| Wylie | e-texts produced with BDRC’s OCR application |
ལུས་བསྲུང་བ་ཡང་བྱའོ།། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པའི་ཆོ་གའོ།། རྫོགས་སོ།། ། ཡ~ཾ་དམ་བཅས་པ་རྫོགས་པ་དང་།། ཏིང་འཛིན་རྩེ་གཅིག་གྱུར་པ་འམ།། མེ་ཆེན་མ་བརྟན་པོ་ཐོབ་པ་ནི།། དབེན་པའི ་གནས་སུ་སོང་ནས་ནི།། སྔགས་ཀྱི་བརྟུལ་ཞུགས་སྤྱད་པར་བྱ།། སྐུ་གཟུགས་སམ་ནི་མཚན་མ་ལ།། ཏིང་འཛིན་སྤྲོ་བསྡུ་གསལ་བར་བྱ།། སྒྲུབ་རྫས་ལ་ཡང་དེ་བཞིན་ཏེ།། བརྐྱང་བསྐུམ་ཙམ་ཡང་སྤངས་ན་ནི།། སེམས་ནི་ཅུང་ཟད་ཉམ ་མི་བྱ།། ནམ་ཞིག་མཚན་མ་བྱུང་བ་མ།། ཐེ་ཚོམ་མེད་པོས་དངོས་གྲུབ་བླང་།། འདི་ལྔ་སྟེ་བསྙེན་པས་རྟགས་བྱུང་བ་དང་།། སྒྲུབ་པ་བརྩམ་པ་ར་བྱ་སྟེ།། ཤིན་ཏུ་དབེན་དབེན་པའི་གནས་སུ་མཎྜལི་བྱ་སྟེ།། དེར་ལྷའི་རྟེན་བཞུགས་སུ ་གསོལ་ཏེ།། མཆོད་པའི་རྫས་དང་དངོས་གྲུབ་ཀྱི་རྫས་ཀྱང་གཞག་གེ། ཡང་མཆོད་པ་གཞན་ཡང་བཤམས་ལྔ།། དང་པོ་བསྙེན་པའི་དུས་ཇི་ལྟ་བ་བཞིན་མཆོད་ནས།། དེ་ནས་བདག་དམ་ཚིག་སེམས་དཔར་གསལ་བའི ་ཐུགས་ཀ་ནས་ཡི་གེའི་འོད་ཟེར་འཕྲོས་པས།། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་སྐུ་འམ་མཚན་མ་ལ་སྟིམ་སྟེ།། ནམ་སྐུ་མཛུམ་པའམ་མེ་ཏོག་འབར་བའམ། བདུག་པ་དྲི་དང་ལྡན་པ་འམ་རྫས་ཁོལ་བ་དང་། དྲོ་བ ་དང་དུད་པ་འཐུལ་བ་ན་བརྟན་པའི་སེམས་ཀྱིས་ཐེ་ཚོམ་མེད་པར་མཆོད་པའི་རྗེས་ལྷ་ལ་ཕུལ་ཏེ།། ལག་པ་གཡས་ཀྱིས་བླངས་ལ་ཐུགས་ཀར་བསྟིམ།། དངོས་གྲུབ་ཀྱི་རྫས་ལག་པ་གཡོན་གྱིས་བླངས་ལ་བཏུང་ངོ་།། ཐེ ་ཆོམ་སྐྱེས་ན་བར་ཆད་དུ་འགྱུར་རོ།། འདི་ནི་སྒྲུབ་པ་སྟེ་དངོས་གྲུབ་བླང་བའི་ཐབས་སོ།། དེ་ཕན་ཆད་བརྫུན་དང་། མ་ཐོས་པའི་ཆོས་མངོན་དུ་འགྱུར་ཏེ།། རིག་པ་འཛིན་པའི་ས་ལ་གནས་ནས། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ ་ལས་རྣམ་པ་བ་ནི་ཐོགས་པ་མེད་དོ།། མཚན་མ་ཇི་ལྟ་བ་བཞིན་མ་བྱུང་ན་ཡང་། འཇིག་རྟེན་ན་ཚེ་རིང་ལོབས་སྐྱེན་ལས་རྣམ་བཞི་འགྲུབ་པོ།། གཞན་དུ་བསྐལ་པ་བཟང་པོར་སྦྱོར་རོ།། དེ་ལ་གནས་གསུངས ་པ་ནི་རྣམ་པ་སྣ་ཚོགས་རི་དགོན་དང་། ཆུ་ཀླུང་འབབ་ཆུ་རྣམས་དང་ནི།། དུར་ཁྲོད་དབེན་ཞིང་ཉམས་དགའ་བར།། སྒྲུབ་པ་དག་ནི་བརྩམ་པར་བྱ།། དེ་ལ་བརྟུལ་ཞུགས་ནི།། སྐྱེ་བོ་མེད་པའི་ནགས་ཚལ་དུ།། སྔགས་བྱས་ལྷ་ཡི་བརྟུ ་ཞུགས་སྤྱད།། ཟས་ལ་གཙང་སྦྲ་མི་བལྟ་ཞིང་།། ཡུལ་ལོ་བཟང་ངན་བྱེད་མི་བྱ།། ཏིང་ངེ་འཛིན་ལས་མི་ཉམས་ཤིང་།། ཕྱག་རྒྱ་བཅའ་བ་འམ་བཟུང་ན་ནི།། ལྷར་བཅས་འཇིག་རྟེན་ཕྱག་མི་བཙལ།། གླང་པོ་ལ་ཡིད་ལམ ་མི་གཟུར།། རྐང་པ་བྲག་རི་ཐོགས་མེད་འགྲོ།། ཁ་ནས་གསང་སྔགས་རྒྱལ་པོ་ཟློས།། འདི་ནི་སྔགས་ཀྱི་བརྟུལ་ཞུགས་བསྟན།། དེ་ལ་མཚན་མྱ་གཞག་པ་ནི།། མཎྜལ་བྱི་དྲོར་བྱས་པ་ལ།། ལུགས་མུ་རི་མོ་ལ་སོགས་དང་། ་དེ་བཞིན་བེ་ཅོན་རལ་གྲི་དང་།། ཏཱི་ཤུལ་འཁོར་ལོ་ལ་སོགས་པ།། མཚན་མ་ལེགས་བྱས་མདུན་དུ་བནག། དེ་ལ་མཆོད་རྫས་ནི།། མེ་ཏོག་གདུགས་པ་མར་མོ་དྲྀ།། བཽ་ཤོས་དང་མཆོད་ཡོན་སོགས་པ་དང་།། བཟའ ་དང་བཅའ་བར་སྦྱར་བ་ཡི།། གཏོར་མ་སྣ་ཚོགས་བཞག་པར་བྱ།། དེ་ལ་དངོས་གྲུབ་ཀྱི་རྫས་ནི།། བ་སར་བའི་མར་སར་དང་།། སྦྲང་རྩི་ཁ་རར་བཅས་པ་དང་།། ཟ་མ་ཏོག་གམ་པ་རུར་བཞག། དེ་ལ་དམ་ཚིག་གི་ཏིང་འཛིན ་ནོ། བདག་ཉིད་འཇམ་དཔའི་རྡོ་རྗེར་གསལ།། ཐུགས་ཀའི་ཉི་མའི་སྙིང་པོ་ལ།། བཟླས་པའི་ཡིག་འབྲུ་བསམ་པ་ནི།། ཆུ་ཟླ་བ་དག་གམ་གཟུགས་བརྙན་བཞིན།། གཅིག་དང་དུ་མ་བྲལ་བར་བསྐུམ།། དེ་ལ་འཕྲོ་དང་འདུ་བ ་ནི། ཆུ་རླབས་ངག་གམ་ཉི་ཟེར་བཞིན།། འོད་ཟེར་འཕྲོས་པའི་སྦྱོར་བ་ལས།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། འོད་ཟེར་ཚུལ་དུ་བསྡུས་ནས་ནི།། མཚན་མ་འམ་དངོས་གྲུབ་རྟེན་ལ་བསྟིམ།། དེ་ལ་དངོས་གྲུབ་ཀྱི་རྟགས ་ནི། སྐུ་གཟུགས་འཛུམ་དང་མཚན་མ་འབར།། མར་ནི་ཁོལ་བ་མཆོག་ཏུ་བཤད།། དུད་པ་འཐུལ་བ་འབྲིང་ཡིན་ཏོ།། དྲོ་བ་དག་ནི་ཐ་མའོ།། དེ་ལི་དངོས་གྲུབ་བླང་བའི་ཐབས་ནི།། དང་པོར་མཆོད་རྫསཾ་ལྷ་ལ་དབུལ།། དེ་ནས་སྒྲུབ་རྫས ་བདག་ཉིད་བཏུང་།། དེ་ལ་དངོས་གྲུབ་ཀྱི་གེགས་ནི།། སེམས་གཡེངས་པ་འམ་རྨུགས་དང་ཉིད།། དངས་པ་བར་ཆད་གྱུར་པ་འམ།། ཐེ་ཚོམ་སྐྱེས་ན་དངོས་གྲུབ་མེད།། དེ་ལ་གྲུབ་པའི་དུས་ནི་བསྙེན་པའི་རྫོགས་གྱུར་ཕྱིན་ཆེ་ད་ནི།། ཟླ ་བ་དྲུག་གིས་འགྲུབ་པར་བཤད།། གལ་ཏེ་གྲུབ་པར་མ་གྱུར་ན།། དེ་བཞིན་ལན་གསུམ་བརྩམ་པར་བྱ།། དེས་ཀྱང་གྲུབ་པར་མ་གྱུར་ན།། དྲག་ཤུལ་ཚུལ་བཞིན་ཞག་བདུནི་བསྒྲུབ།། དེ་ལས་ཕྱིར་འབད་མེད་པར་བཤད།། དེ་ལ ་དྲག་ཤུལ་གྱི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ།། ཀྱོ་རྫའབར་བ་ནི།། གནམ་ལྕགས་ཞུན་མ་འདྲ་བ་དག། རང་གི་སྙིང་ལས་འོད་འཕྲོས་ཏེ།། ཀྱོ་བ་ཡེ་ཤེས་ཐུགས་ནས་དྲངས།། རྡོ་རྗེ་འབར་བས་དབབ་བྱས་ནས།། ཡང་དང་ཡང་དུ ་གཞུག་པར་བྱ།། སྒྲུབ་པའི་ཆོ་ག་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། གང་ཞིག་ལས་ལ་སྦྱོར་བར་འདོད་པས།། སྒྲུབ་པ་ཆེན་པོ་དངོས ་