| Wylie | e-texts produced with BDRC’s OCR application |
ཏ་བྷ་རོ་ཕྱག་རྡུམ་དང་། བོད་ཀྱི་ལོ་ཙྪ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། བཛྲ་བྷེ་ར་བཾ་ག་ཎ་ཙཀྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཀྱི་ཚེ ་ཀྱི་འཁོར་ལོ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། དངོས་དང་དངོས་མེད་བདག་ཉིད་གཙོ།། དྲང་པོར་རྡོ་རྗེ་སེམས་ལ་ཕྱག་འཚལ་ནས།། འདོད་པ་ཐམས་ཅད་རབ་སྩོལ་བ།། ཚོགས་ཀྱི ་འཁོར་ལོ་བདག་གོས་བཤད།། སྔགས་པ་མཆོག་ཏུ་རྟོག་མེད་པས།། དུས་ཀུན་དུ་ནི་མཉམ་པར་བཞགས། རྒྱུད་ཀུན་གྱི་ནི་རྗེས་འབྲང་ཤེས།། དེ་ཉིད་བཱནྡ་ནི་མཆོག་ཏུ་རིག། ཟབ་ཅིང་རྒྱུ་ཆེ་རྗེས་རྣམས་ལ།། ཡི་ནི ་བར་གྱུར་པ་དང་།། ང་རྒྱལ་མེད་པའི་སློབ་མ་རྣམས།། ལེགས་པར་ཐོས་འདོད་དང་རྣམས་ལ། ཚོགས་ཀྱི་ནི་ཡོངས་རྫོགས་པས།། འདོང་ཡོན་ལྔ་ཡི་འབྲས་བུ་སྟེར།། དབེན་ཞིང་ཉམས་དགའི་ཁང་པ་རུ་།། དར་ནི ་རང་གི་མཆོད་པ་བརྡྷམ།། རྣལ་འབྱོར་རྒན་པའི་རིམ་པ་ཡིས།། ཕྱག་དང་མཆོད་པ་བྱ་བར་གྲགས།། ཡང་ན་ཡོན་ཏན་ཆེ་བ་འམ།། མགྲོན་པོ་ཡིན་ཕྱུར་གུས་པ་དང་།། ཁྱུས?་དང་དྲི་ཞིམ་གོས་དང་ནི།། མེ་ཏོག་ཕྲེང་བས ་བརྒྱན་པ་དང་།། མཆོད་ཡིན་བདུག་པ་ཙ་ནུས་པས།། ཚོགས་ཀྱི་འཁོར་ལོ་བརྩམ་པར་བྱ།། ལས་ཀྱི་རྡོ་རྗེ་མཉམ་གནག་པས།། འདི་དག་ལ་ནཱི་བོསང་གཏོར་བྱ།། མཛོང་སྤུ་སྤྱི་བོར་ཐལ་སྦྱར་ནུས།། ཡན་ལག་བརྒྱད ་ཀྱིས་ཕྱག་བྱའོ།། རིན་ཆེན་སྣོད་སོགས་གཏོར་མ་བཞག། རྒྱལ་བ་འཇིག་རྟེན་འདས་ལ་དབུལ།། འཇོག་རྟེན་པ་དང་སྔགས་ལྷ་ལ།། དེ་ཉིད་རིགས་པས་མཆོད་པ་བརྩམ།། རྒྱུད་ཀྱི་དགོངས་པའི་སྦྱོར་བ་ཡིས།། ་པདྨའི་སྣོད་དུ་བདུད་རྩིཆེ།། ལྕགས་ཀྱུ་བཅུ་ནི་ཡང་དགྲ་བཟླསྭཱ།། དྷཱི་དྲུག་ཐམས་ཅད་ཚིམ་པདྨ་བ།། ཐུན་མོང་ཀུར་གྷི་མཆོད་པ་དང་།། ཀླན་ལ་གསང་བ་མཆོག་གི་མཆོད།། བདེ་བ་ཆེན་པར་ད ་འཕང་གནས།། ཚོགས་ཀྱི་གཙོ་བོ་འཇུག་པར་བྱ།། བུ་མོ་ངལ་བ་ཆིང་ཞིང་།། ཞལ་གྱི་པདྨའི་མགོ་བོ་སྨང་།། ཡོན་ཏན་ཆེན་པོ་ཤིན་ཏུ་རྒྱུས་ཤིང་དེ་ཉིད་ཡང་དག་རིག་པར་རུང་བ་ཉིད།། སེམས་ཀྱི་རྣམ་རྟོག་བྲུལ་ཞིང་རྒྱུན་ནམ ་ཀུན་དང་ལྡན།། ནུ་མ་གཉིས་ནི་མཆོག་ཏུ་རྒྱས་པས་བདུད་རྩིའི་སྣོད་ནི་དེ་ཡིས་འབུལ།། རང་བྱུང་ཡེ་ཤེས་མ་འབྱུར་བས།། འོད་འཕྲོ་གདན་གྱི་ལུས་འབུད་ཅིང་།། ཁར་ནི་དེ་ཉིད་སྦྱིན་སྒེག་ཕྱིར།། རོ་ལ་སོགས་པ་དབའི ་པར་བྱ།། དེ་ནས་སྙིང་གའི་ཟླ་དཀྱིལ་སཱར།། ཐིག་ལེ་ལྷ་ནི་མངའ་བངག་ཆེ།། ཡང་ནི་རང་གི་འདོད་སོགས་ལྷ།། འཁོར་ལོ་རྒྱན་གྱིས་བརྒྱན་པའོ།། མིང་མེད་ཐིག་ལས་ཐིག་ལྕེ་སྟེ།། དེ་ཉིད་གསུམ་བསྲུབས་འོད་ཟེར་ཅན ་ལྕེ་ཡི་རྩ་ལ་ཉུང་ཟད་དགོད་།། བདུད་ཙའི་རྒྱུན་གྱིས་ཚིམ་བྱའོ།། ལྟེ་བའི་འཁོར་ལོ་ནཱ་ང་ལས།། བུང་བས་དེ་ཡི་རོ་བཀུག་ནས།། ལན་གསུམ་དུ་ནི་འཐུངས་ནས་སུ།། རྣལ་འབྱོར་པ་ང་བདེ་བར་གནས།། བི་མུ་བ་རཱ་ཤུ་ང ་ཏེ་གོ་ཀུ་པཉྩ་ཀ། རྒྱུད་དང་རྒྱུད་གཞན་བརྗོད་པ་ཡིས།། གཞན་ཡང་བདུད་རྩི་ཆེན་པོ་རྣམས།། བར་སྣང་དུ་ནི་གནས་པ་ལ།། ཀུན་ལ་མཛུབ་གཏོར་བྱིན་པར་བྱ།། དཔའ་བོས་དཔའ་བོའི་ལྷ་དང་ནི།། ལྷ་མོ་ཀུན་གྱི ་ཚོགས་ལ་གསལ།། ལྕགས་ཀྱུ་བཅུ་ཡི་དེ་ཉིད་ནི།། ཐོབ་ནས་སྦྱིན་བདག་སེམས་ངག་ཕྱིར།། ཇི་ལྟར་རིགས་པར་རྟོགས་ནས་ནི།། ཕྱི་རོལ་ལྷ་ལ་དབུལ་བར་བྱ།། སེམས་ཅན་རྣམས་ལ་སངས་རྒྱས་ཉིད།། ཀུན་གྱི་སྙིང་རྗེའི་སྟོབས་ཀྱིས ་བསྒྲུབ།། རྡོ་རྗེ་དྲིལ་བུ་ལྡན་པས་བསྟོད།། འཁོར་ལོ་སྒྱུརྱ་བ་བསྟོད་པར་བྱ།། སྒེག་པའི་ཚུལ་གྱིས་སྟེར་བ་དང་།། མཆོད་རྫས་ཀྱི་ནི་སྣོད་ངག་རྣམས།། སོ་སོ་འམ་ཀུན་ལ་གཅིག་ཏུའོ།། དག་དང་མ་དག་སྤྱང་མི་བྱ།། ཇི་ལྟར ་འདོད་པའི་བཟའ་དང་བཏུང་བ་རྣམས།། མཆོད་པ་སྣ་ཚོགས་མང་པོ་ཡིས།། རྡོ་རྗེ་ཅན་གྱིས་མྱ་ཆོད་པ་ཡིན།། ཙཱི་བདེ་ཇི་ལྟར་འདོད་པར་གསོལ།། དེ་ལྟར་སེངྒེ་བཞོན་དུ་དོགས་མེང་རྟོགས་བྲལ་བས།། སྲོང་ཞིའི་གོ་འཕང་དེ་ཉིད ་གནས་པས་བདེ་བར་ལྡན།། རང་གི་ཡི་འོང་ཀེ་ཤི་ཀ་ལ་སོགས་པའི་གྲུ། རྒྱལ་བ་མ་ལུས་ཚོགས་ལ་གར་གྱིས་ཀྱང་ནི་མཆོད་པར་བྱ།། སྣོད་ནི་གང་གིས་ལག་པར་གཞག། གར་གྱི་ལག་པ་གཟུང་བར་བྱ།། མི་ཤེས་པ ་བྱམ་རྨོངས་པ་ཡིས།། སྐྱེད་པར་གྱུར་ན་ཆད་པ་ཐོབ།། ལུས་ངག་ཡྀད་ཀྟཾ་ལས་ཀྱིས་ནི།། ལ་ལ་དུལ་བར་མ་གྱུར་ན།། ཆང་བས་དེ་ནི་ཞི་བའི་ཕྱིར།། ང་ཡིས་ཇི་ལྟར་རིག་པར་བརྟག། ལག་པ་གཉིས་ཀྱི་ཕྱག་རྒྱུ་ཡིསོ།། དེ་ཉིད་ག ་ཟོའི་ཆོ་ག་བཞིན། ཕན་ཚུན་དུ་ནི་ཚིམ་པར་བྱ།། སྒེག་དང་རྩེ་བའི་རོ་ཡིས་བདེ།། ཟབ་དང་རྒྱ་ཆེ་གཏམ་བརྗོད་ཅིང་།། དེ་ཉིད་བརྩོད་པས་མཆོད་པར་བྱ།། གླུ་དང་རྔ་སོགས་གར་གྱིས་ནི།། ཐབས་དང་ཤེས་རབ་བདེ་བའི་མཆོག། ་ཕན་ཚུན་དུ་ནི་མཉམ་པར་གུས། དམ་ཚིག་ཉན་པར་ཤིན་ཏུ་འདོང་།། ཕ་རོལ་ཕྱིན་བཅུ་སྦྱོར་བ་ཡིས།། བརྟུལ་ཞུགས་ཅན་གྱིས་མཆོད་སྦྱིན་བྱ།། འགྲོ་བར་འདོད་པས་ཐལ་སྦྱར་ནས།། སྔོན་དུ་བཟུང ་གསོལ་འགྲོ་བར་བྱ།། བྱ་བ་བྱས་ནས་བློ་ལྡན་གྱིས།། དེ་ནས་ཕྱག་བྱས་འཇུག་པར་བྱ།། རྟག་ཏུ་རྣལ་འབྱོར་བདག་ཉིད་དང་།། རྟག་ཏུ་དེ་ཉིད་ལམ་ལ་ཞུགས།། རྟག་ཏུ་འདུལ་བར་ལྡན་པ་ཡིན།། ཚོགས་ཀྱི་འཁོར་ལོ་རྟག ་ཏུ་བྱཱཿ། སྦྱིན་པའི་ཟས་སྦྱིན་པ་རྣམས་ལ།། ཕྱག་རྒྱ་ཐུན་མོང་དུ་ནཱི་བརྗིད།། དེ་ཕྱིར་གྲོལ་བར་འདོད་པ་ཡི་སོ།། བདག་དང་གཞན་ལ་མཆོད་པར་བྱ།། ཇི་སྲིད་རང་གི་བདེ་འདོད་པས།། འདི་ཉིད་རོལ་དང་སྒེག་པ་ཡིས།། དེ་སྣང ་ཕྱོག་རྒྱུ་ལྷན་ཅིག་ཏུ།། གཉུག་མྱ་འདི་ཡིས་མཆོད་པར་བྱ།། མིག་ལ་སོགས་པའི་ཐབས་ཆེན་གྱིས།། གཟུགས་སོགས་རྡོ་རྗེ་མ་ཡི་ཚོགས།། རྣམ་ཤེས་རྣམས་ཀྱི་བདེ་ཆེན་པོ།། ཕྱི་རོལ་གྱི་ནི་རྟག་ཏུ་འཇུག། རྡོ་རྗེ ་པདྨའི་འོད་ཟེར་གྲིས།། ཟླ་བའི་འོད་ཟེར་དཀར་པོ་འདྲ།། རྒྱལ་བའི་ཆོ་གས་ཀྱིས་འོད་ཟེར་འབྱུང་བས་རང་བཞིནི་མེད་པར་རང་བཞིན་ཅན། ཤིན་ཏུ་བདེ་བ་མཆོག་ཏུ་འཕགས་པས་ཡིད་དུ་འོང་བའི་ཤེས་རབ་བཀའ་ཉན་ལས ་དག་པའི་ལྕེ་ཡིས་ལེན་བྱུང་སེམས་ཅན་དེ་ནི་རྡོ་རྗེ་སེམསོ།། དེ་ནས་གཤེགས་གསོལ་ཐོབ་པ་ན།། བཀྲ་ཤིས་ཀླུ་དང་ལྷ་ཀུན་ལ།། ཚོགས་ཀྱི་འཁོར་ལོ་མངོན་བྱས་ནས།། ཡོན་བདག་མགོ་ལ་མེ་ཏོག་བཞག། བཀྲ ་ཤིས་བརྗོད་ལ་སྡོམ་ལ་སྦྱར།། འབྱུང་པོ་ཐམས་ཅད་སངས་རྒྱས་སུ།། བླ་ན་མེད་པར་སྨོན་ལམ་གདབ། ལྷག་མའི་གཏོར་མས་ཚིམ་པར་བྱ།། གཏོར་མ་ཆེན་པོ་ཡང་དག་བསྡུས།། ཆོས་བདག་ཡེ་ཤེས་གྱུར་ནས་ནི།། བློ ་དང་ལྡན་པས་དགེ་ལ་སྦྱརརོ།། མཐོ་བ་ཙམ་གྱིས་མཐོ་བ་རུ།། རྒྱལ་དུ་ཆོས་ཀྱི་གཞི་བསམ་བྱ།། དེ་ལས་བདུད་རྩི་རྒྱུན་འཛག་པ།། རང་ཉིད་ལ་ནི་བསམ་པར་བྱ།། ཡུངས་ཀར་ཙམ་གྱི་ཕྲ་བ་ནི།། རྡོ་རྗེ་ཅན་གྱི་མཚན་མ ་སྟེ། རྡོ་རྗེ་རྩེ་འམ་སྣ་རྩེ་རོ་བསམ།། བརྟན་པར་གྱུར་ན་སྤྲོ་བར་བྱ།། སྙིང་གའི་དཀྱིལ་ནི་ནམཁའ་ལ།། ཟླ་བའི་དེ་ཀྱིལ་འཁོར་རྫོགས་པ་སྟེ།། དེར་ནི་ཆོས་ཀྱི་འབྱུང་གནས་གནས།། ཕྲ་མོའི་རྡོ་རྗེ་དག་ཏུ་དཱན།། རྡོ ་རྗེ་ལ་སོགས་རོ་དང་ལྡན།། ཡིད་ཀྱིས་རང་བཞིན་རྣམ་ཐར་གསུམ།། རྣམ་པ་ཀུན་གྱི་དོན་དག་ལྔ།། འགྱུར་བ་མེད་པའི་བདེ་བ་ཆེ།། ཐབས་དང་ཤེས་རབ་རྣལ་འབྱོར་དག། ལས་ཀུན་ལ་ནི་ཐམས་ཅད་དུ།། ཡང་དག་བྱང ་ཆུབ་ལེགས་སེམས་གཟུགས།། དེ་ཉིད་བརྩོན་པས་བསམ་པར་བྱ།། སྔགས་ནི་སྲོག་གི་ཡི་གེ་བཟླས།། ཐིག་ལེའི་རང་བཞིན་འོད་གསལ་བ།། ཆོས་དང་ཆོས་མིན་ལས་གྲོལ་བ།། རྟག་ཏུ་ཡོངས་སུ ་བ་སྒོམས་པར་བྱ།། དེ་ཡིས་དུས་སམ་ཐམས་ཅད་དུ།། གྲོལ་བའི་ལམ་ལ་བརྩོན་པ་ཡིས།། རྟག་པའི་དུས་སུ་བསྒོམ་བྱས་ན།། དེ་ཡིས་གྲོལ་ཐོབ་ཕུན་སུམ་ཚོགས།། འགྲོ་བ་རྣམས་ཀྱི་བསམ་པ་སྦྱིན་པ་ལ་སོགས ་ཀུན་གྱི་མྱུར་དུ་ཡོངས་རྫོགས་ནས།། བདག་མེད་རྡོ་རྗེ་ལ་སོགས་ཀྱིས་ནི་རྣམ་རྟོག་རྨོགས་པའི་གྲོང་ཁྱེར་ཐམས་ཅད་བརྟག་བྱས་ནས།། རྒྱལ་ངའི་འཁོར་ལོ་གང་ཞིག་བསྐོར་བྱས་བླ་མའི་ཡེ་ཤེས ་འཆར་ཞིང་ཐར་པ་སྟེར་བྱེད་པ།། འཕགས་པ་དེ་ཡིས་ཐུགས་རྗེ་ཆེན་པོས་ནང་རྣམས་རྟག་པར་ཤིན་ཏུ་གྲོལ་བར་བྱེད།། ཐོབ་པའི་ཚོགས་ཀྱིས་ཡོན་ཏན་གཏོར་ལྡན་པས།། རྣམ་པར་རྟོག་པའི་རྟོག་པ་ལས་རྒྱལ་ཉོན ་མོངས་སྤངས་པ་ཡི།། བག་ཆགས་བཅས་པའི་གནས་ལས་གྲོལ་ཞིང་རྣམ་གྲོལ་བའི།། དངོས་དང་དངོས་མེད་རྣལ་འབྱོར་པ་ལ་ཕྱག་འཚལ་ལོ།། ཡན་ལག་རྒྱ་ནི་རྣམས་ཀྱིས་ནི་རྣམ་པར་བརྒྱན་པ་ཡི།། ནམ་མཁའ་ཟླ ་བྱའི་འོད་ཟེར་ཆ་ནི་རྣམ་པ་སྣ་ཚོགས་བྱེད་པ་གང་།། ཤེས་རབ་ཚོགས་ཀྱི་བདག་ཉིད་ལ་ནི་ཕྱག་འཚལ་འདུད།། འཇིག་རྟེན་འཇིག་རྟེན་འདས་བཅས་བླ་མའི་འཁོར་ལོ་ཅན།། བསྒོམ་བྱ་རྣམ་པར་བསྒོམས་པས་འགྲོ་བ ་གྲོལ་བའི་ཕྱིར།། གང་ཞིག་ཕན་པའི་བསམ་པས་འདིར་ནི་དཀྱིལ་འཁོར་བྱེད་པ་ཡི།། ཚོགས་ཀྱི་འཁོར་ལོ་བྱེད་པ་དེ་ལ་ཕྱག་འཚལ་འདུད།། སེམས་ཅན་ཐམས་ཅད་ལ་གནས་དྲི་མེད་དངོས་པོ་ཡི།། བསྒོམས ་པས་གསལ་བར་གྱུར་པའི་བདེ་ཆེན་བསྡུས་པ་ལ།། ཕྱག་རྒྱ་དང་བཅོས་བྱེད་པ་དེ་དག་ཕྱག་འཚལ་ལོ།། དཔལ་ལྔ་མོ་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ།། སློབ་དཔོན་རཏྣ་ཨཱ་ཀ་ཤཱནྟིཾས་མཛད་པ ་རྫོགས་སོ།། ། རྒྱུ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་རཀྵི་ཏཱ་དང་། ལོ་ཙྪ་བྱཱ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཙྪ་ཙྪནྡ་ར་ཀལྤ། བྱོང ་