CLOSE WINDOW

GT85: sbyor ba yan lag drug pa'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཥ་ཌངྒ་ཡེ་གཱི་ནཱི་ཀཱ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལྔ་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལོ།། དུས་ཀྱི་འཁོར་ལོའི་དབྱུང་ཕྱུག ་དང་ཡོན་ཏན་ཆེ་བའི་བླ་མོ་ལ།། བཏུང་སྦྱོར་བ་དྲུག་པ་ཡི།། ཡོན་ཏན་རྫོགས་བྱེད་འགྲེལ་པ་བརྩམ།། འདིར་ཕྱི་ནང་གི་རིམ་པ་ལ་སྦྱངས་པའི་ཐུགས་དང་ལྡན་པའི་སློབ་དཔོན་དཔེ་མེད་འཚོ་དམིགས ་མེད་པའི་དེ་ཁོ་ན་ཉིད་བསྒོམ་ཞིང་། དཔལ་ཁོ་སརྦ་ནའི་དྲུང་དུ་ལོ་བཅུ་གཉིས་བཞུགས་ཀྱང་རྟོགས་པའི་ཁྱད་པར་མ་ཐོབ་པས་ཡི་ཆང་ནས་གཉིད་དུ་སོང་བ་ལ་རྡོ་རྗེ་རྣལ་འབྱོར་སྲ་གསུང་བྱུང་སྟེ། བི་ཀྲ་མ་བླུ ་རར་སོང་ཞིག་དེར་ཁྱོད་ལ་རྟོགས་པའི་ཁྱད་པར་འབྱུང་བར་འགྱུར་ཞེསོ།། དེས་དེའི་བཀའ་སྤྱི་བོར་བཞག་ནས། སློབ་མ་ཚོང་དཔོན་གྱི་བུ་པཎྜི་ཏ་ཆེནྡ་པོ་དཔལ་འཛིན་དང་པི་ཀྲི་མ་པཱུ་རར་གཤེགས། དེར་དུས ་བཟང་པོར་དགེ་སྦྱོར་ལ་བཞུགས་པ་ལྀ་ནམ་ཕྱེད་ལ་ཨ་བཱ་དྷཱུ་ཏཱིའི་ཚུལ་གྱིས་རྡོ་རྗེ་འཆང་གིས་དངོསུ་གདམས། དེའི་གདམས་པ་ཐོབ་པ་ཙམ་གྱི་སཱ་ཏིངེ་འཛིན་ལ་སྙོམས་པར་ཞུགསོ།། དེ་ནས་བཅོམ་ལྡན ་འདས་དེ་ཉིད་དུ་མི་སྣང་བར་གྱུར། ནང་ལངས་པ་དང་དེའང་ཏིང་ངེ་འཛིན་ལས་ལངས་ནས་བདག་ཉིད་ཆེན་པོ་བླ་མ་དེའི་གྲོགས་མཛད་པའི་དཔལ་འཛིན་ལ་གདམས་པ་གནང་།། དེས་ཀྱང་ཐུགས་རྗེ་དང་སྐལ ་པར་ལྡན་པར་དགོངས་པཱ་ལ་པཎ་ཌི་ཏ་ཆེན་པོ་འོད་བྱེད་ལྷ་ལ་གནང་།། དེས་ཀྱང་པ་ཎ་ཌི་ཏ་ཆེན་པོ་རྒྱལ་པོའི་བླ་མ་སྙིགས་མུའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཞི་བ་ལཱ ་བཤད།། དེས་ཀྱང་བརྗོད་དུ་མེད་པའི་ཡོན་ཏན་གྱི་འབྱུང་གནས་ཀྱི་བླ་མ་མཉེས་པར་བྱེད་པ་ལ་བཙོན་པ་ཉི་མ་དཔལ་བྱངག་གི་དེ་ཁོ་ན་ཉིད་ཐོབ།། འདི་ནི་བླ་མཱའི་བརྒྱུད་པའོ།། དེ་ལྟར་སློབ་མས་གསོལ་བ་བཏབ་པའི་དབང ་གིས་སློབ་དཔོན་དཔེ་མེད་འཚོ་དེས་རྡོ་རྗེ་འཛིན་པའི་སལླི་གོ་འཕང་ཐོབ་པའི་རྒྱུ་སྦྱོར་བ་ཡན་ལག་དྲུག་པར་བྱེད་པར་འདོད་པས་རང་གི་ཡི་དམ་ལ་བསྟོད་པ་བྱེད་པའི་བསྒོ་ནས་ཡན་ལག་དྲུག་པ་བརྗོད་དེ། སྒྲིབ་པ་ལ ་སོགས་པའོ།། དེ་ཁོ་ན་ཉྫད?་ལ་བསྒྲིབས་པས་སྒྲིབ་པུ་ཉིད་ཁོ་ནཱ་སྟྲིན་གྱི་ཚོག་སཽ་ཏ་དེ་དང་བྲལ་བསུ་གྲངས་མཱ་ལུས་པ་རྟོགས་པ་དང་། དབུགས་རླུང་འགགས་པས་མཐར་གྱུར་པའི་བར་སྣ་དྱ་ལ་འཆར་པ་སྤྱན་རས ་གཟིགས་ནི་སངས་རྒྱས་ཏེ་དེ་ཁོ་ན་གང་བྱའི་ཟླ་བ་ཡིན་པས་སྐྱེ་བོ་རྣམས་དགའ་བར་བྱེད་པས་མཛེས་པའོ།། དེས་དོན་ནི་གཟུང་འཛིན་གྱི་སྒྲོ་བཏགས་པ་དང་བྲལ་བ་སྟེ། འདིས་སོ་སོར་རྟོག་པ་དང་བསམོ་གཏན་གྱི ་ཡན་ལག་བཤ་།། གྲངས་མ་ལུས་པའི་རྟོགས་པ་ནི་བག་ཆགས་དང་བཅས་པའི་སེམས་ཀྱི་སྐད་ཅིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མཚན་ཉིད་ཅན་དང་། འབྱུང་བ་དང་། རྔུབ་པའི་རླུང་འགགས་པའི་བར་སྣང་དུ་རྣམ་པ ་ཐམས་ཅད་དུ་མཐོང་བའི་སྣ་ཚོགས་གཟུགས་འདིས་སྲོག་རྩོལ་དང་འཛིན་པ་དང་རྗེསུ་དྲན་པ་བྱཱ་ཤང་། འཆར་བའི་གཏུ་མོ་ལ་རེགས་པ་སྔ་བདེ་བ་ཆེན་པོའི་འཁོར་ལོ་ལསོ།། སངས་རྒྱས་ཐམས་ཅད་ཀྱིས་སྤྱི ་གཙུག་དང་རྡོ་རྗེའི་རྩེ་མོས་འཛིན་པས་འཇིག་རྟེན་དབང་ཕྱུག་དགའ་བཱ་བཅུ་དྲུག་གིས་གང་བའི་ཟླ་བ་དྭེ་ལྔ་བུར་མཛེས་པའོ།། འདིས་ཏིདྭེ་འཛིན་གྱི་ཡན་ལག་བཤ་།། ད་ནི་ཡནྡ་ལག་དྲུག་པའི་བྱ་བ་འགལ ་ཚཆེ་བ་ཅན་དུ་བཤང་། སྲིད་ཞི་ལ་སོགས་པའོ།། སྲིད་པ་ནི་སྐྱེ་བ་དང་འཆི་བའི་རྒྱུད་ཀུན་རྫོབ་དང་། ཞི་བའི་དོན་དམ་པའི་བདེན་པ་སྟེ། དེ་གཉིས་ཀྱིས་དམིགས་པ་དང་བྲལ་ཡང་དེ་གཉིས་ལས་ཐ་མི་དད་པས་ཟུང་དུ ་འཇུག་པའོ།། ཁམས་གསུམ་ལ་ཁྱབ་པ་ཁྱ་བྱེད། སྟོང་པ་ཤིན་ཏུ་སྟོང་པ། སྟོང་ཉིད་ཆེན་པོ། ཐམས་ཅད་སྟོང་པས་སྟོང་པའོ།། མེ་ལོང་གི་གཟུགས་བརླན་ལྟ་བུའི་རྣམ་པ་ཐམས་ཅད་ལྡན་པའོ།། རྟོག་པ་མེད ་པའི་ཡེ་ཤེས་མཐར་ཐུག་གི་གནས་སྐབས་པ་སྟེ་དེའི་དབང་ཕྱུག་སཱ་བཅུ་གཉིས་པའོ།། རབ་ཏུ་མི་གནས་ནི་དམིགས་པ་ལ་མི་ཆགས་པསོ།། གཡོ་མེད་ནི་མ་ཉམས་པསོ།། གཉིས་དང་བྲལ་བས་རྟོག་མེད།། ་མཁས་པ་ནི་རྟོག་མེད་ཀྱི་ཡེ་ཤེས་རྟོགས་པ་ལ་འདོད་པའི་སྟོན་ལྔའི་བདེ་བ་མ་ཉམས་པ་སྟོན་པའོ།། སེམས་མིན་ནི་རྟོག་པ་འགག་པའི་སེམསོ།། དེ་ལས་འཆར་བ། འགྲོ་བས་བསྟེན་པར་བྱ་བས་མགོན་ཏེ། ་ངེས་འགྲོ་བ་དག་གི་སེམས་བྱིན་གྱིས་རློབ་པར་སྨོན་པའོ།། ཡོད་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་བླ་མྱ་ལ་ཕྱག་འཚལ་བ་བཤ་།། ཡོང་རྟོག་ལ་སོགས་པའོ།། ཅུང་ཟད་ཀྱང་ཡོད་པར ་རྟོག་ན་རྟག་པའི་མཐར་འགྱུར་ཏེ། དེ་ཡང་མ་བརྟོགས་པར་ངོར་ན་ཆུང་པའི་མཐའ་སྟེ་བསྐལ་པ་དུ་མྱུར་མནར་མེང་དུ་སྡུག་བསྔལ་མྱོང་བའི་རྒྱུའོ།། དེ་ལྟར་དམ་པའི་ལམ་གསུབས་པར་གྱུར་པ་ལ་དཔལ་ལྡན་བླ་མ་ག ་གིས་སེམས་ལས་འདས་པ་སེམས་མ་ཡིན་པའི་སེམས་ཀྱི་རང་བཞིན་སྟོང་ཡང་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཐམས་ཅད་དང་ལྡན་པ། ན་མཁའི་གཟུགས་བརྙན་ནི་སྣ་ཚོགས་པའི་གཟུགས་སློབ་མ་དམ་པ་ལ ་སྟོན་པར་བྱེད་པའི་བླ་མ་དེ་ལ་རབ་ཏུ་དགའ་བར་བྱེད་པས་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལེ།། འོ་ནྡ་བླ་མའི་དྲིན་ཁོ་ནས་ལམ་དམ་བྱ་ཐོབ་ན་དེ་རང་ལ་བསྔགས་པས་ཆོག་གི་ཡན་ལག་དྲུག་པ་བརྗོད་པས་ཅི་བྱ ་ཝཱ་ནཱ་སྨྲས་པ། དེ་ལྟ་ལ་སོགས་པའོ།། ཇི་ལྟ་བའི་ལམ་སྟོན་པ་པོའི་བླ་མའི་ཡོན་ཏན་བརྗོད་པ་ནཱི་རང་གིས་རྟོགས་པ་བརྗོད་པ་ཁོ་ན་ཏེ། གང་གིས་ཕྱིར་འབར་བའི་མེ་མེད་ན་དུ་བ་འབྱུང་བ་གསལ་བར་མཐོང ་བ་མི་སྲིད་པ་བཞི་ནོ།། འོ་ན་ང་རྒྱལ་ཞི་བའི་རྒྱུ་དེ་ཁོ་ན་ཉིད་ཀྱིས་ལམ་རྟོགས་པ་ཉིད་ལ་བདག་དེ་ཁོ་མ་ཉིད་རིག་པའོ་ཞེས་ང་རྒྱལ་མི་རིགས་ཤེ་ན། སྨྲས་པ། རྟོགས་བརྗོད་ལ་སོགས་པའོ།། བདག་གི་རྟོགས ་པའི་ང་རྒྱལ་འདི་སྐྱོན་དུ་མི་འགྱུར་ཏེ་གང་གི་ཕྱིར་ཐར་པ་འདོད་པ་རྣམས་འཇུག་པར་བྱེད་པ་སྣ་གུཞན་དོན་གྱི་རྒྱུ།། རྙེད་པ་ལ་སོགས་པའི་ཕྱིར་ནི་མ་ཡིནོ།། གང་གི་ཕྱིར་སྟོན་པ་མ་ངེས་པའི་དངོས་པོ་ལ ་འདོད་པའི་དོན་བསྒྲུབ་པའི་ཕྱིར་སྐྱེ་བོ་རྣམས་མི་འཇུག་པའོ།། ང་ནི་རྒྱུད་ཀྱི་བྱུང་ཚུལ་བཤ་།། སོ་སོ་སྐྱེ་བོས་བྱས་པའི་འགྲེལ་པས་རྒྱུད་ཀུན་གྱི་དྲང་དོན་རྟོགས་པས་ཁེངས་པའི་སྔགས་པ་རྣམས་ཀུན་རྫོབ་དང ་དོན་དམ་པའི་དབྱེ་བ་མི་ཤེས་པས་ལམ་ལ་འཁྲུལ་པ།། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་ཡིན་ཞེས་པ་ལ་སོགས་པས་འཇུག་པ་རྣམ་པར་སྣང་མཛད་ཀྱི་ཚིགྱི་གཟུགས་ཀྱི་ཕུང་པོ་སྟོང་པར་བསྟན ་པས་གཟུགས་བཀླག་པར་མི་རྟོགས་པ་དེ་རྟོགས་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་འཆང་གིས་བཀས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་སྤྲུལ་པ་ཤཾ་བྷ་ལའི་རྒྱལ་པོའི་བཀའ་བསྡུད་པའི་སྒོ་ནས ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་གསུངས། འདིས་སྟོན་པོ་པོ་དང་། བཀྲའ་བསྡུང་པ་པོ་དང་། དོན་གྱི་ཞུ་བ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བཟངས་ཡིན་པས་རྒྱུད་ཀྱི་ཆེ་བ་བརྗེད་།། རྒྱུད་གང་ལ་འཇིག་རྟེན་དབང ་ཕྱུག་གི་སྤྲུལ་པ་པདྨ་དཀར་པོས་དོན་ཐམས་ཅད་གསལ་བར་བྱེད་པའི་དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་པ་མཛད། དེ་གསལ་བར་བྱས་པ་སངས་རྒྱས་རིན་པོ་ཆེའི་ཐུགས་དམ་པའི་ལམ་གྱི་གདམས་པ ་བསོད་ནམས་བསགས་པ་རྣམས་ཀྱིས་བླ་མུ་ལ་ཐོབ་ནས་དེས་དོན་བདུད་རྩི་སྐྱོན་པསུ་དགའ་བ་བཞིའི་བདུད་རྩི་སྣ་སྲིད་པའི་དུག་སྤེལ་ཅིང་། མ་ཉམས་པའི་བདེ་བས་རོལ་པ་འདིས་བཤད ་པ་པོའི་ཆེ་བུ་བརྗོད་།། སླར་ཡང་རྒྱུད་ཀྱི་རྒྱལ་པོའི་བསྔགས་པ་བརྗོད། གང་དུ་ལ་སོགས་པའོ།། ཤེས་བྱའི་ཚོགས་ཐམས་ཅད་ཕྱི་ནང་གི་རིག་པ་གནས་ཀྱི་བརྟེན་ལ། དང་པོ་སངས་རྒྱས་ལྔས་མ་གསུངས་པ་གང ་ཡིན་དེ་ནི་མེདོ་ཞེས་གསུངས་པའི་ཕྱིར།། རྒྱུད་ཀྱི་རྒྱལ་པོ་གང་ལ་སངས་རྒྱས་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཞེས་མཚོན་དོན་དང་ལྡན་པར་བསྟན། ཡང་དེ་ཁོ་ན་ཉིད་རིན་པོ་ཆེའི་འབྱུང་གནས་གང་ལ ་དབང་ཕྱུག་ལ་སོགས་པའི་ཚིགུ་སྙིང་པོ་མེད་པས་རྩ་དང་འདྲའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོསྔ་སྟོང་པ་རྟོགས་པ་སྔ་ན་མཁའ་ལས་བྱུང་བ་ནི་སྣ་ཚོགས་གཟུགས་ལས་བྱུང་བའི་སངས་རྒྱས་ཀྱི་ཡུམ་གྱིས ་སྐྱེ་བར་འགྱུར་བ་ནི་རྟོགས་པའི་ཚོགས་མ་ལུས་པ་སླར་མི་འབྱུང་བའི་ཚུལ་དུ་འཇོམས་པར་མཛ་ངོ་།། ད་ནི་དུ་བ་ལ་སོགས་པའི་མཚན་མ་སྐྱེ་བོའི་རྒྱུ་ཡན་ལག་དྲུག་པའི་རྟེན་བླ་མའི་གྲདམས་པ་བཤངྒེ། གང་དུ་ལ ་སོགས་པའོ།། རྒྱུད་གང་ལ་དྲི་མ་སྟེ་སྤྲིན་ལ་སོགས་པ་མེད་པའི་ནམ་མཁའི་བར་སྣང་ལ་དམིགས་པས་མིག་ཕྱེད་བརྟན་པར་གཏང་པ་ན་སྙིང་རྗེས་བརྙན་པ་རྟོག་པ་དང་བྲལ་བའི་སེམས་ལས་མུ་བཞི་དང་བྲལ་བ་ལ ་སྲོགས་པའི་རྟགས་འབྱུང་།། མུན་པ་གནག་པ་ལཱ་ཙི་ཡང་བསམ་པར་མི་བྱའོ།། ཞེས་པ་ནི་གདམས་པའོ།། གཞན་དུ་ཡང་། ཡིད་ཀྱི་རྩ་བ་ཕྱུང་བྱས་ཏེ།། སྟོང་པ་ཉིད་ལ་གོམས་བྱས་ན།། མ་རཱིག་རབ་རིབ ་ཀྱིས་ལྡོངས་པའི།། མིག་སྨན་འདི་ལས་གཞན་ཅི་ཡོད་ཅེསོ།། ས་རཱ་ཧ་པས་ཀྱང་། ཆོས་ཀུན་མཁའ་དང་མཉམ་བྱས་ཤིང་།། ནམ་མཁའ་མཉམ་པར་སེམས་བཟུང་ནས།། སེམས་དེ་སེམས་མ་ཡིན་བྱས་ན།། ་དེས་ནི་བླ་མེད་བྱང་ཆུབ་འཐོབ།། ཅེས་གསུང་སྷོ།། ད་ནི་རྫོགས་པའི་རིམ་པ་གསྔལ་བར་བྱེད་པ་ནི་ཀུན་རྗེབ་དང་དོན་དྲམ་རོ་གཅིག་པར་སྟོན་པའོ།། དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ལེའུ་ཚིགསུ་བཅད་པ་བརྒྱ ་ད་ཉི་ཤུ་རྩ་དྲུག་གཱི་རྗེས་ལ་ཉམས་མེད་ལ་སོགས་པའོ།། ཉམས་པ་མེད་པའི་ལྷན་ཅིག་སྐྱེས་པའི་སྐུའི་ཨཱ་ལི་དང་ཀྵ་ལཱ་པུདྨ་དང་ཟླ་བ་ཉི་མའི་གླང་ན་ཧཱུཾ་ཡིག་ཡོངསུ་གྱུར་པ་ལས་ཕྱག་མཚན?་ལས་བྱུང ་བའི་གཟུགས་དང་དབྱིབས་དང་ཕྱག་མཚན་དང་དབྱིབ་སུ་རྟོག་བྱའི་ཆོས་འགོགས་པས་བཅོམ་ལྡན་འདས་མ་ཉམས་པའི་ཡེ་ཤེས་ཀྱི་སྒྲུབ་པ་བརྗོད། ཨ་ལི་ནི་ཨ་ལ་སོགས་ཏེ་དབྱངས་ཀྱི་ཚོགས་ཟླ ་བའོ།། ཀཱ་ལི་ནི་ཀ་ལ་སོགས་པོ་གསལ་བྱེད་ཀྱི་ཚོགས་ཉི་མའོ།། དེ་གཉིས་གཅིག་ཏུ་གྱུར་པའི་གདན་དང་། པཾ་ལས་པདྨ་དང་། ཨཾ་ལས་ཟླ་བ། རི་ལས་ཉི་མ། མ་ཉམས་པའི་ཡེ་ཤེས་དང་ལྡན་པའི་རྡོ་རྗེ ་འཆང་གི་གང་ན་མ་ཡིནོ།། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡོངསུ་གྱུར་པ་ལས་ལྷའི་སྐུ་རྟེན་པ་མི་འདོད་དོ།། མངོན་པཱར་ཞེན་པའི་མཚན་ཉིད་ཅན་ཡིན་པས་ཉམས་པའི་ཕྱིརརོ།། མ་ཉམས་པའི་བདེ་བ ་སྐྱེད་ཅིང་ཉམས་པ་འཇོམས་པས་ཐ་མལ་པས་བརྟགས་པའི་ཨ་ཝ་སོགས་པའི་ཡཱི་གྷེ་དང་བྲལ་བ་ལྷའི་ཡ་གྲྀ་དང་བྲལ་བ་ལྷའི་དབང་པོ་དང་ལྡན་པའིའོ།། དེ་བས་ན་ལ་སོགས་གོ་སླའོ།། ཆོས་ཀྱི་དབྱིངས་ནི་མཁའ ་ལྕེ་སྣ་ཚོགས་གཟུགས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པའི་མེ་ལོང་ལ་པྲ་ཕྱེ་བ~ཾ་པ་པོས་བསམས་པ་བཞི་ནོ།། དེར་མེད་པའི་ཆོམ་རྐུན་ལ་སོགས་པ་གཞོན་ནུ་མས་མཐོང་བཞིན་དུ་རྟོག་པ་མེད་པར་མཱ་སྐྱེས་པའི ་ཆོས་མཐོང་བའོ།། བྱིས་པསྭ་བརྟགས་པ་སྲ་ཕྱི་རོལ་གྱི་དངོས་པོ་མེད་པས་མིགྲ་ཡོད་ན་རྨི་ལམ་ལྟ་བུར་སྣང་བས་སོ།། བེམ་པོ་མེད་པས་རྡུལ་ཕྲ་རབ་མེད་པའོ།། རྒྱན་པན་བྷཱི་ལུགས་ལ་མ་ཞུགས་པས་ཆད་པའི་སྟོང་ཉིད ་རིང་དུ་བྱས་པའོ།། ནང་གི་བདེ་བ་རང་ཉིད་ཀྱི་རིག་པ་ལ་ཆགས་པསོ།། ལུས་ཀྱི་ཕྱག་རྒྱ་མི་བསྟེན་པས་ཕྱིའི་ལ་སོགས་པསོ།། མན་ངག་ནི་འཆང་བར་འགྱུར་བས་སོ།། རྒྱལ་བ་ལ་སོགས་པ་ནི་ལམ་མ་ཐོབ་པས ་བསྡུ་ན་གཞི། ཕྱེ་ན་བཅུ་དྲུག་འཆད་པར་འགྱུར་བ་ནི་རྟོག་པའི་ལམ་གྱིས་མི་འཐོབ་པོ།། ཧཱུཾ་ཕཊ་ལ་སོགས་པ་ནི་སོགས་པའི་སྒྲས་ཕྱག་རྒྱ་ལ་སོགས་པ་དང་བསྐྱེད་པའི་རིམ་ལམ་དུ་ཞུགས་པ་སྟེ། དེ་དེ་ལས ་འདས་པ་རྫོགས་པའི་རིམ་པ་ནི་ན་མཁའ་ལ་བསྒོམས་པས་རྟོགས་པར་བྱ་བ་དེའི་རིམ་པ་ནི་དུ་བ་ལ་སོགས་པའི་སྦྱོར་བ་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡིན་གྱི་པདྨ་ལ་སོགས་པའི་རྟོགས་པ་གཞན་མ་ཡིནོ།། བྱང་ཆུབ་ཀྱི ་སེམས་མཐོང་བའི་ཐབས་བཱ་ཤང་། མེ་ནཱི་ལ་སོགས་པའོ།། རྟོན་མེད་པ་ལྟ་ཞོག་གི་ཤིང་ལ་གནས་པ་ཡང་སྟ་རེ་ལཱ་སོགས་པས་གཅོད་པ་དང་། སོག་ལས་གཤེགས་ཀྱང་མི་མཐོང་ལ་གཙུབ་ཤིང་ལ་སོགས་པའི ་སྦྱོསྦྱོ་བས་མཐོང་བ་ལྟར་དེ་བཞིན་དུ་རྣམ་རྟོག་ཡང་དང་ཡང་དུ་གོམས་པས་སེམས་ཀྱི་སེམས་ཀྱི་སྣང་ཚུལ་མི་མཐོང་གི་འོན་ཀྱང་རོ་མ་དད་རྐྱང་མ་དབུ་མ་གཉིསུ་མེད་པའི་སྦྱོར་བས་རང་སེམས་དེ་ཉིད་དུ་སྣང་བར་འགྱུར།། ་དོན་དུམ་བསྙེན་པ་ལས་དེ་བཤད་པ། ཤིང་ལྔས་མེ་བྱུང་ཆུ་ནི་ཆུ་ཤེལ་ལས།། ཞོ་ལུས་མར་དང་རྡོ་ལས་གསེར་སོགས་ལྟར།། བུད་མེད་བསྟེན་པས་མ་ཉམས་བདེ་བ་ནི།། དེ་ཐབས་སྦྱོར་བས་སྐལ་ལྗིན་གྱིས་གཟུངས ་བྱ། ཁྱོད་ཀྱི་སེམས་ལ་ཅུང་ཟད་བསགས་པ་མིན།། བཞག་བྱ་མེད་ལ་འདི་ལ་ཞིང་འགྲིབ་པ་མེད།། རང་གི་སེམས་ལ་སེམས་ཉིད་སྣང་བ་ཙམ།། དཔེར་ན་ཁམས་གསུམ་ཆུ་ལ་ཉི་མོ་བཞིན།། ཞེསྟེ།། སེམས ་གཅིག་པུ་ཉིད་ཤེས་རབ་ཀྱི་གཟུགས་བརྙན་ལ་དུ་མར་འགྱུརརོ་ཞེས་དགོངས་པའོ།། དེ་ཉིད་བཤད། དུ་བ་ལ་སོགས་པའོ།། ངུ་བ་ཉིད་ཐོག་མར་གང་གི་ཡིན་པ་དེ་ནི་སྨིག་རྒྱུ་ལ་སོགས་པའོ།། རྟགས་ནི་ཡིད་ཆེས་པའོ། ་སྲོག་རྩོལ་ནི་བུམ་པ་ཅན་དེ་གོང་དང་འོག་ཏུ་རྩ་གསུམ་འགོག་པའི་བདག་ཉིད་ཅནོ།། དབུ་མར་རྒྱུ་བ་ནི་སེམས་ཀྱི་རྩ་ལ་སོག་རླུང་ཞུགས་ནས་རྒྱུ་བའོ།། རིག་མའི་བརྟུལ་ཞུགས་ནི་རིག་མ ་གཙོ་བོར་བྱས་པ་ཚུངས་པར་སྤྱོད་པའོ།། མ་ཉམས་པ་ནི་འགྲེང་བཱའོ།། གྱེན་དུ་རྒྱུ་བ་ནི་ནོར་བུ་དང་པདྨ་ལ་སོགས་ཏེ་ལམ་འདིས་ནི་དུ་བ་ལ་སོགས་པ་ལ་ཡན་ལག་དྲུག་པའི་མཚན་ཉིད་ཅན་གྱིསོ།། སངས ་རྒྱས་ཐམས་ཅད་ཀྱི་དབང་པོ་དང་བྲལ་བའི་བདེ་བ་ནི་མ་ཉམས་པའི་མཆོག་ཡིན།། ཕོ་ཉ་ཀུན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགོག་པའི་རང་བཞིན་མཁ་འགྲོ་མ་རྣམས་ཀྱི་ལྷན་སྐྱེསོ།། གཟུགས་ལ ་སྩོགས་པ་ནི་གཟུགས་ལ་སོགས་པ་ལ་གཟུགས་བསྒོམས་པ་ནི་ལས་ཀྱི་ཕྱག་རྒྱའོ།། སོགས་པའི་སྒྲས་ཡིད་ཀྱི་ཕྱག་རྒྱའོ།། དཀྱིལ་འཁོར་ནི་རྟེན་ཡིན་ལ།། འཁོར་ལོ་ནི་བརྟེན་པོ་ལྷའི་ཚོགསོ།། སོགས ་བྱའི་སྒྲས་སྔགས་དང་ཕྱག་རྒྱའོ།། དེ་དག་བསྒོམས་པས་འཇིག་རྟེན་ནི་ཁམས་གསུམ་སྟེ་ངྒེའི་གྲུབ་པ་ནི་འག་མིན་གྱི་བར་གྱི་དབང་ཕྱུག་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པ་འཇིག་རྟེན་ལྔས་འདས་པ་གང་ལ་ཟླ ་འོ་ན་ལམ་གྱི་གདམས་པོ་འདི་ཐམས་ཅད་ལ་འབྱུང་ངས་མ་ཡིན་ཏེ་འོན་ཀྱང་སེམས་ཅན་ལ་སོགས་པའོ།། ལམ་འདི་ཟླུ་མ་དམ་པའི་དྲིན་གྱིས་དབང་ལ་སོགས་པས་ཐ་མལ་པའི་ང་རྒྱལ་གྱི་དྲི་མ་དག་པས་རྣམ་པར ་དག་པའི་སློབ་མ་ལ་སྐྱེ་བའོ།། ཕྱག་རྒྱ་ཆེན་པོའི་ཐིག་ལྕེ་ལས་དེ་གསུངས་པ། ཇི་ལྟར་དུག་ནི་སྔགས་སོགས་ཀྱིས།། སྦྱངས་པ་ཡིས་ནི་བཅུང་ལེན་འགྱུར།། དེ་ལྟར་དབང་ལ་སོགས་པ་ཡིས།། མ་དག་སློབ ་མ་དག་པར་འགྱུར། ཞེསོ།། གོང་གི་སེམས་ཅན་སྐྱིང་རྗེ་གཞན་དོན་དང་རྟག་ཏུ་དགེ་བ་ལ་བརྩོན་པའོ།། ད་ནི་ལམ་ཐོབ་ནའང་བག་མེད་པསྐྱེ་དེ་དང་འབྲལ་བའི་རྒྱུ་བྱ་ཤེད་། ལྡུམ་མཆོག་ལ་སོགས་པའོ།། སངས ་རྒྱས་ཉིད་དཀའ་ཚོགས་མེད་པར་གང་གིས་ཐོབ་པ་དེ་ནི་ལམ་སྟེ། དེ་ཉིད་དགའ་བ་འཕེལ་བར་བྱེད་པས་རིན་པོ་ཆེ། རྙེད་པར་དགའ་བ་དང་འདོད་པའི་དོན་ཕུན་སུམ་ཚིགས་པ་སྟེར་བས་ཡིད་བཞིན་ནོར་བུ་ལྟ་བུའོ།། ་བླག་མེད་ནི་ཕན་པ་དང་བདེ་བ་ལཱ་ལྟོས་པ་མེད་པཱ། འཁོར་བར་རིས་དྲུག་ཏུ་འཁྱམ་པ། སྙིང་རྗེ་ལ་སོགས་པའི་ཡོན་དང་བྲལ་བ། གཞན་ལ་ཕན་པ་དང་བདེ་བ་ལ་མྱ་བརྩོན་པ་ལ་འབྱིན་ན་རང་གཱི་ཁྱིམ་ནི་ཆུང་མ་སྟེ་དྲི ་ཉིད་ནག་ཡིན་ཏེ། མ་རུངས་པའི་སེམས་ཅན་གྱི་རྟེན་ཡིན་པ་སོ།། དེ་ལ་འདིར་དབང་པོ་རྣམས་ཆགས་པས་ཡུལ་ཏེ། གཟུགས་ལ་སོགས་པ་ཕྱིའི་ཡུལ་ལྗོངས་སྤྱོད་དེ་ནི་དམན་པ་སྟེ་ལམ་གྱི་མི་མཐུན་ཕྱོགས་ཡིནྟི ་པ་དང་། རྨོངས་པས་བསྟེན་པའོ།། དེ་ཉིད་ཆོམ་རྐུན་ཏེ་ངག་གིས་ཕྲོགས་པར་འགྱུར། འདི་དག་འབའ་ཞིག་གིས་མ་ཡིན་གྱི་འོན་ཀྱང་བླ་མ་དང་ལུས་དང་རང་ཉིད་ཡིད་ཆེས་པའི་ལམ་རིན་པོ་ཆེ་ལ་ཐེ་ཚོམ་དང་ལེ་ལོ་ནི ་དགེ་བ་ལ་མི་སྤྲོ་བའོ།། གཉིས་ནི་ལུས་དང་ཡི་ལ་སུ་མི་རུང་བའོ།། འགྱོད་པ་ནི་ལས་དམུན་བདག་གིས་བྱས་པུས་ལམ་མདྲོན་སུམ་བདག་གིས་བྱ་བར་མི་ནུ་སྔོ་ཞེས་བྱ་བའི་རྣམ་པ་ཅ་ནེ།། ཆོམས ་རྐུན་འདྲི་དག་གིས་ཉེ་དུ་ནི་བུ་དང་ཆུང་མ་ལ་སོགས་པ་དེ་ཉིད་ནགས་དེ་དེར་ཞུགས་པའི་གྲོལ་ལམ་མཆོག་ནི་འཕྲོག་པར་འགྱུརརོ།། ཏིངངེ་འཛིན་གྱི་སྒྲིབ་པ་འདི་དག་འབའ་ཞིག་པ་མ་ཡིན་གྱི། འོན་ཀྱང་སྲོག་གཅོད་པ ་དང་མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མཱ་དང་། ཚིག་རྩུབ་པ་དང་། འདོད་པ་ལོག་པར་གཡེམ་པ་དང་། ངག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་སྟེ་འདི་དག་གིས་ཀྱང ་ལམ་རིན་པོ་ཆེ་འཕྲོག་པར་འགྱུར་རོ།། དེ་དག་འབའ་ཞིག་གིས་མ་ཡིན་གྱི་འོན་ཀྱང་བཟའ་བཏུང་ཤིན་ཏུ་ཚད་མེད་པས་ཀྱང་འཕྲོག་སྟེ། དེ་ལ་བཟའ་བ་ནི་ཤ་ལ་སོགས་པའོ།། བཏུང་བ་ནི་ཆང་ལ་སོགས་པའོ།། ་ཤིན་ཏུ་ནི་རྒྱལ་བའི་ཆོས་ཀྱིསོ།། ལོངས་སྤྱོང་ནི་ཕྲེང་བ་ཙན་ངན་བུད་མེད་ལ་སོགས་པ་སྣ་ཚོགས་པའོ།། དེས་བརྩོན་འགྲུས་དང་ལྡན་པའི་ཡང་འཕྲོག་ན་བརྩོན་འགྲུས་མེད་པའི་ལྟ་ཅི་ཞིག་དགོས།། བག་མེད་ནི ་གྲོགས་ངན་པ་དང་འགྲོགས་པ་ལ་སོགས་ཏེ། དེས་བརྒྱལ་བ་བཞི་ནོ།། ལམ་རིན་ཆེན་བརྟག་པ་བཤད། རིན་ཆེན་ལ་སོགས་པའོ།། རང་གིས་རིན་ཆེན་ཡིན་མིན་མི་ཤེས་པས་གཞན་སྡིག་ཅན་མི་མཁས་པ་ལ ་རིན་ཆེན་ཡིན་ནམ་མ་ཡིན་ཞེས་སྟོན་ན། དེ་སྔ་མ་ཡིན་ཞེས་སྨྲས། དེའི་ཚིག་གི་སྐལ་པ་མེད་པས་དེ་འདོར་བར་བྱེ།། དེས་སྡིག་པའི་གྲོགས་དང་འགྲོགས་པའི་སྐྱོན་བཤ་དོ།། འོ་ན་རང་གིས་བརྟག་པ་མི་ཤེས་པ ་ལམ་རིན་ཆེན་ཇི་ལྟར་ཤེས་ཤེ་ན་སྨྲས་པ། རིན་ཆེན་ལ་སོགས་པའོ།། རིན་ཆེན་བརྟག་དཔྱད་མཁས་པ་ཁྱོ་ན་ལ་བསྟན་པར་བྱ་སྟེ། དེའི་མི་སླུ་བའི་ཚིག་གིས་རིན་ཐང་མེད་པར་ཤེས་པར་བྱའོ།། དེས་དགེ་བའི ་བཤེས་གཉེན་བསྟན་པ་བག་དོ།། ལཱམ་ལ་ཞུགས་པ་ལ་བདུད་བྱུང་ན་སྤང་བར་བཤ་།། ཕེཾ་ལ་སོགས་པའོ།། བདུད་སྡིག་ཅན་སངས་རྒྱས་ལ་སོགས་པའི་གཟུགས་ཀྱིས་བར་ཆད་བྱེད་འདིས་འཚུང་རྒྱ་བའི་ལམ ་ཡིན་ཞེས་བྱ་བ་ལ་སོགས་པ་བདུད་ཀྱི་ལས་ཀྱི་ལེའུ་ལས་བཤད་པ་བཞི་ནོ།། ཉེ་བར་བསྡུས་ཤིང་བཤང་། ཆོམ་རྐུན་ལ་སོགས་པའོ།། གང་གི་ཕྱིར་ལམ་འཕྲོག་པ་ཡོད་པ་དྲེ་བས་ཉེ་དུ་དང་ཐེ་ཚེམཱ་ལ་སོགས ་པ་སྤངས་ནས་འབདེ་བླ་མས་གནང་བའི་ལམ་རིན་པོ་ཆེ་ཤིན་ཏུ་གསང་པར་བྱ།། ཐར་པ་ཐོབ་པའི་ལམ་གཞན་ཡང་ཡོད་ཅེ་ནྡ། སྨྲས་པ། བདག་ལ་སོགས་པའོ།། བདག་བྱིན་གྱིས་བརླབ་པའི་རཱིམྲ་ནི་ཞི་བའི ་ལྷ་ལ་དམིགས་པའོ།། དཔའ་བོའི་རིམ་པ་ནི་དྲག་པོའི་ལྷ་ལ་དམིགས་པའོ།། དེ་ནི་ཐར་སླད་དུ་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱིས་འོན་ཀྱང་ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཉིད་རྫོགས་པའི་རིམ་པ་འབའ ་ཞིག་པའོ།། དེ་ཅེས་ཤེས་ཤཱ་ན། སྨྲས་པ། གང་གིས་ལ་སོགས་པའོ།། རྒྱུ་མཚན་གང་གིས་ཕ་དང་། མ་དང་། དགྲ་བཅོམ་བས་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན ་གཤེགས་པ་ངན་སེམས་ཀྱི་ཁུག་འབྱིན་པ་སྟེ། མཚམས་མེང་ལྔ་བྱས་པ་རྣམས་ཀྱང་བདེ་བས་འབང་རྩོལ་མེད་པར་རྣམ་དག་གི་རིམ་པ་དབང་གི་དོན་གྱིས་བསྡུས་པར་བྱས་པ་ལས་གཞན་དུ་ན་མཚམས ་མེད་པ་བྱས་པ་རྣམས་དཔའ་བོའི་རིམ་པས་དྲུག་པོའི་ལས་ལས་ལྡོག་པར་མི་འགྱུརརོ།། བདག་བྱིན་གྱིས་བརླབས་པས་ཀྱང་འཁོར་བའི་བདེ་བ་ལས་ཐུར་པ་མི་ཐེ་བོ།། འོ་ན་རིམ་པ་གཉིས་པོ་འདི་ལམ་མ་ཡིན ་ན་བཅོམ་ལྡན་འདས་ཀྱིས་ཅི་སྟེ་གསུངས་ཤེ་ན། སྨྲས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པའོ།། དཔའ་བོའི་རིམ་པ་ནི་ཕྱི་རོལ་ཏུ་མཱ་ཡིན་གྱི་གང་གི་ཕྱིར་ལུས་ལ་སྲོག་རླུང་ཟད་པར་བྱེད་པ་འདྲི་ཡིནོ།། བདག ་བྱིན་གྱིས་བརླབ་པ་ནི་རང་གུ་སེམས་ཀྱི་སྣང་བ་སྟེ། དེ་ཡང་ན་མཁའ་ལ་ཁམས་གསུམ་གྱི་སྣང་བའོ།། བདག་བྱིན་གྱིས་བརླབ་པ་ནི་རླུང་གི་སྐེམས་ཀྱི་སྣང་བ་སྟེ། ཁམས་གསུམ་གྱི་སྣང་བ་ཡིན་པ་བྱུང་ནས ་དེ་མི་ལྡོག་པས་འཁོར་བ་མི་ལྡོག་པར་མི་འགྱུར་རོ།། ཇི་ལྟར་སངས་རྒྱས་ཤེ་ན། སྨྲས་པ། འཁོར་བ་ལ་སོགས་པའོ།། ཁམས་གསུམ་སྙིང་པོ་མེད་པ་རྫུན་པ་ཟད་པའི་རྗེསུ་སངས་རྒྱས་ཐམས་ཅད་མཁྱེན་པ་ལ ་སྔོསོགས་པའི་སྟོན་ཅན་འབྲས་བུ་འབྱུང་ངོ་།། དཔེར་ན་ཆུ་ཤིང་སྙིང་པོ་མེད་པ་ལ་འབྲས་བུ་སྨིན་པ་ནི་དེ་ཟས་ནས་འབྱུང་བ་བཞི་ནོ།། འོ་ན་སྒྱུ་མ་ལྟར་སྣང་བ་འདི་མ་རིག་པ་ཡིན་པས་དེ་ལས་བྱུང་བའི་བྱང་ཆུབ་ཀྱི ་སེམས་ཇི་ལྟར་འཚང་རྒྱ་བའི་རྒྱུ་ཡིན?་ཞེ་ན། སྨྲས་པ། རྟ་བླ་མོ་ལ་སོགས་པའོ།། རྟ་བླ་མོ་དང་སྡིག་སྲིན་ལ་སོགས་རྣམས་ནི་མ་གླང་ལས་སྐྱེས་པ་དེ་གསོད་པར་བྱེད། དེ་ལྟར་ཐབས་དང་ཤེས་རབ་རྣལ་འབྱོར ་གྱི་སེམས་དེའང་བཞི་པ་ཀུན་རྫོབ་ཀྱི་གྲང་ལས་བྱུང་བ་ངོས་རྒྱུ་མ་དེ་གསོང་པར་བྱེད། རྣལ་འབྱོར་གྱི་སེམས་འདིའི་མ་ཉམས་ཚུལ་གྱིས་དབྱེ་བ་བཞི་དང་བཅུ་དྲུག་བཤ་། གཉིས་མེད་ལ་སོགས་པའོ།། གཉིས ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དེ་གང་ལ་མེད་པའོ།། ནོར་བུ་དང་པདྨ་ལས་མི་གཡོ་བས་མི་གཡོ་བའོ།། ཐབས་སམ་ཤེས་རབ་ཀྱི་རྒྱུ་མེད་པས་རྒྱུ་མེད།། བླ་ན་མེད་པའི་བདེ་བ་སྟེར་བས་ཡི་དམ་སྟེ་རྣལ ་འབྱོར་བཞི་པའོ།། དབུགས་ཉི་ཁྲི་ཚིག་སྟོང་དྲུག་བརྒྱ་འགོག་པས་མ་ཉམ་སོ།། ཆགས་པ་དང་བྲལ་བའི་བར་དུ་གནས་པས་ཆགས་པ་ཆེན་པོའོ།། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལས་གྲོལ་བྱས་དངོས ་པོ་དང་དངོས་མིན་མ་ཡིན་པའོ།། ཤེས་བྱ་མ་ལུས་པ་མཐོང་བས་ཡེ་ཤེས་དེ་རྣལ་འབྱོར་གསུམ་པའོ།། འགྲོ་བ་དགའ་བར་བྱེད་པ་སྔོན་དུ་འགྲོ་བ་སེམས་ཅན་གྱི་དོན་ལ་ཞེན་པས་སེམས་དཔའོ།། ཐོག་མཐའ ་བར་དུ་དགེ་བས་ཀུན་ཏུ་བཟང་པོའོ།། བདུད་དང་ཉོན་མོངས་པ་ལ་རྟོག་པ་སྤངས་པས་ཕྱི་ནང་དུ་བརྗོད་པའི་སྒྲ་མེད་པས་སྒྲ་མཱི་ངོ་།། རླུང་སྒྲའི་རང་བཞིན་མེད་པས་སྒྲ་ཆེན་དྭེ་རྣལ ་འབྱོར་གཉིས་པའོ།། མངལ་ལས་སྐྱེ་བ་སྤངས་པས་ལྷན་སྐྱེསོ།། སྐུ་བཞིའི་སྒྲིབ་པུ་ཟད་པས་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛི་ནོ།། སྟོང་ཉིད་དང་སྙིང་རྗེ་ཐ་མི་དད་པས་དཔལ་རུས་ཀྱི་འཁོར་ལྷོའི་རྡོ་རྗེ། ་ཚུལ་ཁྲིམས་ཀྱི་ཚོགས་རྫོགས་པོས་ཐབས་དང་ཤེས་རབ་དང་ལྡན་པའི་རྣལ་འབྱོར་ཏེ་རྣལ་འབྱོར་དང་པོའོ།། བསྟེན་པའི་ཕྱིར་བླ་མའི་མཚན་ཉིད་བཤ་། དེ་ལྟར་ལ་སོགས་པའོ།། རྡོ་རྗེའི་ཐེག་པ ་ལ་འཇུག་པ་མ་ཉམས་པའི་ཡེ་ཤེས་བསྒོམས་པས་དེ་ཁོ་ན་ཉིད་བསྒོམ་པ། བྱུང་སེམས་བསྲུང་བྲུས་དམ་ཚིགས་དང་ལྡན་པ། འདོད་ཆགས་ལ་སོགས་མེད་པས་རྙོག་མ་མེད་པ་བུ་དང་ཆུང་མ ་དང་རང་ལུས་ལ་སོགས་པ་ལྟོས་པ་མེད་པས་འདོད་པ་མེད་པ། བཟོད་པ་དང་ལྡན་པོའི་སངས་རྒྱས་པའི་ལམྦྷ་ལ་གནས་པའི་བླ་མ་མཉེས་པུརྱ་བྱས་པ། དམྱལ་བུཥྚི་འཇིགས་པྲཱ་ལས་སྐྱོབ་པའི ་ལམ་སྟོན་པ། མ་ཉམས་པའི་བདེ་བ་ཐོབ་པས་ངོ་ཉིད་དུ་ཚངས་པར་སྤྱོད་པ། བདུད་བཞི་འཇོམས་པར་བྱེད་པའི་བླ་མ་དེ་ནི་རྡོ་རྗེ་འཛིན་པོས་བྱིན་གྱིས་བརླབས་པས་དེའི་སྤྲུལ་པ་ཡིན་པས་རྡོ་རྗེ་སེམས ་དཔའ་ཡི་ནོ།། དཱ་ནི་འཇིག་རྟེན་དང་འཇིག་རྟེནྡ་ལས་འདས་པ་བསྒྲུབ་པའི་ཕྱིར་ལྷའི་དམིགས་པ་བཤད། ལྷའི་ལ་སོགས་པའོ།། དེ་ཉིད་ཀྱི་སྦྱོར་བ་ནི་སྣ་ཚོགས་གཟུགས་སྒོམ་པའི་སྦྱོར་བས་སོ།། སྐར་མའི ་འཁོར་ལོ།། བཞིན་ནི་ནོར་བུ་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཙུན་ཐིག་ལེའི་ནང་དུ་མཐའ་ཡས་པའི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་སྔོན་དུ་འགྲོ་བླ་དཔག་ཆུང་བརྒྱར་རིང་བའི ་དངོས་པོ་མཐོང་བའི་ཤའི་མིག་གི་ཁམས་གསུམ་གྱི་བུམ་པ་ལ་སོགས་པ་མཐོང་བྱ་དང་། སངས་རྒྱས་ཀྱི་སྤྱན་དང་། གཞན་སེམས་རིག་པ་དང་། ཆོས་ཐམས་ཅད་མི་རྟོག་པའི་མཚན་ཉིད་ཅན་ཤེས ་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་གྱིས་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཐོང་བའོ།། ཐ་མལ་པ་གཞན་གྱི་ས་ལ་སོགས་པ་ལ་བྱས་པ་དང་། ར་གན་ལ་སོགས་པ་ལ་བྱུགས་པ། སྤྲོ་བ་ལ ་སོགས་པ་མེད་པས?་ཤི་བའི་རོ་ལྟར་མཐོ་།། བདུད་རྩི་ལྔ་ནི་བྱཱ་ཤད་བཱ་དང་། གཱཙི་བྱཱ་དང་། རྐང་མཱར་དང་། ཁྲག་དང་། སྔ་བོ་ནོ།། སོགས་པོའི་སྒྲསུ་སྒྲོན་མ་ལྔ་སྟེ་བ་ལང་དང་། ཁྱི་དང་། གླང་པོ་ཆེ་དང་། ་རྟ་དང་། མིའི་ཤའོ།། ནང་གི་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ། སྒྲོན་མ་ལྔ་ནི་དབང་པོ་ལྔའོ།། དེ་ལ་ལྟོས་པ་མེད་པའོ།། ཟས་ནི་མངོན་པར་ཕྱོགས་པ་སྟེ། ཐ་མལ་པའི་གཟུགས་ལ་སོགས་པ་མངོན་དུ ་ཕྱོགས་པ་ལྔས་ལོག་པཱ་ནི་སྔོ་སོར་རྟོགས་པའོ།། གཟུགས་ལ་སོགས་པ་གཞན་ནི་རྡུལ་ཕྲན་མ་ཡིན་པས་འཇིག་རྟེན་ལས་འདས་པའི་གཟུགས་ལ་སོགས་པའོ།། རྡོ་རྗེའི་པདྨ་ནི ་སྤྱི་གཙུག་གི་པདྨ་སྟེ་དེར་འཆར་པ་སྟེ། བདུད་རྩིས་ནི་མ་ཉམས་པའི་བྱང་ཆུབ་ཀྱི་སེམསོ།། ཟླ་བ་བདུན་གྱིས་ན་ཉེ་བར་མཚོན་པས་ཟླ་བ་དོ་གུའོ།། ཕུང་པོ་དྲུག་གིས་ནི་གཟུགས་དང་། ཚོར་བ་དང་། འདུ ་རཱིཤེས་དང་། འདུ་བྱེད་དང་། རྣམ་ཤེས་དང་། ཡེ་ཤེས་ཀྱི་ཕུང་པོ་སྔོ།། ཆུ་ངུ་ལ་སོགས་པའི་དབྱེ་བསྭ་ས་ཐོབ་པ་ནི་ཆུ་ངུ་ལ་སོགས་པ་བཞི་པ་གསུམ་གསུམ་ལ་སྦྱར་བས་སོ།། རབ་ཏུ་དགའ་བ་ནས་ཡེ ་ཤེས་ཅན་གྱི་བར་སཽ་བཅུ་གཉིསསོ།། བདེན་པ་རྣམ་པ་བཅུ་གཉིས་དོན་ནི་ལུག་དང་གླང་ལ་སོགས་པའི་ཁྱིམ་བཅུ་གཉིས་ཀྱི་དག་པ་སྣ་བུག་ཏུ་འཕོ་བ་བཅུ་གཉིས་འགོག་པའོ།། དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི ་འཁོར་བའི་ཆ་དྲུག་ཟླ་བའི་ཆ་ཟད་པས་མ་ཉམས་པའོ།། རྣམ་པ་ཉི་ཤུས་བྱང་ཆུབ་པ་ནརི་སྦྱོར་དྲུག་བསྒོམས་པས་དག་པའི་དབུ་མས་སྦྱངས་པ་ཕུང་པོ་ལྔ་དང་། ཁམས་ལྔ་དང་། དབ་པོ་ལྔ་དང་། སྐྱེ་མཆུད ་སྔ་དག་པའི་རྣམ་པར་རྟོགས་པ་སོ།། རྣམ་པར་སངས་རྒྱས་ནི་མ་རིག་པ་འགོག་པས།། ཀུན་རིག་ནི་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པསོ།། དེ་ཉིད་ཀྱི་ཕྱིར་མཆོག་ཡི་ནོ།། ཞེག་འགོའ་ཞིག ་གིས་ནི་ལོ་གསུམ་དང་ཟླ་བ་ཕྱེད་དང་གཉིས་དུས་ཀྱི་འཁོར་ལོའི་ཞག་གིས་ཕྱག་རྒྱ་ཆེན་པོའི་གྲུབ་པ་ཐོབ་པར་འགྱུརརོ།། དཱ་ནི་ཚིག་བཅང་རྡོ་རྗེ་སེམས་ལ་སྩོགས་པས་སྦྱོར་བ་དྲུག་བཤངྒེ། སོ་སོ་རྟོགས་ནི་དུ་བ ་ལ་སོགས་པ་མཚན་མའི་དབྱེ་བས་རྣམ་པ་བཅུའོ།། བསམ་གཏན་ནཱི་སྣ་ཚོ་གོས་གཟུགས་ལ་ཡུལ་དང་ཡུལ་ཅན་བཅུ་གཅིག་ཏུ་འགྱུར་བས་སོ།། སྲོག་རྩོལ་ལྔ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ ་གཅིག་ཏུ་གྱུར་པསོ།། འཛིན་པ་ནི་ལྟེ་བ་སྙིང་ག་མགུལྔ་པ་དཔྲལ་བ་སྤྱི་གཙུག་ཏུ་སྲོག་རླུང་འགྲོ་བ་དང་འོང་བ་མེད་པས་རྣམ་པ་བཅུའོ།། རྗེ་སུ་དྲན་པ་ལ་འདོད་པའི་གནས་སྐབས་བཅུ་ཡིས་དབྱེ་བསྭ་ནི། སེམས ་དཔའ་འདོད་དང་ལུས་ཚད་འབྱུང་།། ཁཱ་སྐམ་པ་དང་ཟ་མི་འདོད།། འདར་དོད་མྱོས་པ་ལུས་འཁོར་དང་།། སེམས་འཁྲུལ་པ་དང་ཤིན་ཏུ་བརྒྱ་ལ།། སེམས་ཅན་ལུས་ལ་གནས་སྐབས་འདི།། རྡོ་རྗེ་འཆང་གི་གནས་སྐབས ་ཡིནྡཿཏིང་འཛིན་རླུང་བཅུ་འགོག་པ་ནི།། སྲོག་དང་ཐུར་སེལ་མཉམ་པཱ་ཉིད།། གྱེ་ནུ་དུ་རྒྱུ་དང་ཁྱབ་བྱེད་དང་།། ཀླུ་དང་རུ་སྦལ་ཀྲི་ཀ་རོ།། ལྷ་སྦྱིན་ནོར་ལས་རྒྱལ་བའོ།། ཆགས་པ་དང་ཆགས་པ་དང་བྲལ་ངས་རབ ་ཏུ་མི་གནས་པའི་མྱ་ངན་ལས་འདསོ།། མིག་ལ་སོགས་པ་ལྔ་གཞན་གྱིས་ནི་ཤའི་མིག་ལ་སོགས་པ་སྣ་ཚོགས་གཟུགས་མཐོང་བའོ།། ངེས་པ་ནི་སྟོང་པ་ཉིད་དུ་ངེས་པའོ།། སྣ་ཚོགས་གཟུགས་ལ་ཞེན་པ་ནི ་ཡུལ་ལ་སོགས་པའི་ཡིད་ཙམ་གྱིས་བླ་ན་མེད་པར་ཤེས་རབ་དང་ཐབས་རོ་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ལ་འཇུག་པས་ཡིད་བདེ་བ་གང་ཡིན་པ་དེ་ནི་དགའ་བའོ།། བདེ་བ་མི་གཡོ་བ་ནི་ལུས ་སྦྱངས་པ་ལ་སོགས་པའི་བདེ་བས་སོ།། ལམ་གཉིས་དབུ་མཪྻ་འཇུག་པ་ནི་སྣ་བུག་གཡོན་པར་ན་མཁའ་ལ་སོགས་པ་ལྔ་དང་། གཡ་སུ་ས་ལ་སོགས་པ་ལྷ་མི་རྒྱུ་བས་རོ་མ་དང་བརྐྱང་མ་འགགས་ནས་དབུ་མའི ་ལམ་ཁོ་ན་ལ་འཇུག་པ་དང་གནས་པ་དང་འབྱུང་བའི་མཚན་ཉིད་ཅན་ཕྲ་བ་ནི་སྲོག་རྩོལ་ཡིནོ།། རྒྱུ་བ་གཉིས་བྲལ་ནི་ལྟེ་བ་སྙིང་དང་མགུལ་པ་སྤྱི་གཙུག་ལྔ་འགྲོ་བ་དང་འོང་བ་མེད་པསོ།། རྣམ་པ་བཅུར་སྔར་བཤད་པ། ་སེམས་འཛིན་པ་ལ་གནས་པ་ན་རང་གི་ངང་གིས་དུ་བ་ལ་སོགས་པའི་མཚན་མོ་རྣམ་པ་བཅུའི་སྣང་བ་སྔོན་དུ་འགྲོ་བས་རྫོགས་པའི་དཀྱིལ་འཁོར་གྱི་ལྷའི་སྣང་བ་གཟུགས་བརྙན་ལྟ་བུ་རྙོག་པ་མེད་པ་དེ་ནས་འོང་དུ་མ ་འཕྲོ་བྱ། དེ་ནས་ཁམས་གསུམ་དུ་ལྷའི་དཀྱིལ་འཁོར་སྤྲོ་བ་ལ་སྔོགས་པ་སྔོན་དུ་འགྲོ་བ་སེམས་ལ་སོགས་པ་འདོད་པའི་གནས་སྐྱབས་བཅུའི་མཚན་ཉིད་རྗེ་སུ་དྲན་པའོ།། སྲོག་རླུང་ལ་སོགས་པ་རྒྱུ་བ་མེད་པས་ནི ་གཏུ་མོ་འབར་བས་རྡོ་རྗེའི་ནོར་བུའི་རྩེ་མོར་གནས་པ་མ་ཉམས་པའི་བྱང་སེམས་ཡིན་པས་རིམ་གྱིས་འཁོར་ལོ་དྲུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབུགས་རླུང་འགོག་པས་རྟོག་མེད་མ་ཉམས་པའི་བདེ་བའི་རང་བཞིན ་ཟུང་དུ་འཇུག་པ་ཡེ་ཤེས་ཀྱི་རྡོ་རྗེ་འཆང་གི་རང་བཞིན་ཏི་ངེ་འཛིན་ཡི་མོ་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་པ་ནི་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པ་མི་མཛད་པ་སྟེ། དེ་མཛད་པ་ན ་སངས་རྒྱས་ཀྱི་ཞིང་ཁམ་སུ་རྫོགས་པའི་སངས་རྒྱས་ཁོ་ནར་གྲགས་པར་འགྱུརརོ་ཞེས་དགོངས་པའོ།། དབང་བཅུ་ནི་ཚེ་དང་། ལས་དང་། མོས་པ་དང་། ཡོ་བྱད་དང་། སྨོན་ལཱམ་དང་། རྫུ་འཕྲུལ་དང་། ཆོས་དང་། ་སེམས་དང་། སྐྱེ་བྱ་དང་། ཡེ་ཤེས་ལ་དབང་བ་ལ་སོགས་པའོ།། ནཱ་ང་ལ་གོམས་པས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ལ་གོམས་པསོ།། ཇི་ལྟར་བཤད་པའི་གཞོནུ་མའི་པདྨར་རྡོ་རྗེ་བཅུག་ཅིང་གཡོ ་བ་མེད་པར་ངལ་སོ་ལ་དེའི་པདྨརརཱ་རྡོ་རྗེའི་ནོར་བུ་མནན་ལ་དགའ་བ་དང་མཆོག་ཏུ་དགའ་བས་ཡུད་ཅིམ་མི་གཡོ་ཞིང་གཉིས་ཀ་ལ་ཉམས་པའི་དགའ་བ་འཆར་བ་ན་ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བསྲ་བླ་མ་ངམ ་པའི་དྲིན་ལ་མངོན་དུ་ཕྱོགས་ཤིང་། ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་མྱོང་བས་བྱང་ཆུབ་ཀྱི་སེམས་བཀག་སྟེ་མ་ཉམས་པའི་བདེ་བ་ཐོབ་པའོ།། དམིགས་པ་མེད་པའི་གནསུ་འགྲོ། བཅུ་གཉིས་ཀྱི་མཐར ་ནི་སྣ་བུག་གཡོན་པ་ན་ན་མཁའ་ནས་སའི་དཀྱིལ་འཁོར་གྱི་བར་དུ་སོར་བཅུ་དྲུག་ནས་བཅུ་གཉིས་ཀྱི་མཐ་རོ།། བཅུ་དྲུག་མཐར་ནི་སྣ་བུག་གཡས་པ་ནས་སའི་དཀྱིལ་འཁོར་ནས་ན་མཁའི་བར་དུ་སོར་བཅུ་གཉིས ་ནས་བཅུ་དྲུག་གི་མཐརོ།། ཧཱུཾ་གི་སླས་བརྗོད་པས་སྲོག་དང་ཐུར་སེལ་གཉིས་སྦྱར་བས་ལྟེ་བར་ཐིམ་པར་བྱས་ནས་དབུ་མ་རཱ་བཅུག་སྟེ་གློག་གི་མེ་དང་མཚུངས་པ་གྱེན་དུ་བསྐུལ་བས ་ཁབཱ་ལྟ་བུའོ།། གྲོང་འཇུག་ནི་ནུས་ན་འཕོ་བ་བྱས་ཏེ་རྡོ་རྗེ་ལངས་པ་ནི་བདེ་བའི་ཡེ་ཤེས་ཀྱི་མཆོག་བསྐྱེད་ནསོ།། མཁའ་ལ་སྤྱོད་པ་ནི་འོག་མིན་གྱིས་བར་དུ་དབང་བྱེད་པའོ།། མངོན་ཤེས་ལྷ་ནི་རྫུ་འཕྲུལ་དང ་ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེསུ་དྲན་པ་སྟེ་མངོན་ཤེས་ལྔའི་རང་བཞིན་དུ་སྣ་ཚོགས་ཡུམ་གྱུར་ཏེ་ཕྱག་རྒྱ་ཆེན་པོ་ལ་ཆགས་པས་རྟོག་མེད་གཏུམ ་འབྲུར་བས་སོ།། མུ་ཉམས་གསུམ་ནི་སེམས་ཀྱི་ཐིག་ལེ་ནི་གསང་གན་སུ་འགོག་པ་དང་། ངག་གི་ཐིག་ལྡེ་ལྟེ་བར་འགོག་པ་དང་། ལུས་ཀྱི་ཐིག་ལ་སྙིང་གར་འགོག་པའོ།། མ་ཉམས་པོའི་བདེ་བས་ནི ་རྡོ་རྗེའི་རྩེ་མོར་ཐིག་ལཱིའི་ཚོགས་མ་ཉམས་པས་ཡེ་ཤེས་ཀྱི་ཐིག་ལེ་འགྲེག་པའོ།། རླུང་གཉིས་འགོག་པ་ཞེས་བྱ་བའི་བར་གྱིས་མཁའ་སྤྱོད་ཀྱི་བསྒྲུབ་པ་བསྟུན། སྣ་ཚོགས་ཡུམ་ཞེས་བྱ་བའི་བར ་གྱིས་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་བསྟན་ཏོ།། ཕྱག་རྒྱ་ཆེན་པོ་སྒྱུ་མ་ལྟ་བུ་ནི་མེ་ལོང་དངས་པའི་གཟུགས་བརྙན་ལྟར་བུ། ན་མཁར་སེམ་སུ་མེད་པ་ནི་སེམས་མ་ཡིན་པའི་སེམས་ལའོ།། ཤེས་རབ་དང་ཡེ ་ཤེས་ཀྱི་གོ་རིམས་བཞིན་དུ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པ་ནི་ཤེས་རབ་བོ།། ཡེ་ཤྭེས་ནི་འཛིན་པའི་སེམ་སོ།། དུ་བ་ལ་སོགས་པའི་སྣང་བ་ནི་དེའི་གཟུང་བྱ་ཡི་ནོ།། ཇི་ལྟར་མཱ་ལོང་གི་གཟུགས ་བརྙན་མིག་རང་གི་མིག་གིས་མཐོང་བ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་རང་སེམས་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དང་ལྡན་པའི་རང་སེམས་མཐོང་ངོ་།། ་གཟུང་བྱའི་སེམས་དུ་བ་དང་ལྡན་པའི་མཚན་ཉིད་འོདི་ལ་རྣལ་འབྱོར་པས་དབུ་མོ་ལ་སྲོག་རླུང་གཞུག་དགོས། ངེས་མཚན་མ་མཐོང་བའོ།། འདི་ནི་བླ་མའི་ཞལ་དང་པོ་སྐུའི་རྡོ་རྗེའོ།། དེ་བས་ཉི་མ་དང་ཟླ ་བཱར་འགྲོ་བའི་སྲོག་རླུང་བསྡམས་པས་པས་གཉིས་ལ་སྲོག་རྩོ་ལྷོ་གསུང་གྲི་རྡོ་རྗེའོ།། བྱང་སེམས་ནི་བྱང་སེམས་སྣ་ཚོགས་གཟུགས་བརྙན་ལྔ་ཆགས་པ་གསུམ་པ་ཐུགས་ཀྱི་རྡོ་རྗེའོ།། བདེ་བའི་མཆོག ་གིས་རྡོ་རྗེ་བསླང་།། སྣ་ཚོགས་གཟུགས་ཀྱི་སྒོ་ནས་དགྲའ་བ་མ་སྐྱེས་ན་དེའི་ཚེ་བུལ་བར་རྡོ་རྗེའི་སྒྲ་བྱའོ།། གལ་ཏེ་ཤེས་རབ་མཱ་མ་རྙེད་ན་དེའི་ཚེ་རཏྣ་གྲི་ལག་གི་རྡོ་རྗེ་གསེར་བ་བདེ་བ་འཕེལ་བྱའི་ཕྱིར་དེ ་ལྟུང་བའི་ཕྱིར་མ་ཡིནོ།། དེ་ལྟར་བྱང་སེམས་མི་འདོར་ཞིང་བདེ་བ་དང་ལྡན་པ་འཚོ་བའི་འཇིགས་པ་ལས་སྐྱེབ་པ་བཞི་པ་ཡེ་ཤེས་རྡོ་རྗེ་འདིའོ།། འདི་ནི་རྣལ་འབྱོར་པས་བསྒོམ་པའི་ངེས་པའོ།། དང་པོ ་སདྱས་ནི་དབང་མངོམ་བསྡུས་པའི་སྐབསུ་ཏེ་འདི་ཁོ་ནཱ་ལ་སོགས་པའོ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་དུ་ལ་སོགས་པས ་འདི་ཁོ་ན་རྣལ་འབྱོར་པས་བསྒྲུབ་པར་བྱ་སྟེ། ཇི་ལྟ་བུས་ཤེ་ན། རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་དོན་གྱི་མདོ་ལས་གྲགས་པ། སྟོང་པ་ཉིད་ལ ་སྣང་བ་རྟོག་པ་ཐམས་ཅད་དང་བྲལ་བསོ་བསམ་དུ་མེད་པ་དེ་ཁོ་ན་ཉིད་ཀྱི་འབྲས་བུ་མངོན་དུ་འབྱུང་བས་མཚན་མ་སོགས་གཟུང་འཛིན་དྲང་བྲལ་བས་རང་བཞིན་གྱིས་སྟོང་པའི་ཤེས་རབ་ཀྱི་གཟུགས་བརྙན། ཕྱི་ན ་གྱི་སྒྲིབ་པས་མ་གཡོས་པས་ན་མཁའ་དང་མཉམ་པ། ཡོད་མེད་ལ་སོགས་པའི་རྟོགས་པ་མེད་པས་ཡོད་མེད་ལས་འདས་པ། རང་རིག་ཡིན་པས་རང་སེམས་ཀྱིས་མྱོང་བའི་དོན། མ་བྱས་པས་ངོ་མཚར་བ། ་རང་བཞིན་མེད་པས་རྡུལ་ཕྲ་རབ་ཀྱི་ཚོགས་པས་སྟོང་པ། མོ་གཤམ་གྱི་བུ་མོ་དང་ཕྲད་པས་བདྲེ་བ་རྨི་ལམ་དུ་འབྱུང་བ་ལྟར། ན་མཁའ་ལས་བྱུང་གཟུགས་བརྙན་ལ།། བརྟེན་པས་རང་ལ་དེ་བཞིནོ།། ས་ཡི ་རྣམ་པ་ལ་སོགས་པ་ནི་གཟུགས་བརྙན་གྱི་མཚན་ཉིད།། འདིར་སྟོང་པ་ཉིད་ཀྱི་སྣང་བ་དངོས་པོ་མ་ཡིན་པ་ས་ལ་སོགས་པར་སྣང་བ་སྲ་བ་མིན།། ཁུ་བའི་རྣམ་པ་ཅན་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་མ་ཡིན། དེ་དངོས ་བྱོ་མ་ཡིན་པསོ།། མྱེའི་རྣམ་པ་ནྡན་མེ་མིན་མྱི་སྲེག་པསོ།། གཡོ་བ་རླུང་ལྟར་སྣང་རླུང་མིན་དངོས་པོ་མིན་པ་སྷོ།། ན་མཁྱུའ་ལྟ་བུ་དེ་མིནྡ་མཐོང་བའི་ཕྱིརོ།། སྒྱུ་མཥྚི་གྲོང་ཁྱེར་ལྟར་དཀར་པོ་ལ་སོགས་པའི་ཁ ་དོག་དང་ལྡན་ཀྱང་དངོས་པོ་མ་ཡིན་པས་མདོག་མ་ཡིནོ།། རྣམ་པ་ཐམས་ཅད་དང་ལྡན་ཡང་བྱིས་པ་རྣམས་ཀྱིས་མཐོང་བྱ་མ་ཡིན་ཏེ། ཉོན་མོངས་པ་དང་བདུད་ཀྱི་མཐུ་སྟེ། གཡོན་དང་གཡས་སྲོག་རླུང་རྒྱུ ་བས་སོ།། ད་ནི་དཀྱིལ་འཁོར་ལྔ་ཐིམ་ཚུལ་བཤད། ས་རླུང་ལ་སོགས་པའོ།། གང་གི་ཚེ་རྣལ་འབྱོར་པ་མིག་བརྟན་ཅིང་ཁྲོ་བོའི་སྟངས་ཀྱིས་སྟོང་པ་ལ་སེམས་གཏད་པ་དེའི་ཚེ་སྣ་བུག་གཡོན་ནམ་གཡས་ལ ་ན་མཁའ་ལ་སོགས་པ་འམ་ས་ལ་སོགས་པ་རྒྱུ་བས་སའི་རླུང་ཆུ་རླུང་ལ་ཐིམ། དེ་ལྟར་གཡོན་ནས་ན་མཁའ་ལ་སོགས་པ་རྣམ་ཤེས་ཀྱི་དཀྱིལ་འཁོར་གྱི་བ.རོ།། དེ་ལྟར་སྟོང་པ་ཉིད་དུ་བ་ལ་སོགས་པ་རྟགས ་བཅུར་འགྱུར། རྟགས་ཀྱང་རྣམ་པ་ཐམས་ཅད་ལྡན་པའི་གཟུགས་བརྙན་དུ་འགྲོ། གཟུགས་བརྙན་དི་མཱ་ཉམས་པའི་བདེ་བ་འགྲོ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཡིན། ཡེ་ཤེས་ལྔས ་ནམཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དེངའི་ཁམས་གསུམ་གྱི་དབ་པ་ཕྱུག་གི་བསྒྲུབ་པ་སྐྱེ་བ་འདི་ཉིད་དུ་གྲུབ་པར་འགྱུར། རྣལ་འབྱོར་ཉེ་བར་བསྡུས་ཤིངངོ་བོ་ཤིང་དབུ་མ་ལ་སོགས་པའོ།། འདིར ་དང་པོ་འཛིན་པའི་སེམས་སྐྱོང་པ་ཐིམ་པ་ནི་རོ་གཅིག་ཏུ་གྱུར་པའོ།། བྱིས་པ་དང་དཔལ་བབ་པ་དང་འཛག་པ་ནི་ཐབས་ཀྱི་ཉམས་པའི་བདེ་གཉིས་འགྱུར་བ་དྲང་བུལ་བའོ།། ཤེས་རབ་མའི་འཛག་པ ་སྟེ་མྱུར་དུ་མ་ཉམས་པསོ།། དེ་དག་གི་མཆོག་འཇིག་རྟེན་ལས་འདས་པ་གང་གི་མི་འཇིག་པ་དེ་བཞི་པ་ཕྱག་རྒྱ་ཆེན་པོ་ལས་བྱུང་བའོ།། ད་ནི་རང་གི་སེམས་ཀྱི་སྣང་བ་མེ་ལོང་གི་གཟུགས་བརྙན་ལ་བུ་ལ་འཇུག་པར ་བཤདེ། ན་མཁའ་ལ་སྲོགས་པའོ།། མཚན་མོ་ནི་མུན་པ་ཉེ་བར་མཚོན་པའོ།། ཆགས་པ་ནི་ན་མཁའ་ལ་སེམས་ཐིམ་པའོ།། གཟུགས་ཀྱི་སྡང་བ་ནི་མེ་ལོང་གི་གཟུགས་བརྙན་ལྟ་བུ་དེ་རྙོག་པ་དང་བྲལ་བ་ཐོགས་མ་མེད ་པར་སྣང་བས་སོ།། སྒྲའི་སྣང་བ་ནི་མགུལ་པ་དང་རྐན་ལ་སོགས་པའི་རྩོལ་བ་ལས་བྱུང་བ་མ་ཡིན་བདེ་བ་ཆེན་པོའི་སྟོབས་ཀྱིས་རང་སྒྲ་ཙམ་མྱོང་བས་སོ།། ཚོགས་བཅང་འདི་ཡི་སྐུ་གཉིས་བཤ་།། གཞན་སེམས ་ཤེས་པ་མེད་པ་ནི་རང་གི་སེམས་ལས་ཐ་དད་པ་གཞན་གྱི་སེམས་ཤེས་པར་བྱར་མེད་པ་སོ།། གསུངས་པ། མཱ་སྐྱེད་པ་དང་མ་འགག་པ།། འདིར་ནི་ཤེས་བྱ་གང་མཐོང་བ།། དེ་ནི་རང་སེམས་གཞན་མ་ཡིན།། ཕྱི་ཡི་ཤྲེ ་བྱ་ལས་གཞན་ཕྱིར།། དེ་བས་རང་གི་རང་ཉིད་ལ།། རྒྱས་འདེབས་པ་ནི་གར་ཡང་མེད།། རལ་གྲི་ཆེན་པོས་རང་ཉིད་ཀྱི།། རང་སོས་གཅོད་པར་མི་ནུས་བཞིན།། ཚིགས་བཅད་འདིས་ཆོས་ཀྱི་སྐུ་སྒྲུབ་པར་བཤ་དོ།། ཕྱི་ནང་ཁྱབ ་པའི་དུ་བྱའི་རྣམ་པ་སྤྲིན་གྱི་སྣང་བའི་རྗེ་སུ་འབྱུང་།། དེ་གསུངས་པ། དང་པོ་ཉིད་དུ་སྤྲིན་བཞིན་སྣང་།། དུ་བར་སྣང་བ་གཉིས་པའོ།། ཞེསོ།། སྨིག་རྒྱུ་ནི་གཡོ་བའི་ཆུ་བཞི་ནོ།། སྲིན?་བུ་མེ་ཁྱེར་དང་མར་མེའི་རྣམ་པ་གྲགས ་པ་བཞི་ནོ།། མཚན་མོ་བཞི་པོ་འདི་དག་ནི་བུ་ག་མེད་པའི་ཁྱིམ་དུ་མུན་པ་ལ་འབྱུང་བས་མཚན་མོའི་སྦྱོར་བ་དང་ན་མཁའི་སྦྱོར་བའོ།། གསང་བ་འདུས་པ་ལས་དང་པོ་དང་གཉིས་པ་བཟློག་པར་གསུངས་པ། སེམས ་འགོག་རྡོ་རྗེར་གྱུར་པ་ན།། མཚན་མ་དག་ནི་འབྱུང་བར་འགྱུར།། མཚོན་མ་དེ་ཡང་རྣམ་པ་ལྔ།། བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན།། ཐོག་མར་སྨིག་རྒྱུའི་རྣམ་པ་ཅན།། དུ་བ་ལྟ་བུ་གཉིས་པའོ།། སྲིན་བུ་མེ་ཁྱེར་གསུམ་པ་སྟེ།། ་མཱརཱ་མེ་ལྟ་བུ་བཞི་པ་ཡིན།། སྤྲིན་མེད་ན་མཁའ་ལྟ་བུ་ནི།། རྟག་ཏུ་སྣང་བྱ་ལྔ་པའོ།། ཞེསོ།། སྤྲིན་མེང་ན་མཁའ་སྣང་བ་སྔོན་དུ་འགྲོ་བ་མེའི་རྣམ་པ་ཅན་འབར་བ་དང་ཟླ་བ་དང་ཉི་མའི་སྣང་བ་གྲགས་པ་བཞིན།། སྒྲ་གཅན ་ནི་རིན་ཆེན་ནག་པོ་ལྟར་སྣབ་གློག་དང་ཐིག་ལེ་ཆེན་པོ་ནི་བརྟན་པ་དང་གཡོ་བ་གསལ་བར་བྱེད་པ་མདོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟར་སྣང་། མཚན་མ་དྲུག་པ་འདི་དག་ནི་སྤྲིན་མེད་པའི་ན་མཁའི་སྣང་བ ་ལས་བྱུང་བས་ཉིན་མོའི་རྣལ་འབྱོར་དང་བླ་གབ་མེད་པའི་རྣལ་འབྱོར།། དེ་ནས་དེའི་དབུ་སུ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་སྔོན་དུ་འགྲོ་བ་སྐད་ཅིག་གཅིག་ལ་ལ་ཀི་མཐིལ ་ན་སྤྱ་རླུ་ཤཱ་དྷ་དང་འརྣམ་པ་ཐམས་ཅད་དང་ལྡན་པའི་ས་པ་ཧྨ་སྱཱ་ལྱ་སགས་པའི་སྣ་ཚོགས་གཟུགས་བྱུ་གསལ་བ་མཐང་ཕྱུའོ།། བསྒྲུསྨྲ་པ་ལ་སོགས་པ་ནི་བར་སྦྱང་ལ་བྱུང ་བྱེཕྱེད་པའི་མིག་ཉིད་ཀྱིས་སྟོང་པ་ནི་གཟུང་འཛིན་དྲང་བྲལ་བཱ་ལ་སྱ་ཏེ། མཱ་བརྟགས་པའི་རྣལ་འབྱོར་གྱི་མངོན་སུམ་གཟུགས་བནྡྷནཱ་དུ་བ་ལ་སོགས་པ་རྟག་ཏུ་བསྒོམ་པར་བྱའོ།། རྣལ་འབྱོར་གཉི་ག་ན་མཁའ་ལ་ཚུགས ་པཾ་ལ་སོགས་པས་དུས་ཀྱི་འཁོར་ལོ་གསུངསོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་པ་རིན་པོ་ཆེ་སྣང་བ་ཞེས་བྱ་བའི་ཏིང་འཛིན་དང་། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ་དང་། ཟླ་བའི་སྣང་བ་ཞེས་བྱ་བ་དང་། ཉི་མའི ་སྒྲོན་མཱ་ཞེས་བྱ་བ་དང་། རྣམ་པ་ཐམས་ཅད་མཐོང་བ་ཞེས་བྱ་བ་ལ་སོགས་པའོ།། དེ་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་འཚང་རྒྱ་ཐཱ་འདོད་པས་བསྒོམ་པར་བྱའོ།། འོ་ན་རྟོག་པ་ཐམས་ཅད་དང་བྲལ་བ་ཕྱག་རྒྱ་ཆེན ་པོ་ཡིན་ལ། བསྒོམ་པ་ནི་སྒྲོ་བཏགས་པ་སྟེ་ཇི་ལྟར་བསྒོམ་པོར་བྱ་ཞེས་བཤད་ཅེ་ན། སྨྲས་པ། བསྒོམ་པ་ལ་སོགས་པའོ།། གདམས་པ་ཇི་ལྟ་བ་བཞིན་དུ་ཕྱི་ནང་མེད་པ་ལ་སྒོམ་པའི་གཟུགས་བརྙན་དེ་ཉིད་ལ། རྣལ་འབྱོར་པའི ་བསྒོམ་པ་ཡང་ཡིན་པ་དེ་རིངོས་པོ་མ་ཡིམ་པའི་ཕྱིར་བསྒོམ་པ་མོ་ཡིམ།། འོ་ན་ངོམ་པོའི་ཡིན་རུང་དངོས་པོ་མ་ཡིན་པའི་ཡིན་ཆུང་རྟོགས་པ་ལ་ཁྱད་མེད་པས་ཇི་ལྟར་ངོས་མིན་སྒོམ་ཞེན། སྨྲས་པ་སེམས་རྡོལ་སཞེས་པོན ་གང་གི་ཕྱིར་སྟོང་ཉིད་ཀྱི་གཟུགས་བརྙན་ལ་རྣལ་འབྱོར་པའི་དངོས་དང་དངོས་མིན་གྱི་རྟོག་པ་མེད། སྟོང་ཉིད་ཀྱི་གཟུགསྲ་བརྙན་མ་རྟགས་པའི་དུ་པ་ལྔ་སོགས་པ་ལ་མངོན་སུམ་དུ་མཐོང་བའི་ཕྱིརརོ།། དགོངས་པ་འདི་ལྟ་སྟེ། ་གལ་ཏེ་བརྟགས་པ་ཡིན་ན་དངོས་ཕྱིར་འགྱུར་ཏེ་ལུགས་མ་ལ་སོགས་པའོ་བཞི་ནོ།། མཐོང་བ་མེད་ན་དངོས་པོ་མ་ཡིན་པར་འགྱུར་ཏེ་མྱོ་གཤམ་གྱི་བུ་ལ་སོགས་པ་བཞི་ནོ།། འདིར་ནི་མ་བརྟགས་པར་མངོན་སུམ་དུ་མཐོང ་བས་ཐམས་ཅང་ལེགས་པར་གནསོ།། མ་བརྟགས་པར་མཐོང་བའི་དཔེ་བཤ་དེ་པྲ་ཕབ་པ་ལ་སོགས་པའོ།། པྲ་ཕབ་པ་ནི་སྒྲུབ་པ་པོའི་བྱེད་པ་སྟེ། མཾ་ལོང་དང་རལ་གྲི་དང་མཐེ་བོང་དང་མར་མེ་དང་ཟླ་བ་དང་ཉི་མ་དང་ཆུ ་ལ་མི་གྲི་སྤྱོད་ཡུལ་དངོས་པོ་ལས་མ་བྱུང་བ། ཆོམ་རྐུན་ལ་སོགས་པ་བེམས་པོའི་ཆོས་ལས་མ་བྱུང་བ་མ་བརྟགས་པར་མཐོང་བ་འདི་ལ་དངོས་པོ་དང་དངོས་མིན་མེད་དོ།། དངོས་པོ་མེད་པར་དོན་བྱེད་ནུས་པ་ཙམ་དམིགས་པ ་སྡོད་འཇིག་རྟེན་ཁྲོ་ན་ལ་དངོས་པོ་མེད་པར་དངོས་པོར་མཐོང་སྟེ། དཔེར་ན་རྒྱུ་མ་དང་རྨི་ལམྦ་ལ་སོགས་པའོ།། ཆོས་ཅན་ལ་སོགས་པ་ནི་རྟོགས་པ་མེད་པའོ་ཡེ་ཤེས་འབྱུང་བ་དེ་ནི་རྣམ་པ་ཐམས་ཅད་འགྲོ་བའི་དོན་སྒྲུབ་པར ་བྱེད་པས་ཡིད་བཞིན་ནོར་བུ་ལྟ་བུའོ།། དཔེ་བཤང་སྔ་ལ་སོགས་པའོ།། སྔར་མ་མཐོང་བའི་ཆོམ་རྐུན་ལ་སོགས་པ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མིག་གིས་གཞོ་ནུ་མས་པྲ་ཕབ་ན་མཐོང་།། སྒྲུབ་པ་པོས་ནི་གཞོ་ནུ་མས ་བཤད་པ་དེར་སྡོང་ལུ་ཉི་ཚེ་བའི་མིག་གིས་མཐོང་།། བསམ་པ་འདི་སྟེ་སྒྲུབ་པའི་མུན་དྲག་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བློའི་སྤྱན་གྱིས་རྣལ་འབྱོར་གྱི་གཞོན་མས་བཞིན་བྱང་སེམས་མ ་ཉམས་པས་མ་བསྟན་པ། ཐ་མལ་པའི་བགྲོད་བྱ་མ་ཡིན་པ་ན་མཱ་ཁཱའ་ལ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་མཐོང་།། དེའང་སྤྲོས་པ་མཐའ་དག་དང་བྲལ་བར་བཤད། གཞོན་གྱི་ས་ལ་སོགས་པའོ།། གཞན་གྱི་མིག ་གིས་མྱི་མཐོང་སྟེ་དུས་གཞན་དུ་མི་མཐོང་བའི་ཕྱིར།། རང་གྲི་མིག་གིས་མི་མཐོང་སྟེ། མིག་རས་ཀྱིས་བཀུབ་པའི་ཕྱི་རོ།། པྲ་ཕབ་པའི་དཔེ་འདིས་རྣལ་འབྱོར་གྱི་མངོན་སུམ་རང་བཞིན་ཀུན་མེད་པས་མ་སྐྱེས་ཏེ། རྨི་ལམ ་དུ་གཞོན་ནུ་མས་བུ་དམིགས་པ་བཞིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབོ།། སྦྱོར་བ་ཡན་ལག་དྲུག་གི་ནི།། བདག་གིས་བཤད་པའི་དགེ་བ་གང་།། དེ་ནི་འཇིག་རྟེན་མུ་ལུས་པ།། མ་ཉམས་བདེ་བ་ཐོབ་པར་ཤོག ་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་པཎྜི་ཏ་ཆེན་པོ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛོད་པ་རྫོག་སོ།། ། རྒྱ་གང་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ~ཾ་བྷཱུ་ཏི་ཙནྡས་རུ་ལག་གི་སྙིང་པོ་འབྲིང་མཚ ་ཀྱི་སའི་ཆ། དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། ། ་