CLOSE WINDOW

GT856: dpal rdo rje 'jigs byed kyi gtor ma'i cho ga
Wyliee-texts produced with BDRC’s OCR application

བྲིས་པའོ།། བསོད་ནམས་དེ་ཡིས་འགྲོ་བ་རྣམས།། འཇམ་དཔལ་དབྱངས་དང་མཚུངས་པར་ཤོག། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་རྫོགས་སོ།། ། གྲུབ་པའི ་སློབ་དཔོན་ལ་ལི་ཏས་མཛད་པའོ།། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་བ་ལི་བི་དྷི། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག། དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོ་ལ་ཕྱག ་འཚལ་ལོ།། གདོད་ནས་དག་པའི་རང་བཞིན་གྱིས།། རྡོ་རྗེ་འཇིགས་བྱེད་ཕྱག་འཚལ་འདུད།། བར་ཆད་ཞི་ཕྱིར་གཏོར་མ་ནི།། འབད་དེ་ཡང་དག་བཤད་པར་བྱ།། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི།། གཏོར་མ་བྱེད་པར་འདོད ་པ་ཡིས།། བདུད་རྩི་ལྔ་ལ་སོགས་པ་ཡིས།། རྫས་ཀྱིས་གཏོར་མ་བཤམ་པར་བྱ།། སྒྲུབ་པ་ལྷོ་ཕྱོགས་ཁ་བལྟས་ལ།། སྐད་གཅིག་ཙམ་གྱིས་འཇིགས་བྱེད་བསྐྱེད།། མདུན་དུ་ཡཾ་དང་རཾ་ལས་ནི།། རླུང་དང་མེ་ཡི་དབྱིབས ་ཅན་བསྐྱེད།། དེ་ཡི་སྟེང་དུ་སྐྱེད་གསུམ་བསམ།། དེ་སྟེངས་ཨ་ལས་ཐོད་པའི་སྣོད།། ནང་དུ་ཤ་ལྔ་བདུད་རྩི་ལྔ།། སྐད་ཅིག་ཙམ་གྱིས་བསམ་པར་བྱ།། སྟེང་དུ་ཨོཾ་ཨཱཿཧཱུཾ་ཡིག་རྣམས།། གོ་རིམས་ཇི་བཞིན་བསམ་པར་བྱ།། ་འོད་སྤྲོས་སྐུ་སོགས་རིམ་བཀུག་ལ།། རིམ་པ་བཞིན་དུ་བསྟིམ་པ་དང་།། དེ་ཉིད་གསུམ་ནི་བརྗོད་པ་ཡིས།། གཏོར་མ་དག་པར་བསྒོམ་པར་བྱ།། དེ་ནས་རང་གི་སྙིང་གའི་ཧཱུཾ།། འོད་སྤྲོས་རྡོ་རྗེ་འཇིགས་བྱེད་སོགས ་ལྷ་རྣམས་སྤྱན་དྲངས་མདུན་དུ་བསམ།། ཧཱུཾ་བརྗོད་ལྕེ་ནི་བྱིན་གྱིས་བརླབ།། ཨོཾ་ཧྲཱིཿཥྚྲཱིདྷཝི་ཀྲྀ་ཏཱ་ན་ནུ་ཧཱུཾ་ཕཊ། བཛྲ་བྷེ་ར་བཱ་དྷི་པ། ཏི། ཨི་མཾ་བ་ལཾ། ཁ་ཁ་ཁཱ་ཧི་ཁཱ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་དབུལ་བའི་སྔགས་བརྗོད་བྱ།། ་དེ་རྣམས་གསོལ་བར་བསམས་ནས་ནི།། ལས་ཀྱི་བྱེ་བྲག་ཕྲིན་ལས་བཅོལ།། ཅིའ་དོད་པ་ཡི་དངོས་གྲུབ་བླང་།། ཁྱད་པར་དྲག་པོ་བཅོལ་བ་ནི།། བླ་མ་སྨོད་པར་བྱེད་པ་དང་།། དཀོན་མཆོག་གསུམ་ལ་གནོད་བྱེད་དང་། བསྟན་པ ་ནད་བྱེད་པ་དང་། སེན་ཀུན་ལ་གནོད་བྱེད་དང་།། སྔགས་རྒྱུད་ལ་གནོད་བྱེད་པའི་མི།། འདི་རྣམས་ཁྱེད་ཀྱིས་བསད་དུ་གསོལ།། ཞེས་པས་འཕྲིན་ལས་བཅོལ་ལོ།། དེ་ནས་གནང་བ་བྱིན་པར་བསམ།། དེ་ནས་ཡི་གེ་བརྒྱ་པ་བརྗོད།། ་ཨོཾ་ཨཱཿཧཱུཾ་མུཿའི་མགྲོན་རྣམས་ནི།། རང་བཞིན་གནས་སུ་གཤེགས་སུ་གསོལ།། དེ་ལྟར་བྱས་པའི་ཕན་ཡོན་ནི།། བར་དུ་གཅོད་པ་ཞི་བ་དང་།། མི་མཐུན་ཕྱོགས་རྣམས་འཇོམས་པ་དང་།། དངོས་གྲུབ་དམ་པ་ཐོབ་པར ་འགྱུར།། གཞན་ཡང་རབ་ཏུ་སྦྱོར་བ་ན།། ནད་དང་དགྲ་ལ་སོགས་པ་ཡི།། ཚར་གཅོད་རྗེས་གཟུང་ཐམས་ཅད་ནི།། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། རྡོ་རྗེ་འཇིགས་བྱེད་གཏོར་མ་ཡི།། ཆོ་ག་ཕུན་སུམ་ཚོགས་པར་བརྩམས།། ་གང་ཡོད་བསོད་ནམས་དེ་ཡིས་ནི།། སེམས་ཅན་མ་ལུས་དགྲ་ལས་རྒྱལ་བར་ཤོག། སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ།། ་