| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མཱཧཱ་བཛྲ་བྷཻ་ར་བ་ཧོ་མ་བྷི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེང་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ།། བགེགས ་རྣམས་མ་ལུས་འཇོམས་མཛད་པའི།། དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ལ།། ཀུནྡ་ནས་དང་བས་ཕྱེག་འཚལ་ཏེ། དེ་ཡི་སྦྱིན་སྲེག་ཚི་གོ་བཤང་།། གང་ཡང་རྒྱུད་རྣམས་ཐམས་ཅད་དུ།། སྦྱིན་སྡུག་ཆོ་ག་མེད་པ་ལ།། དངོས་གྲུབ ་འབྱུང་བར་མི་འགྱུར་ཏེ། དེ་བས་སྦྱིན་སྲེག་ལ་འཇུག་བྱ།། དེ་ལ་སྦྱིན་སྲེག་གི་རིམ་པ་ནི་སློབ་དཔོན་དབང་བསྐུར་བ་དང་ལྡན་པ། སྙིང་རྗེ་ཆེ་བ། བརྩོན་འགྲུས་དང་ལྡན་པ། བླ་མ་ལ་གུས་པ་དེས་དུར་ཁྲོད་ལ་སོགས་པ ་རྒྱུརྒྱད་ལས་གསུངས་པའི་གནས་ཡིད་དུ་འོང་བར་རང་ལྷོའི་ང་རྒྱལ་གྱིས་གནས་ལ་སྔགས་ཀྱི་བཟླས་པ་བྱ་སྟེ། སྔོན་དུ་བསྙེན་པ་བྱ་བའོ།། ། ཐབས་ཀྱི་ཚུལ་ནི་གཉིས་ཏེ། རེ་བསྲེགས་པའི་ས་འམ། ཡང ་ཁྱིམ་གྱི་ཕྱོགས་ཅིག་ཏུ་ཐབ་བྱའོ།། ཁྱིམ་དུ་ཐབ་བྱ་བ་ནི་གྲུ་གསུམ་པ་རྒྱུར་ཁྲུ་གང་དཔངས་སུ་དེའི་ཕྱེད་ལ་ཁ་ཁྱེར་སོར་གསུམ་པས་ཀུན་རས་བསྐོར་བ། རོ་བསྲེགས་པའི་ཐལ་བ་དང་། སོལ་བས་ཁ་དོག་ནག་པར ་བྱས་ལ། ཁྲོ་བོའི་རྡོ་རྗེས་མཚན་པོ། དྲི་ཚོན་དངོ་བོང་བུ་དང་། རྔ་བོའི་རྟུག་པས་བྱུགས་པས་གསེང་པ་གསང་པ་ལ་སོགས་པའི་ལས་བསྒྲུབ་པར་བྱའོ།། ཐབས་ཀྱི་དབང་དུ་བྱས་པའོ།། རོ་བསྲེགས་པའི་ས་འམ། ཐབ་ཁུང ་དུ་རྫས་བནག་པ་ནི་མཆོད་པའི་རྫས་མེ་ཏོག་ནག་པོའི་དྲི་མི་ཞིམ་པ་དང་། ཤ་འམ། ཁྲག་གི་དྲི་སྤྲོས་དང་། མེ་མར་ཆེན་པོའི་མར་མེ་དང་། དྲི་ཆུའི་དྲི་ཆབ་དང་། མི་ལ་སོགས་པའ་ཤའི་ལྷ་བཤོས་དང ་ཁྲག་དང་། ཞག་དང་། ཚིལ་དང་བཅས་པའི་མཆོད་ཡོན་ལ་སོགས་པའི་ཆུ་སྣོད་རྣམས་ནི་རང་གི་གཡོན་དུ་བཞག་པར་བྱའོ།། མིའི་རུས་པ་དང་། དྲི་ཆེན་དང་། བོང་བུ་དང་། རྔ་མེའི་རྟུག་པ་དང་ཤིང་ཚེར་མ་ཅན་དང་། དུར་ཁྲོད ་ཀྱི་ཡམ་ཤིང་དང་། ཆི་བྱའི་མར་ནག་དང་། སྒྲ་དང་། སེན་མོ་ལ་སོགས་པའི་སྲེག་རྫས་རྣམས་ནི་གཡས་ཕྱོགས་སུ་བཞག་པར་བྱའོ།། རྫས་དགམ་པའི་རིམ་པའོ།། དེ་ནས་སྒྲུབ་ཐབས་ལས་གསུངས་པའི་རིས་བྱས་རང་ལྷའི ་རྣལ་འབྱོར་བྱས་ལ་མཆོད་རྫས་དང་། སྲེག་རྫས་ཐམས་ཅད་བྱིན་གྱིས་བརླབས་པར་བྱ་སྟེ། ཨོཾ་ཧྲཱིཿཧྲཱིཿ་ཞེས་པས་མཆོད་ཡན་ལན་གསུམ་བདུན་གྱི་བར་དུ་མངོན་པར་བཟླས་ལ་བཞག་པར་བྱའོ།། དེ་བཞིན་དུ་ཨོཾ་ཧཱུཾ་ཧཱུཾ་ཕཊ ་ཕཊ་ཅེས་བྱ་བོས་བསང་གཏོར་བྱ་བཱ་དང་། ཨོཾ་ཀུ་མཱ་ར་རཱུ་པི་ཎི་ཛ་ཛ་རེས་བྱཱ་བསྱཱ་མེ་ཏོགོ་དང་། ཨོཾ་ཧྲཱིཿཧ་ཧ་ཧེ་ཕཊ་ཕཊ། ཅེས་བྱ་བས་བདུག་སྤོས་དོང་། ཨོཾ་དེཔྱ་ལོ་ཙ་ན~ཾ་ཝི་ཀྲྀ་ཏཱ་ན་ན་མཧཱ་ཨཊྚ་ཧཱ་ས་ནི་དཱིབྷྱཱཾ་དཱཔྟེ་པྲྀ་ཡཻ་སྭཱ་ཧཱ། ་ཞེས་བྱ་བས་མར་མེ་དང་། ཨོཾ་ཝི་ཀྲྀ་ཏཱ་ན་ན་པུཉྩེ་སི་དཱ་མིན་གཿགཿདྲིའོ།། ཨོཾ་ཀཱ་ལ་རུ་པ་སརྦ་སཏྲི་ད་མ་ཀ་མ་ཧཱ་བྷཱུ་ཏ་པ་ཏི་ཨོཾ་ཛ་བ་ལི་གྲྀཧྞ་གྲྀཧྞཱ་པ་ཡ་སྭཱཧཱ། ཞེས་བྱ་བས་ལྷ་བཤིས་ཀྱི་སྟེ། དེ་ཁོ་ན་ཉིད་ཀྱིས་གཅི ་མཱ་ལ་ཡང་མངོན་པར་སྔགས་ལ། གོང་དུ་གསུངས་པའི་གསང་གཏོར་གྱིས་རྒྱུས་ཐམས་ཅད་དང་། ཐག་ཁུང་ལ་སོགས་པ་ལ་བསང་གཏོར་བྱའོ།། རྫས་བྱིན་གྱིས་བརླབ་པའི་རིམ་པའོ།། དེ་ནས་བུད་ཤིང་དང་མེ་བླང་བར་བྱ ་སྟེ། བུད་ཤིང་ནི་རོ་བསྲེགས་པའི་མགལ་དུམ་མམ?། ཤིང་ཚེར་མ་ཅན་གྱི་རྩ་བའི་ཆ་ལས་བྱུང་བའོ།། ཤིང་ཆེར་མ་ཅནྡ་ནི། ནིམ་པ་དང་། སེང་ལྡེང་དང་། ཀྲོ་བི་ད་ར་དང་། བ་ལ་ད་ལ་སོགས་པའོ།། དེ་ལ་མི་ཡང་རོ་བསྲེག ་པའི་ས་འམ། གདོལ་པ་འམ། སྨེ་ཤ་ཅན་ནམ། རྡོ་ལས་བྱུང་བ་ཡང་རུང་སྟེ། རབ་ཏུ་སྦར་བར་བྱའོ།། བུད་ཤིང་དང་མེ་གཉེར་བའི་དབང་དུ་བྱས་པའོ།། དེ་ནས་ཇི་ལྟ་བ་བཞིན་དུ་བསང་གཏོར་བྱས་ནས་མེ་སྦར་བར་བྱ་སྟེ། ཨོཾ ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་པས་མངོན་པར་བསྔགས་ལ། འོག་ཏུ་ཡང་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་གཞུ་ལྟ་བུས་སྤོར་བར་བྱེད་པར་བྱསམ་མོ།། མེ་སྦར་བའོ།། དེ་ནས་ཧཱུཾ་གིས་ཐག་ཁུང་བསྐྱེད་ལ། དམ་ཚིག་གི ་མེ་ལྷ་འདི་ལྟར་བསྐྱེད་པར་བྱ་སྟེ། ཛ་ལས་ཉི་མའི་དཀྱིལ་འཁོ་བ་དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ། ཨོཾ་ཨཿཧཱུཾ་གིས་འཁོར་ལོ་དང་། པདྨ་དང་། རྡོ་རྗེས་མཚན་པའོ།། དེ་ཡོངས་སུ ་གྱུར་པ་ལས། ཁྲོ་བོའི་མེ་ལྷ་ཤིན་ཏུ་དྲག་ཅིང་ཁྲོ་བར་བྱེད་པ། འཇིགས་པ་དག་ཀྱང་ཤིན་ཏུ་འཇིགས་པར་བྱེད་པའོ།། སྐྲ་ཁམ་པ་གྱེན་དུ་འབར་བ་འོད་ཟེར་བརྒྱ་སྟོང་དུ་མས་བརྒྱན་པ། ཞལ་གསུམ་པ། ཕྱག་དྲུག་དང ་ལྡན་པ། རྩ་བའི་ཞལ་ནག་པོའོ།། གཡས་པ་དཀར་བ། གཡོན་པ་དམར་བའོ།། ཕྱག་གཡས་ན་རྡོ་རྗེ་དང་། སྤྱི་བླུགས་དང་། སྐྱབས་སྦྱིན་ནོ།། ཕྱག་གཡོན་པ་རྣམས་ལ་དྲིལ་བུ་དང་། དབྱུག་པ་དང་། ་བགྲང་ཕྲེང་རྣམས་འཛིན་པར་བསྒོམ་པར་བྱའོ།། སྔགས་འདིས་གཉུག་མར་གནས་པའི་མེ་ལྷ་སྤྱན་དྲང་བར་བྱ་སྟི། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་དྲཱ་ཏ་དེ་བ་རོ་ལི་སཏྭ་མཱ་ཧཱུ~ཾ་ཏི་རསྨིན་སནྣི་ཧི་ཏཽ་བྷ་བ་ཀྲོ་དྷཱ་གྣེ་མ་མཱ་ཤ་ཏྲཱུཾ་མ་ར་ཡ་ཕཊ་ཕཊ། ཅེས ་པས་ཐབ་ཀྱི་གཡས་ཕྱོགས་སུ་བཞག་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བྱ་དང་། ཁྲུས་ཀྱི་ཚོགས་ཁྲུས་བྱས་ཏེ། ཐབ་ཀྱི་དབུསུ་བསམ་པར་བྱའོ།། མེ་ལྷའི་དབང་དུ་བྱིས་པའོ།། དེ་ནས་མཆོད་ཡོན་ལ་སོཊ་བཱི་མཆོད་པ ་རྣམས་དབུལ་བར་བྱ་སྟེ། གོང་ནས་གསུངས་པོའི་རིམ་པས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། དགང་བླུགས་གསུམ་མམ་བདུན་ཡུངས་མར་དང་བཅས་པས་ཞལ་ཤིན་ཏུ་གདངས་པར་དབུལ་བར་བྱའོ།། དེའི ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨན་ལ་མུ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚ་མ་ན་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བས་དབུལ་བར་བྱའོ།། དེ་ནས་སྲེ་ཁྲུག་དབུལ་བར་བྱ་སྟེ། ཤིང་ཚེར་མ་ཅན་གྱི་ཡམ་ཤིང་སོར་དྲུག་པ ་ཁ་དོག་ནག་པོ་དང་ཡུངས་མར་ལ་སོགས་པའི་རྫས་རྣམས་ལ་སྔགས་འདི་བཟླས་ཏེ་བསད་པའི་ལས་བྱའོ།། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་མ་མ་ཤྲ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པས་གསད་པར་བྱའོ།། བྷ་དེ་ཤ་ཡ་ཞེས་པོ་ནཾ ་དགར་བའོ།། ཨུཙྪ་ཊ་ཡ་ཞེས་པ་ནི་བསྐྲད་པའོ།། མོ་ཧ་ན་ཞེས་པ་ནི་རྨོངས་པའོ།། སྟཾ་བྷ་ཡ་ཞེས་པ་ནི་རེངས་པའོ།། ཨུན་མནྡ་ཞེས་པ་ནི་སྨྱོ་བའོ།། ཨཱ་ཀཪྵ་ཡ་ཛཿཞེས་པ་འདི་དགུག་པའོ།། རཉྫ་བེ་དྷེ་ཤ་ཡ་ཞེས་པ་ནི་གྲོང་ཁྱེར་དཀྲུག ་པའོ།། ཝ་ཤང་ཀུ་རུ་ཞེས་པ་ནི་དབང་དུ་བྱ་བའོ།། དེ་དག་རྩ་བའི་སྔགས་སམ། སྙིང་པོ་འམ། ཉེ་བའི་སྙིང་པོ་འམ། གང་ཡང་རུང་བར་སྔགས་ལ་མིང་སྤེལ་ལ། ལས་ཐམས་ཅད་བསྒྲུབ་པར་བྱ་ཞིང་ཐ་མ་ཡང་དགང་བླུགས ་གསུམ་མམ། ཡང་ན་བདུན་ཕུལ་ལ་མཆོད་པ་ནཱི་མེ་ལྷ་མཆོད་པའི་ཆོ་ག་སྟེ། འཇིག་རྟེན་པའི་མེ་ལྷ་མཆོད་པའི་རིམ་པའོ།། དེ་ནས་མེ་ལྷ་དེའི་སྙིང་གར་ཡང་རུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཇི་སྐད་དུ་བཤད་པའོ་སྐུ ་མདོག་དང་ཕྱག་མཚན་དུ་ལྡན་པ་བསྒོམ་པ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཞལ་དགུ་པ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པའོ།། རྩ་བའི་ཞལ་མཱ་ཧེའི་གདོང་། ་ཅན་ནོ།། རྭ་གཡས་པའི་ཕྱོགས་ཀྱི་ཞལ་གསུམ་ནི་སྔོན་པོ་དང་། དམར་པོ་དང་སེར་པོ་ཤིན་ཏུ་ཁྲོས་པར་བྱའོ།། རྭ་གཡོན་པའི་ཕྱོགས་ཀྱི་ཞལ་གསུམ་ནི་དཀར་པོ་དང་། ནག་པོ་དང་། དུང་ཁའོ།། རྭ་གཉིས་ཀྱི་བར ་གྱི་ཞལ་ནི་དམར་པོའོ།། དེའི་སྟེང་གི་ཞལ་ནི་སོར་བ་ཅུང་ཟད་ཙམ་ཁྲོ་བ་དང་བཅས་པར་བསམ་པར་བྱའོ།། ཕྱག་གཡས་པ་རྣམས་ལོ་གྲི་གུག་དང་། ཐག་མདུང་དང་། གཏུན་ཤིང་དང་། གཏུབ་མཚོན་དང་། རྡོ་རྗེ་རྩི་གཅི ་པ་དང་། སྟ་རེ་དང་། མདའ་དང་། ལྕགས་ཀྱུ་དང་། དབྱུག་པོ་དང་། ཁ་ཊྭཱཾ་ག་དང་། འཁོར་ལོ་དང་། རྡོ་རྗེ་ཐོ་བ་དང་། རལ་གྲི་དང་། ཅང་ཏེའུ་བསྣམས་པའོ།། ཕྱག་གཡོན་པ་རྣམས་ལ་ནི་ཐོད་པ་དང་། ་ཀོ་རྩེ་དང་། ཕུབ་དང་། རྐང་པ་དང་། ཞགས་པ་དང་། གཞུ་དང་། རྒྱུ་མ་དང་། དྲིལ་བུ་དང་། ལག་པ་དང་། དུར་ཁྲོད་ཀྱིས་རས་དང་། གསེལ་ཤིང་དང་། མེ་ཐབས་དང་། ཐོང་ཚལ་དང་། སྡིགས་མཛུབ་དང་། འཕན ་རྩེ་གསུམ་པ་དང་། རླུང་གྱི་རས་རྣམས་སོ།། ཕྱག་དང་པོ་གཉིས་ཀྱིས་ནི་གླང་པོ་ཆེའི་པགས་པ་འཛིན་པ་བསམ་པར་བྱའོ།། ཞབས་གཡས་པ་རྣམས་ཀྱིས་ནི་མཱི་དང་། མ་ཧེ་དང་། བོང་བུ་དང་། རྔ་མོ་དང་། གླང་དང་། ་ཁྱི་དང་། ལུག་དང་། ཝཾ་རྣམས་མནན་པའོ།། ཞོབས་གཡོན་པ་རྣམས་ཀྱིས་ནཱི་བྱ་རྒོ་དང་། འགྱུ་པ་དང་། བྱ་རོག་དང་། སེང་གེ་དང་། ཁྲ་དང་། བྱ་ཆེན་དང་། སྲིན་བྱ་དང་། ཁྲུང་ཁྲུང་རྣམས་མནན་པར་བསྒོམ ་པར་བྱའོ།། དེ་ནས་སྔགས་འདིས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཧྲཱིཿབྷོ་བྷོ་མ་ཧཱ་ཀྲོ་དྷཱ་གཙྪ་གནྟྲྀ་ཡཱ་སྱཱཏྶཱ་ཛུ་པྲ་ཏཾ་གྲྀཧྞཱ་པྲ་སཱ་དྷུ་མེ་དྷཾ་མོ་ཀུ་རུ་ཤ་ཏྲུ་མ་རྱཱ་ཡ་ཧཱུཾ་ཕཊ། དཾ་ནི་སྣ་བསྐྱང་གཏོར་བྱས་ལ་དགུག ་པ་དང་། གཞུགས་པ་དང་། བཅིང་བ་དང་། གཉིས་སུ་མེད་པར་བྱ་སྟེ། འཇིག་རྟེན་ལས་འདས་པོའི་མེ་ལྷ་བསྐྱེད་པའི་ཆོ་གའོ།། དེ་ནས་གང་མ་བཞིན་དུ་མཆོད་ཡོན་ལ་སོགས་པའི་མཆོད་པ་བྱ་སྟེ། དགང ་བླུགས་དབུལ་བར་བྱའོ།། དེ་ནས་ཡེ་ཤིང་ལ་སོགས་པ་འབར་བའི་རྫས་རྣམས་ནི་བསྒྲུབ་བྱའི་རུས་པ་ཡིན་པར་བསམ་ཏེ། འོད་འབར་བ་ལ་བསྐྱེག་པར་བསམ་པར་བྱའོ།། མུར་ལ་སོགས་པ་ཞུ་བའི་རྫས་ནི་བསྒྲུབ་བྱའི ་ཁྲག་ཡིན་པར་བསམས་ཏེ་ཞལ་དུ་དབུལ་བར་བྱའོ།། དྲི་ཆེན་ལ་སོགས་པའི་རྫས་ནི་ཤ་ཚན་ཡིན་པར་བསམས་ཏེ་ཕྱག་ཏུ་དབུལ་བར་བྱའོ།། དེའི་རིམ་པ་ནི་འདི་ཡོན་ཏེ། ཐོག་མར་དུག་དང་། ཁྲག་དང་། སྐེ་ཚེ་དང་། ་ལེན་ཚྭ་དང་། ནིམ་པ་དང་། ད་དུ་ར་དང་། བཅས་པའི་ཡུངས་མར་གྱི་དགང་བླུགས་སོ།། དེ་ནས་སྲེག་བླུགས་ཀྱི་རིམ་ན་ཡམ་ཤིང་དང་། མར་ནག་དང་། ཁྲག་དང་། དྲི་ཆེན་དང་། དྲི་ཆུང་དང་། མི་རུས་ཀྱི་ཕྱེ་མ་དང་། དུག ་དང་། སྐེ་ཚེ་དང་། ལན་ཚ་དང་། བོང་བུ་དང་། རྔ་མོའི་སྤངས་ལ་སོགས་པ་རྣམས་ལས་ལིང་ག་བྱིས་ལ་དེ་ལ་བསྒྲུབ་བྱ་བསྟིམ་ལ་གྲི་གུག་གིས་བཏུབས་ཏེ་དཔལ་རྡོ་རྗེ་འཇིགས་བྱེད་ལ་དབུལ་བར་བགྱིའོ།། དེ་ནས ་དགང་བླུགས་གསུམ་མམ་བདུན་ཕུལ་ལ་མཆོད་པ་ལྔས་ཡང་དག་པར་མཆོད་དེ། དགང་བླུགས་གྱི་དུས་སུ་ནི་གང་འདོད་པའི་དངོས་གྲུབ་བླང་ཞིང་མེ་ཏོག་ནག་པོ་ལས་བསྒྲུབ་པར་བྱའོ།། འཇིག་རྟེན་ལས་འདས ་པའི་མེ་ལྷ་མཆོད་པའོ།། དེ་ནས་དེ་ཁོ་ན་ཉིད་ལས་བསྒྲུབ་པར་བྱ་སྟེ། གསང་བ་ལ་ནི་དུག་དང་། ཁྲག་དང་། སྐེ་ཚེ་དང་། ལན་ཚ་དང་། ནིམ་པ་དང་། ང་དུ་ར་རྣམས་བསྲེས་ལ་སྤེལ་ནས་བསྲེག་པའོ།། དཔྲལ་བ་ནི་བྱ ་རོག་དང་། འུག་པ་དང་། ཡང་སྦྲུལ་དང་། སྲེ་མོང་གི་ཤ་འམ། པགས་པསོ།། བསྐྲད་པ་ལ་ནི་བྱ་རོག་གི་ཤ་འམ། རྔ་མོའི་སྤངས་དང་། ཆུང་རྣམས་ལྷན་ཅིག་བསྒྲེས་པའོ།། རྨོངས་པ་ནི་ལྡིང་རྀས་དང་། ་ཡུང་བ་དང་། ལྡོང་རོས་དམར་པོ་དང་། གོ་རོ་ཙ་ན་རྣམས་སྦྱར་བར་བྱའོ།། རེངས་པ་ལ་བ་བྷྲ་དང་། ཡུང་པོ་དང་། ལྗོངདཱ་རོས་དང་། གི་ཝང་དང་བཅས་པས་བྱའོ།། སྨྱོ་བར་བྱ་བ་ལ་ནཱི་སྲིན་བྱའི་ཚང་དང་། ཤ་ཆེན་དང་གཉིས་ཀྱིས ་བྱའོ།། གྲོང་ཁྱེར་དཀྲུག་པ་ལ་ནི་ཁྱི་དང་། སྦལ་པ་དང་། རུ་སྦལ་གྱི་ཤ་དང་། རྔ་མོ་མོ་ཤམ་གྱི་སྤངས་དང་། བྱི་ལའི་ཁྲག་རྣམས་ཆ་བསྙམས་ཏེ་སྦྱོར་བའི་རཱི་ལུ་བྱིས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པསོ།། རྒྱལ་པོ ་དབང་དུ་བྱ་བ་ལོ་ནི་རྟའི་ཤ་དྲི་ཆེན་དང་གཉིས་མཉམ་པོར་སྦྱར་བས་སོ།། ཐ་མལ་པ་དབང་དུ་བྱ་བ་ནི་གླང་པོ་ཆེའི་ཤ་བྱང་ཆུབ་ཀྱི་སེམས་དང་བཅས་པས་སོ།། བུད་མེང་དབང་དུ་བྱ་བ་ལ་ནི་ཉིའི་ཤ་དང་བསྲེས་པས་སོ།། ་དགུག་པ་ལ་ནི་བདུད་རྩི་རྣམ་པ་ལྔས་སོ།། ལས་རྣམས་སོ་སྟོར་བསྒྲུབ་པའོ།། དེ་ལྟར་ལས་རྣམས་བསྒྲུབ་པ་ཟིན་ནས་ནི་དགང་བླུགས་ཕུལ་ལ་མཆོད་པ་རྣམས་ཀྱིས་མཆོད་དེ་སྔགས་འདིས་གཤེགས་སུ་གསོལ་བར་བྱ་སྟེ། ་ཨི་ཛེ་ཡ་ཛ་ཡ་སུ་ཛི་ཡ་བཻ་ཤྭ་རུ་བ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནཾ་ཀྲྀ་ཏ་ཏེ་ཏཾ་ཐཱ་ག་ཏ་ན་མཿསརྦྦ་བྷཱུ་ཏ་བི་སརྫ་ཡ་མ་མ་ཀརྱང་ཀུ་རུ་སྭཱ་ཧཱ། གཤེགས་སུ་གསོལ་བའི་སྔགས་སོ།། ཡེ་ཤེས་ཀྱི་ལྷ་གཤེགསུ་གསོལ་བའོ།། དེ ་ནས་རྫས་ལྷག་མ་རྣམས་མེ་ལྷ་ལ་ཕུལ་ལ་གཉུག་མར་གནས་པའི་མེ་ལྷ་འདིར་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད།། དངོས་གྲུབ་ཇི་བཞིན་སྩལ་ལགས་ཀྱིས།། སངས་རྒྱས་ཡུལ་དུ་གཤེགསུ ་གསོལ། སླར་ཡང་གཤེགས་པར་མཛད་དུ་གསོལ།། ཞེས་བརྗོད་པར་བྱའོ།། འཇིག་རྟེན་པའི་མེ་ལྷ་གཤེགས་སུ་གསོལ་བའོ།། དམ་ཚིག་བསྡུས་ཏེ་དེ་ནས་ཉ་དང་ཤ་རྣམ་པ་སྣ་ཚོགས་དང་བཅས་པའི་གཏོར་མ་དཔལ་གཤིན་རྗེ་གཤེད ་འཁོར་དང་བཅས་པ་ལ་བྱིན་ནས་གཡོན་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ་གནས་པར་བྱའོ།། དེ་ལྟར་དེ་རྣམས་བྱས་བྱུང་བ་ཡི།། དགེ་བ་གང་ངེས་འགྲོ་བ་ཐམས་ཅད་ཀུན།། སྡིག་དང་བྲལ་ཞིང་དགེ་བ་རབ་འཕེལ་ནས།། ་དཔལ་ལྡན་འཇིགས་བྱེད་དེ་དང་འདྲ་བར་ཤོག། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ཨ་མོ་གྷ་བཛྲ་ས་མཛད་པ་རྫོགས་སོ།། །། རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ།། ་