས་ནས་ལུས་དྲི་ཆེན་གྱིས་བྱུགས་ཏེ། མིག་ཚུགས་སྡང་མིག་མི་འགྱུར་བར་བསྒྲུབ་བྱ་སྔོན་དུ་དམིགས་པ་བལྟ་ཞིང་མ་ཧེ་ཁྲོས་པ་བཞིན་དུ་འདུག་སྟེ། དུང་ཆེན་པོའི་ཕྲེང་བ་ཐོགས་ཏེ། ཆས་གོས ་ནག་པོ་གོན་ནས་གསང་སྔགས་བཟླས་པར་བྱའོ།། དྲུག་པོའི་བཟླས་པའི་ལས་ཏེ་གསུམ་པའོ།། ། ད་ནི་དྲུག་པོའི་སྦྱིན་སྲེག་གི་ལས་བཤད་དེ། དུར་ཁྲོད་དམ་ལམ་གྱི་བཞི་མདོ་འམ་ཤིང་ཀ་གཅིག་གི ་དྲུང་ངམ། འཐབ་མྱོའི་གནས་ལ་སོགས་པར་མིར་གྱི་ངོ་བོ་ནམ་ཕྱེད་ན་སོང་སྟེ། དང་པོར་སྦྱང་བར་བྱའོ།། རེ་ཤིག་དང་པོར་ལྷའི་ཏིང་ངེ་འཛིན་དང་། ལྡན་པས་གཏོར་མ་བསྔོས་ཏེ། བཀའ་བསྒོ་བར་བྱའོ།། དེ་ནས་ཡི་གེ་ཧཱུཾ ་རབ་ཏུ་འབར་བའི་འོད་ཟེར་གྱིས་ས་སྐྱོན་ཐམས་ཅད་དག་པར་བོསམ་ཞིང་ས་སྦྱང་བའི་རིམ་པའོ།། དེ་ནས་ཐབ་བརྩིག་པར་བྱ་སྟེ། ཐབ་ཁུང་གྲུ་གསུམ་ཁྲུ་གང་པ་ཟབས་སུ་ཁྲུ་གང་པ་ཟབ་སུ་ཁྲུ་ཕྱེད་པར་བགོས་ཏེ། ཁ ་ཁྱེར་སོར་བཞི་པར་བྱས་ལ། དབུས་སུ་རྡོ་རྗེ་ནག་པོ་འབར་བ་སོར་བརྒྱད་པ་ཅིག་དགོད། ནང་ཁོར་ཡུག་ཏུ་དུར་ཁྲོད་ཀྱི་སོལ་བ་དང་། ཐལ་ཆེན་དང་རགྣ་སྐྱེས་ཏེ་བྱུག། ཁ་ཁྱེར་རྡོ་རྗེ་ར་བ་དང་། མི་ཐོད་ཀྱིས་བསྐོར། ཁོར ་ཡུག་ཏུ་རྡོ་ནག་གི་ཕྲེང་བས་བསྐོར་རོ།། ཐབ་རྩིག་པའི་རིམ་པའོ།། དེ་ནས་བསྲེག་རྫས་བསོགས་ཏེ་མེ་ཏོག་ནག་པོ་ལ་སོགས་པའི་སྔོན་དུ་བསོགས་པའི་མཆོད་པ་ལྔ་དང་བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་གསང་གཏོར ་དང་། དུར་ཁྲོད་ཀྱི་མགལ་དུམྦྷ་གྱི་བུད་ཤིང་དང་། ཤིང་གདུག་པ་ཚེར་མ་ཅན་གྱི་རྩ་བ་ལ་བྱས་པའི་ཤག་ཏེའུ་སོར་བཞི་པ་ལ་ཡོན་པོར་གཞོགས་པ་དང་། ཁྲག་དེང་ཐལ་ཚོན་དྲང་ཚྭ་བིའི་རྫས་ཀྱི་ནང་དུ་སྤངས་ལ། ་འབྲུ་ཚྭ་བ་ནག་པོ་ལས་བྱུང་བའི་མར་ཁུ་དང་མི་རུས་དང་དྲི་ཆེན་དང་། བོང་བུའི་རྟུག་པ་དང་། ཚོརཱ་མ་དང་སྒྲ་དང་སྡེར་མོ་རྣམས་མར་ནག་པོ་དང་སྦྱར་ཏེ་བསྔགོ། རྒྱུས་བསགས་པའི་རིམ་པའོ།། ། ་དེ་ནས་སྔགས་པས་ཆས་གོས་ནག་པོ་དང་ལྡན་པས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། དུར་ཁྲོད་ཀྱི་མགལ་དུམ་གྱི་ཤིང་གིས་ཐབ་ཁུང་གྲུ་གསུམ་དུ་བརྩིག་གོ། རཀྟ་དང་ཚ་བའི་མར་གྱིས་ཀྱང་བྲན་པར་བྱའོ།། ཤིང ་བརྩིག་པའི་རིམ་པའོ།། ། དེ་ནས་སྔགས་པ་བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་སྔོན་དུ་བརྗོད་པའི་རིམ་པ་བཞིན་དུ་ཞུགས་ཏེ། རིགས་ངན་གྱི་མེ་འམ། རྡོ་རྗེ་ནག་པོ་ལས་བྱུང་བ ་མེ་བླངས་ཏེ། རླུང་ཡབ་ཀྱི་སྦར་བར་བྱའོ།། མེའི་དབུས་སུ་རཾ་ནག་པོ་ལས་མྱེ་ལྷ་མདོག་ནག་པོ་མེ་གྲུ་གསུམ་གྱི་སྟེང་ན་གདུག་པ་ཞལ་གཅིག་ཕྱག་བཞི་པ། མིག་གསུམ་པ། སྐྲ་གྱེན་དུ་བརྫེས ་པ། རླུང་ནག་པོ་འཚུབ་པའི་ནང་དུ་བཞུགས་པ། ལུས་ལ་མོ་ནག་པོ་འཕྲོ་བ། ཚངས་སྐུང་ནག་པོ་ཅན་ཕྱག་ན་རྡོ་རྗེ་དང་བགྲང་ཕྲེང་དང་དབྱུག་པ་དང་། གུན་དེ་བསྣམས་པ་བཞི་བསྐྱེད་དོ།། ལྕགས་ཀྱུའི་ཕྱག་རྒྱ་བཅས ་ལ། ཨོཾ་ཀྲོ་དྷ་ཨགྣ་ཡེ་ཨ། དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་དང་འདྲ་བ་འཕྲོས་ཏེ། ཡེ་ཤེས་ཀྱི་མེ་ལྷ་དེ་དང་འདྲ་བ་ཞིག་སྤྱན་དྲངས་ལ། ཤྭ་རི་ལྷོ་མཚམས་སུ་བཞུགས་པར་བྱ་སྟེ། ལྕགས་ཀྱུའི ་ཕྱག་རྒྱ་བཅུས་ལི། ཨོཾ་ཀྲོ་དྷ་ཨགྣ་ཡེ་ཨཱ་གཙྪ་མ་མ་སརྦ་ཤ་ཛྱ་མཨཱ་རྱཱ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་ཞལ་བསིལ་གསོལ་ནསྱ། དམ་ཚིག་གཽ་མེ་ལྷ་དང་གཉིས་སུ་མེད་པར་བཞུགས་པར་བྱའོ།། དེ་ནས་མེ་ཏོག་ལོས། མས ་སྣརོ་དུའོ།། ཨོཾ་ཀྲོདྷ་ཀྵཱ་ཡ་དརྦ་བཎྜི་དྷེ་དེར་རོ།། ཨོཾ་ཀྲོ་དྷཱ་གྲཱྀ་ཡེ་བཛྲ་ན་བི་དྱེ་ཧཱུ~ཾ་བི་ཤོང་སངས་ཀྱིའོ།། དེ་ནས་སྐྱེག་རྫུས་རྣམས་དབུལ་ཞིང་། ཨོཾ་ཀྲོ་དྷ་གྷཱ་ཡེ་མ་མ་སརྦྦ~ཾ་ཤྭེ་དྷ་མཱ་ར་ཡཱ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་བརྒྱ་ཎྱ་བརྒྱད་དུ ་སྦྱིན་སྲེག་བྱའོ།། དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ལ་གསང་སྔགས་དེ་ཉིད་ཀྱི་ཕྲིན་ལས་བཅོལ་ལོ།། དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ། ཚིགས་བཅང་འདི་བརྗོད་དོ།། སྲིད་པ་རང་བཞིན་གྱིས་དག་ཕྱིར།། ངོ་བོ་ཉིད་ཀྱིས ་དག་པར་བྱེད།། རང་བཞིན་དག་པའི་སེམས་དཔའ་རྣམས།། དག་པའི་སྲིད་པ་བྱེད་པའོ།། ཞེས་བརྗོད་ནས་མེ་ཐབ་ལན་གསུམ་བསྐོར་བར་བྱའོ།། མེ་ལྷ་མཆོད་པའི་རིམ་པའོ།། ། དེ་ནས་མེ་ལྷ་དེ་མེ་འབར་བའི་རང་བཞིན ་དུ་གྱུར་པར་བསམས་ཏེ། དེའི་དཀྱིལ་དུ་ཡི་གེ་ཧཱུཾ་ནག་པོ་ལས་དཔལ་རྡོ་རྗེ་འཇིགས་བྱེད་རབ་ཏུ་འཁྲུགས་པ་ཞལ་རབ་ཏུ་གདངས་པ། གྲུ་གསུམ་དུ་འདུག་པ། སྐུ་དང་ཞལ་གསུམ་དུ་མེ་སྨུག་ནག་འབར་བ་ཞིག་ཏུ་བསམ་མོ།། ་དེ་ནཱས་བདག་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་འདྲ་བ་འཕྲོས་པས། ཡེ་ཤེས་ཀྱི་དཔལ་རྡོ་རྗེ་འཇིགས་བྱེད་སྤྱན་དྲངས་ཏེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལཱ། ཨོཾ་ཧྲཱིཿབྷོ་བྷོ་མ་ཧཱ་ཀྲོ་དྷི་གཙྪ་གཙྪ་བུ་ཛ་པྲཱ་ཏི་གྲཱྀཧྞ་པྲ་ས་དྷཤྩ ་མེ་དྷིཿམཱཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་ཐབ་ཀྱི་དཀྱིལ་དུ་གཉིས་སུ་མེད་པར་བསམ་པར་བྱའོ།། དེ་ནས་བདུད་རྩི་ལྔ་དང་ལྡན་པའི་ཞལ་བྱསིལ་དབུལ་ཏེ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་སྐུ་ཁྲུས་གུ་སོལ་ཏེ། ཨོཾ་ཧྲཱིཿཥྚྲྀཿཱ་ཞེས ་དམར་གྱི་ཨརྒྷ་ཕུལ་ནས། དྭེ་ནས་མཆོད་པ་རྣམ་ལྔ་དབུལ་ཏྭེ། ཨོཾ་ཀུ་མཱ་ར་རཱུ་པྲཱི་ཎི་ཛཿཛཿཧཱུཾ་ཧ། མེ་ཏོག་ནག་པོའི་འོ།། གཏོར་རོ།། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧེ་ཕཊ་ཕཊ་ཤ་ཆེན་པོའི་བདུག་པའི་འོ།། ཨོཾ་དཱིཔྟ་ལོ་ཙྪ་ནི་བྲི་ཀྲྀ་ཏཱ ་ན་ན་མ་ཧཱ་ཨརྡྷེནྡྲ་ཧཱ་ས་ན་དི་ནི་དཱིཔྟཱ་ལྱཱ་སྭཱ་ཧཱ། ཏི་ལ་ཆེན་པོའི་མར་མིའོ།། ཝི་ཀྲྀ་ཏཱ་ནཱ་ན་དུཥྚི་སཏྭཱ་ད་མ་ཀ་གཿགཿབདུད་རྩི་ལྔ་དང་སྦྱར་བའི་དྲིའོ།། དེ་ནས་ཤ་ལ་སོགས་པའི་བེ་ཤོས་སངས་དབུལ། ཨོཾ་ཧྲཱིཿཥིཿ5 ་དེ་ནས་མར་ལ་སོགས་པའི་སྲེག་རྫས་དབུལ་བར་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀཿཝིཀླྀ་ཏཱ་ནཱ་ན་ཧཱུ~ཾ། ཆེ་གེ་མོ་མཱུ་རཱ་ཡ་ཕཊ། ཅེས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ།། ཡུངས་ཀར་ལ་སྔགས་དེ་ཉིད་ཀྱིས་བཟླས་ཏེ། ཕྱིན ་ལས་བཙལ་ལོ།། དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ། ཚིགས་སུ་བཅད་པ་འདིས་བསྟོད་པ། སྲིད་པ་རང་བཞིན་གྱིས་དག་ཕྱིར།། ངོ་བོ་ཉིད་ཀྱིས་དག་པར་བྱེད།། རང་བཞིན་དག་པོའི་སེམས་དཔའ་རྣམས།། དམ་པའི་སྲིད་པ་བྱེད་པའོ།། ་ཞེས་བྱ་བ་དང་། ཆོས་སྐུ་ངོ་བོ་ཉིད་ཀྱི་ཐུགས།། སངས་རྒྱས་རྣམས་ཀྱིས་རང་བཞིན་སྐུ།། ཆོས་ཉིད་འཇམ་པ་གསུང་གི་བདག། གདོང་ནས་གྲོལ་བའི་རང་བཞིན་ཏེ།། བློ་གྲོས་ཆེན་པོའི་བདག་ཉིད་ལ།། གུས་པས་མཆོད་དེ ་བསྟོང་ཕྱག་འཚལ།། ཅན་པོ་ཀྱ་ལྡ་། རྒྱུ་ན།། རྣམ་པའི་གསུང་ནི་འཇིགས་པ་ལ།། མི་འཇིགས་སེམས་ཀྱིས་རབ་ཏུ་གུས།། ཞེས་བསྟོད་ནས། དེ་ནས་སྲེག་རྫས་ལྷག་མ་རྣམས་མེ་ལྷ་ལུ་ཕུལ་ནས།། བསྐོར་བར་བྱ་སྟེ ་གསང་སྔགས་འདིས་གཤེགས་སུ་གསོལ་ལོ།། ཨོ་ཛ་ཡ་ཛཱ་ཡཱ་སུ་ཛ་ཡ། བི་ཤྭ་རུ་པཱ་དྷ་རི་ཎི་གཙྪ་སྭསྠ་ན་ཀྲི་ཏ་ཏེ་ན། ཏ་ཐཱ་ག་ཏ་སརྦ་བྷཱུ་ཏ་ཥྱཱ་བི་སུརྠ་ཡ། མ་མ་ཀརྱཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཨོ་མུཿཞེས་པས་ཏིང་ངེ་འཛིན ་བསྡུས་ཏེ། ཐབ་ཁུང་ལེགས་པར་སྦས་ཏེ་གཞག་གོ།། དྲག་པོའི་སྦྱིན་སྲེག་གི་ལས་ཏེ་བཞི་པའོ།། ། དེ་ནས་དྲག་པོའི་འཁོར་ལོའི་ལས་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་། ་སྐེ་ཚེ་དང་ལན་ཚྭ་དང་དྲི་ཆེན་ལ་སོགས་པའི་བདུག་པའི་རྫས་ཀྱིས་ལེགས་པར་བྱུགས་ལ་སྣག་ཚ་ཡང་རྫས་དེ་རྣམས་དང་། ཤིང་ད་དུ་ར་དང་ཀ་ན་ཀཱའི་ཁུ་བ་དང་། དུར་ཁྲོད་ཀྱི་སོལ་བ་སྦྱར་ཏེ་བྱའོ།། བདག་ཉིད་ཁ་ལྷོར་བལྟས ་ཏེལྷའི་རྣལ་འབྱོར་དང་ལྡན་པས་འཁོར་ལོ་བྲི་སྟེ། དབུས་སུ་ལེ་ཚེ་བཅུ་དྲུག་དང་། མུ་ཁྱུང་གསུམ་གྱིས་བསྐོ་བ་མུ་ཁྱུད་དེ་དག་རེ་རེ་ལ་ཡང་། རེ་མིག་སུམ་ཅུ་རྩ་གཉིས་དང་ལྡན་པར་བྲིའོ།། དེ་ལ་ཡི་གེ་དགོད་པ་ནི་དབུ་སུ ་ཡ་ཆེན་པོ་ཅིག་བྲིས་ཏེ། དེའི་ནང་དུ་གང་ལ་བྱ་བའི་མིང་བསྐུལ་ཚིགས་ཅན་གྱིས་བསྐོར། དེའི་དབུས་སུ་མིང་གི་ཡི་གེ་དང་པོ་བྲིའོ།། དེ་ནས་རིམ་པ་གཉིས་པ་ལ་ཕྱོགས་བཞིན་མ་མེ་ད་ཀྵེ་བཞི་བྲི། དེ་ནས་རིམ་པ་གསུཾ ་པ་ལ། རཱ་ཛ་ས་དོ་རུ་ཎ་ཡོ་ནི་རཱ་ཡ་ཙ་ནི། འདི་རྣམས་བྲིའོ།། ཕྱག་རྒྱ་བེ་ཅོན་བཅས་ཏེ་བྱ་རོག་གི་སྒྲོ་འམ་རུས་ཆེན་བྲི་བར་བྱ་ཞིང་ཡི་གེ་བཅུ་པའི་གསང་སྔགས་དྲན་པར་བྱའོ།། མུ་ཁྱུད་ཀྱི་ཡཾ་གེ་ནི་དང་པོར་དབྱངས་ཀྱི ་ཡི་གེ་ལན་གཉིས་དགོད། མུ་ཁྱུང་བར་མ་ལ་ཀ་ཡིག་དང་། དཱ་ཉ་བོར་བ་སུམ་ཅུ་རྩ་གཉིས་དགོད། ཐ་མ་ལ་ཕཊ་ཤཱ་སྟག་དགོད་དོ།། དབུས་ཀྱི་རིམ་པ་གཉིས་པ་མ་ལ་སོགས་པ་ཡི་གེ་བཞིའི་གཡསཽ་གཡོན ་དུ་ཧཱུཾ་རེ་རེ་དང་སྤེལ། དེའི་ཕྱི་རིམ་དུ་ར་ལ་སོགས་པའི་ཡི་གེ་བཅུ་གཉིས་ཀྱི་གནས་སུ་ཡི་གེ་བཅུ་གཉིས་པ་དང་བསྒྲུབ་བྱའི་མིང་སྤེལ་ཏེ་བྲིའོ།། དེ་ལྟ་བུའི་འཁོར་ལོ་གཉིས་བྲིས་ཏེ། དེ་ཡང་ས་སྐོར་ལོག་པར་བྲི། གནམ ་སྐོར་རིམ་པ་བཞིན་བྲི། དྭེ་ཡང་གཤིན་རྗེའི་ལྟོ་བྱར་ཆུད་པར་བྲིའོ།། དེ་ནས་མཆོད་པ་དབུལ་ཏེ། བདེ་བའི་བྱིན་བརླབས་དམིགས་པར་བྱས་ནས། དེ་དག་ཁ་སྦྱར་ཏེ་ཐོད་པ་འམ་ཁམ་ཕོར་སར་པའི ་གའུ་ཁ་སྦྱར་དུ་གཞགོ། གའུ་འོག་མའི་ནང་དུ་རླུང་གི་དཀྱིལ་འཁོར་ལ། ཨོཾ་ཆེ་གཽ་མོ་ཨཱ་བེ་ཤ་ཨ་ཨ་ཞེས་བྲི། རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི། གོང་མའི་ནང་དུ་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་བྲི། རྒྱབ་ཏུ་རི་རབ་འཁོར་དང ་བཅས་པ་རྩི་བརྒྱད་ཀྱིས་མཚན་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་བྲིའོ།། གའུ་གཉིས་ཀྱི་བར་དུ་སྒོ་ཅུང་ཟད་ཅིག་བྱ་སྟེ་གཞག་ལ། ཕྱིར་གའུ་འངར་རམ་ཞུགས་པ་མཐོང་ནས་ཁ་བཅད། སྐུད་པ་ནག་པོས་དཀྲིས ་ཤིང་བཏགས་ནས་མཉྫིའི་སྟེང་དུ་བཞག་སྟེ། དུག་སྣ་ཚོགས་ཀྱི་མེ་ལ་ཚ་བར་གྱུར་པ་ཙམ་དུ་བསྲོས་ཤིང་། ལྷའི་རྣལ་འབྱོར་དང་ལྡན་པས་ཁ་ལྷོར་བལྟས་ཏེ་གསང་སྔགས་བཟླས་པར་བྱའོ།། དེ་ལ་དང་པོ་སྔོན་དུ་བརྗོད ་པ་བཞིན་དུ། སྔོན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་བསྐྱེད་ལ་སྤྱན་དྲང་བ་དང་། མཆོད་པ་དང་གཏེར་མ་བསྔོ་པ་སྔ་མ་བཞིན་བྱས་ནས། སྐུད་པ་ལག་པས་གཟུང་ནས་དུང་ཆེན་པོའི་ཕྲེང་བ་ཐོགས་ཏེ་བཟླས་པར་བྱའོ།། དམི ་པ་ནི་བདག་གི་གསང་སྔགས་དང་། འཁོར་ལོའི་སྔགས་ལ་འོད་ཟེར་དུག་གི་མེ་ནག་པོ་འཕྲོས། བསྒྲུབ་བྱ་དེ་ན་གནས་པ་བསྲེགས་ཏེ། དུར་ཁྲོད་ཀྱི་ཐལ་ཆེན་ལྟར་གྱུར་ཅིང་། དེའི་སེམས་ཆུས་མར་མེ་བསད་པ་ལྟར་གྱུར ་པར་བསམ་མོ།། དེ་ཡང་ཉི་མ་དང་པོ་ལ། ཨོཾ་ཡཱ་མ་རཱ་ཛ་ས་དོ་མེ་ཡ། ཆེ་གེ་མོ་བྲ་མ་ཡ་ཀུ་རུ་ཧཱུཾ་ཕཊ། ཅེས་བར་ཆད་མེད་པར་ཁྲི་ཕྲག་གཅིག་བཟླ་སོ།། ཉི་མ་གཉིས་པ་ལ། ཡ་མེ་དོ་རུ་ཎཱ་ཡོ་ད་ཡ་ཆེ་གེ་མོ་རཀ་ཏ་ཙ་ར་པ་ཡ་ཧཱུཾ་ཕཊ། ་ཙས་ཁྲི་ཕྱག་གཅིག་གོ། གསུམ་པ་ཡ་དཱ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་མུར་ཙ་པ་ཡ་ཧཱུཾ་ཕཊ་ཅེས་ཁྲི་ཕྲག་གཅིག་གོ།། བཞི་པཱ་ལ་ཡཀྵེ་ཡཙྪ་ནི་ར་མ་ཡ། བཞི་པ་ལཾ་ཡཻཀྵ་ཡཙྪ་ན་ར་མ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་ཁྲི་ཕྲག ་གཅིག་གོ།། སྒྲུབ་པའི་གྲོགས་མཆོག་གིས་དུས་གསུམ་དུ་མཆོད་པ་དང་། གཏོར་མ་སྦྱིན་པར་བྱའོ།། དེ་ནས་ཉི་མ་བཞི་པའི་མཚན་ཕྱེད་ན་དུར་ཁྲོད་དམ། འབྱུང་པོ་དྲག་པོ་གནས་པའི་སར་ཁྲུ་གང་བརྐོས་ཏེ་སྦས་ནས ་གཤིན་རྗེ་ལ་གཏད་དོ།། དེའི་སྦྱོར་བ་ནི་འདི་ཡིན་ཏེ། གློག་མཁར་གྱི་སྱ་ལཱ་གཤིན་རྗེའི་མི་ཁྲུ་གང་གི་ཚད་ལ། ཁྭ་ཅིག་ལག་ན་རལ་གྲི་དང་ཞགས་པ་ཐོགས་པ་ཅིག་བྱ་སྟེ། དེའི་ལྟོ་བར་གའུ་བཅུག་ནས་དེ་ལ་གཏོར ་མཱ་དང་། དམར་གྱི་ཨརྒྷ་བྱིན་ཏོ་འདི་སྐད་ཅེས་བསྒོའོ།། ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱི་ལྟོ་ནཱ་སྲིད་པ་གསུམ་གྱི་སེམས་ཅན་མི་གནས་པ་མེད་དོ།། དོང་དཀོན་མཆོག་གསུམ་གྱི་བཀས། སེམས་ཅན་འདི་ཟུང་ཤིག། སེམས་ཅན ་འདི་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་བསྟན་པ་འཇིགས་པར་བྱེད་པས། འཇིག་རྟེན་དུ་ཐར་པའི་ལམ་ནི་འགེགས་ཤིང་། ངན་འགྲོའི་ལམ་འབྱེད་པ་སྟེ། དེ་བས་འདི་ཁྱོད་ཀྱིས་ཟུར་ཞིག། དེ་ལ་བཅོམ་ལྡན་འདས ་འཇམ་དཔལ་གཞོན་ནུ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱང་དགྱེས་པར་འགྱུར་རོ།། ཞེས་བརྗོད་དོ།། དེ་དོང་དེར་ཁ་སྦུབ་ཏུ་མགོ་ལྷོ་ཕྱོགསུ་བསྟན་ཏེ་སྦ་བར་བྱའོ།། དེ་ནས་རང་གི་གནས་སུ་འོངས་ཏེ། གསང ་སྔགས་རྗེས་སུ་བསྐུལ་བར་བྱའོ།། ལས་གྲུབ་པ་དང་དེ་ནས་ཕྱུང་སྟེ། འོ་མ་དང་ཆུས་དཀྲུས་ཏེ་མཆོད་པ་གཙང་མས་བཤགས་པ་དང་། བཟོད་པར་གསོལ་ཏེ་གཏོང་ངོ་།། ལས་ཀྱི་སྐབས་འདིར་ཆས་གོས་ནུག་པོ་དང་། ཁྲོ་བོའི་ལྷ ་སྟེངས་དང་། ཁྲོས་པའི་ཡིད་དང་། དབུགས་འབུད་པ་ལ་སོགས་པ་དང་ལྡན་པར་བྱའོ།། དྲག་པོའི་འཁོར་ལོའི་ལས་རྫོགས་སོ།། ། ད་ནི་དྲག་པོའི་བསམ་གཏན་གྱི་ལས་བཤད་དེ། དེ་ལ་དང་པོ་དཔལ་རྡོ་རྗེ་འཇིགས་བྱེད ་ཆེན་པོ་སྔ་མ་བཞིན་དུ་བསྐྱེད་དེ། མཆེད་པ་དང་གཏོར་མ་བསྔོས་ཏེ། སྔོན་དུ་བསྒྲུབ་བྱ་རླུང་ནག་པོའི་སྟེང་ན་མེ་སྨྲ་ནག་འབར་བའི་དཀྱིལ་ན་གོས་དང་བྲལ་བ། ལྷ་དང་བྲལ་བ། ཡན་ལག་ལྕགས་ཀྱི་ཐུག་པས་བཅིངས་པ། སྤྱན་གོ ་པ་མེས་བསྲེགས་པ་ཟི་ཞིན་དུ་གནས་པ་ལ། བདག་ཉིད་ཐུགས་ཀ་ནས་སྲིན་པོ་རབ་ཏུ་རྔམ་པ་དང་། ཁྱཱ་དང་འུག་པ་ལ་སོགས་པ་དང་། ཝ་དང་། ཅེ་སྤྱང་ལ་སོགས་པས་ཟ་ཞིང་། རྒྱུ་མ་དང་། ནུང་ཁྲོལ་ན་མཁའ་ལ་ཀུན་ཏུ་ཁྱེར ་བར་བསྒོམས་ན་འཆི་བར་འགྱུར་རོ།། བསམ་གཏན་གྱི་ལས་རྫོགས་སོ།། ། དེ་ནས་ལས་ཀྱི་ཁ་བསྐང་བར་བྱས་ཏེ། མཆོད་པ་དང་སྦྱིན་སྲེག་དང་། སོ་སོར་བཤགས་པའི་མདོ་གདོན་པ་དང་། སྨོན་ལམ་གདབ་པོ།། ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་ལས་ཀྱི་བྱ་བ་བདུན་པ་དང་། རིམ་པ་བཞིན་དུ་བྱ་བའི་ཆོ་ག། དཔལ་ཨུ་རྒྱན་ཡུལ་དུ་འདུག་པ། དྲེགས་པ་ཅན་འདུལ་བའི་ཐབས་ཉེ་ཚེ་བ། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བསྒྲུབ་པར་བྱའོ།། ་རྫོགས་སོ།། ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། དོན་དམ་ཆུས་སྐུ་ཞི་བ་ཉིད།། གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། གཤིན་རྗེའི་ངག་ཞེས་གྲེ་ཌ་བ་ཡི།། འཁོར་ལོ་བསྐོར་བའི་ཆོ ་