| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་བྷཻ་ར་བཾ་ཀཱ་ནནྡི་བྷུ་ཛ་སཱ་དྷ་ན་མ། བོད་སྐད་དུ། རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལོ།། དཔལ་ཡེ་ཤེས ་སེམས་དཔའ་ལ་ཕྱག་འཚལོ།། སླ་ར་སྨིན་མ་བ་སྤུ་གཟེ་མ་དུས་མཐེའི་མེ་ལྟར་འབར་ཞིང་ལྗགས་འདྲིལ་བ། སྤྱན་གསུམ་རྭ་རྣོན་རྣམ་པར་འགྱུར་བའི་འཇིགས་གཟུགས་ཀླུ་བདག་རྒྱན་ཆེན་མ་ཧེའི་ཞལ། གཡོན་བརྐྱང་རབ་ཏུ་ཁྲོས་པ ་སྣ་ཚོགས་པདྨ་ཉི་མོའི་སྟེང་ན་ཡོངས་གནས་པ། ཤིན་ཏུ་རྣོ་བའི་གྲི་གུག་ཐོགས་པ་འཛིན་པ་མཉམ་མེད་བདེ་བུ་སྟེར་ལ་འདུད། ཕྱག་དང་ཞལ་ནི་སྣ་ཚོགས་པ། བསྒོམ་པ་རུ་ནི་མི་ནུས་པ།། བསྡུས་པའི་རྡོ་རྗེ་འཇིགས་བྱེད་པ།། སྐྱེ་བོ་ནུས ་པི་མི་ལྡན་ཞིང་།། བློ་དམན་པ་ཡི་ངོ་རུ་ནི།། མདོར་བསྡུས་པ་ཡི་སྒྲུབ་པའི་ཐབས།། ཇི་ལྟར་དེ་ཉིད་མོས་པ་ལའང་།། སྦྱོར་དོན་སྐྱེས་པ་བསྐྱེད་པའི་ཕྱིར།། སངས་རྒྱས་རྒྱུད་དུ་གསུངས་པ་ཡི།། རང་གིས་ཤེས་ན་རབ་ཏུ་འཇུག། གཙོ་བོ་དམ ་ཚིག་རབ་ཏུ་བསྟན།། དེ་ཡི་ཕྱིར་ན་རྒྱས་པར་བཤད།། སྔགས་པས་རེ་ཤིག་ཐོག་མར་དུར་ཁྲོད་དམ་གཡུལ་ལ་སོགས་པའི་སའམོ།། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་གནས་ནས། ཞལ་བཞི་སྔགས་ཀྱིས་ཕྱོགས་བཞིར ་བསྔགས་ཤིང་བྱིན་གྱིས་བརླབ་པོ་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ནཏྲཱ་གྲྀཛྫ་ཧཱུ~ཾ་ཧཱུ~ཾ་དག། ཨོཾ་གྲཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱ་ཧཱུ~ཾ་ཕཊ། ཨོཾ་ཨཱ་ན་ལ་དི་ཁྭག་བཱན་བཛྲ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས་སོ།། དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་བླ་མ་དང ་སངས་རྒྱས་ལ་སོགས་པ་ན་མཁའི་ཕྱོགས་སུ་སྤྱན་དྲངས་ལ། ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་ཆོ་ག་བྱས་ནས་དེ་ནས་སེམས་ཅན་ཚད་མེད་པའི་སྡུག་བསྔལ་གྱི་མཚོ་མ་བྱང་བའི་ཡུལ་ལ་བལྟས ་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། དེ་ལ་ཕན་པ་དང་བདེ་བོ་ཉེ་བར་འདོད་པ་ནི་བྱམས་པའོ།། སྡུག་བསྔལ་གྱི་རྒྱུ་ལས་ཐོན་པར་འདོད་པ་ནི་སྙིང་རྗེའོ།། སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞིང་བདེ་བ་ལ་སེམས ་རངས་པ་ནི་དགའ་བའོ།། དེ་ཁོ་ན་ཉིད་དུ་རོ་གཅིག་པས་རྙེད་པ་དང་མ་རྙེད་པ་ལ་སོགས་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ་ནི་བཏང་སྙོམས་སོ།། བསྒོམ་པ་དེའི་གཟུང་བ་དང་འཛིན་པའི་རྣམ་པར་བྱང་བའི་སྔགས་བརྗོད་པར་བྱ་སྟེ། ཨོཾ ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བྱཱ་ཤུདྡྷི་\ུ྅ཧཾ། དེའི་རྗེས་ལ་ཆོས་ཐམས་ཅད་རང་བཞིན་མེད་པའི་ངེས་པར་རྣམ་པར་བསྒོམ་པར་བྱ་བ་ནི། སེམས་ཙམུ་ཉིད་ཀྱིས་རྣམ་པར་རྟོག་པ་ཙམ་དུ་རྟོགས་ནས་སྔགས་ཀྱི་དོན་མངོན་དུ་བྱ་ཞིང་། སྟོང་པ ་ཉིད་ཀྱི་སྔགས་བརྗོད་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་ཐང་ཅིག་ཙམ་དུ་སྟོང་པ་ཉིད་ལྷག་པར་མོས་ནས་དེའི་རྗེས་ལས་སྟོང་པ་ཉིད་ལས་ཡང་ལྷ། ཡཾ་ཡིག་དུ་བ་ལས་བྱུང་བ། རླུང་གི་དཀྱིལ་འཁོར་གཞུའི ་དབྱིབས་ཅན།། དེ་སྟེངས་ཟླ་བའི་དཀྱིལ་འཁོར་ནི།། ཨ་ཡིག་ས་བོན་ལས་བྱུང་བ།། དེ་ལ་དྷཱིཿཡིག་འོང་འབར་བ།། བསྒོམས་ནས་དེ་ཡི་འོད་ཟེར་གྱིས།། བདེ་གཤེགས་རྒྱལ་བ་ཡང་དག་བསྐུལ།། དེ་རྣམས་ཐམས་ཅད་ཡང་དག་འདུས།། ། ་འཇམ་དཔལ་དབྱངས་སུ་ཡང་དག་བསྒོམ།། རལ་གྲི་པོ་ཏི་ཕྱག་འབྲེལ་བ།། གང་གཱ་གསེར་གྱི་འོད་དང་ལྡན།། དེ་ཡི་སྙིང་གར་བསྒོམ་པ་ནི།། ཨ་ལས་ཉི་མའི་དཀྱིལ་འཁོར་རོ།། དེ་ལས་འོད་ཟེར་ཡང་དག་འབྱུང་།། ཕྱོགས་རྫོགས་ནས ་སངས་རྒྱས་གཞུག་དང་།། ཁྲོ་བོ་བྱང་ཆུབ་སེམས་དཔར་བཅས།། དེ་བཞིན་རིག་པའི་ལྷ་མོ་ཚོགས།། ཡང་ན་ཉི་མ་དེ་ཉིད་ལ།། བསྐུལ་ནས་ཡང་དག་བཞུགས་པར་འགྱུར།། དེ་ཡང་དུས་གཅིག་འཇམ་པ་ཡི།། ཉི་མའི་དཀྱིལ་འཁོར ་དུ་ནི་གྱུར། རོ་གཅིག་ཏུ་ནི་ཡང་དག་འབྱུང་།། མཆོག་ཏུ་ཤིན་ཏུ་འོད་གསལ་བའོ།། དཔག་ཚད་བརྒྱ་རུ་རྣམ་རྒྱས་པས།། འཇིག་རྟེན་གསུམ་ཁོངས་གསལ་བ་དང་།། བདུད་ཀྱི་ཚོགས་ནི་འཇོམས་པར་བྱེད།། ཡིད་ཀྱིས་བརྟན་པར་བསྒོམ ་པར་བྱ།། དེ་ཡི་སྟེང་དུ་ནག་པོ་ཆེ།། ཧཱུཾ་ཡི་གེ་འོད་ཟེར་ལྔ་ལྡན་པ།། དེ་ལས་འོད་ཟེར་ངེས་པར་འབྱུང་།། དེ་ཉིད་དུ་ནི་ཡང་དག་འདུས།། ཡང་ནི་འོད་ཟེར་ཕྲེང་བ་ཡིས།། འགྲོ་བ་མ་ལུས་སངས་རྒྱས་བྱས།། སངས་རྒྱས་ལྔ་ནི་རབ་འབྱོར་པ ་ཧཱུཾ་གིས་དེ་ཉིད་ལས་སྦྱོར་བྱས།། རྡོ་རྗེ་ཆེན་པོ་རྣམ་གཙིགས་པ།། རྩེ་དགུའི་འོད་ཟེར་ཤིན་ཏུ་རྣོ།། བསྒོམས་ནས་དེའི་འོད་ཟེར་གྱིས།། ཕྲ་མོའི་གཟུགས་ཀྱི་རྒྱལ་བ་སོགས།། ཉི་མ་ཡི་ནི་འོག་ཉིད་དུ།། གཟུགས་བརྙན་འདྲ་བར་ཡང ་ངག་བལྟ།། དེ་ཡིས་སེམས་ཅན་ཡོངས་སུ་སྨིན།། དེ་ཡིས་ལེགས་པར་ཡང་དག་བསྡུ།། རྡོ་རྗེ་གཟུགས་བརྙན་གཟུགས་གཅིག་ཏུ།། བློ་ལྡན་གྱིས་ནི་བཞུགས་པར་བསམ།། དེ་འོག་ཐམས་ཅད་ཡོངས་གྱུར་པ།། བསྐལ་པའི་མེ ་ལྟར་བཟོད་དཀའ་བ།། སྐུ་མདོག་ནག་པོ་དྲག་ཆེན་པོ།། འཇིགས་མཛད་ལྗགས་ནི་འདྲིལ་བ་ཡིས།། མ་ཧེའི་ཞལ་ནི་སྐུ་ཆེན་པོ།། འཇིག་རྟེན་གསུམ་པོ་ཟ་བར་ནུས།། དཀོན་མཆོག་གསུམ་སོགས་གནོད་པ་ལ།། སྡིགས ་མཛུབ་ཀྱིས་ནི་མཆོག་ཏུ་རྒྱལ།། གཞོན་ནུ་གདོང་དྲུག་ལ་སོགས་གསོད།། ལྷ་དང་ལྷ་མིན་བསྡིགས་པར་མཛད།། དབང་པོ་ཉི་དབང་དག་དང་ཚངས།། ཧ་ཧའི་སྒྲ་ཡིས་སྐྲག་པར་བྱེད།། བདུད་ཀྱི་དཀྱིལ་འཁོར་རབ་འཇོམས་པ།། གཡོན ་བརྐྱང་བ་ཡི་ཞབས་ཀྱིས་གསོད་།། ས་འོག་ཏུ་ནི་རབ་ཏུ་གཡོ།། མགོ་བོའི་ཕྲེང་བས་འཕྲོག་ཆེན་པོ།། ཁོང་པའི་ཅོད་པན་གྱིས་ནི་མཛེས།། ཞལ་གྱི་མཚ་བ་གཙིགས་པ་དང་།། སྤྱན་གསུམ་དམར་ཞིང་ཟླུམ་པ་ཡིན།། ར་རྣོ་སྐྲ་ནི་འབར་བ ་བཞིན།། སྨ་ར་སྨིན་མ་རབ་མགྱོགས་འཇིགས།། སྣ་ཚོགས་ཆུ་སྐྱེས་ཉི་མ་གནས།། དབང་པོ་ཡིས་ནི་གདེངས་ཀས་བརྒྱན།། ཐུང་ཞིང་ལྟོ་འཕྱངས་བརྗོད་པ་ཡིས།། མཚན་མ་གྱེན་འགྲེང་དྲག་དང་བཅས།། གཡས་དང་གཡོན་གྱི་ཕྱག་བསྣམས ་པ་ཐོད་པ་དང་ནི་གྲི་གུག་འཛིན། སྔགས་པ་ཡིས་ནི་རྟག་ཏུ་བསྒོམ།། དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ནི།། ཡང་ན་ཞལ་གསུམ་ཕྱག་དྲུག་བསྒོམ།། ལྷག་མ་མངའ་གཞུ་ཁ་ཊྭཱཾ་ག། ཕྱག་གཉིས་བགེགས་ཀྱི་པགས་པ་འཛིན།། ཞིལ ་གསུམ་དཀར་དང་དམར་བའོ།། གཡས་དང་གཡོན་གྱི་བསམ་གཏན་ནི།། དྲག་དང་བཞང་དང་འཇིགས་པའོ།། ལྷག་མ་ཀུན་མོ་སྔར་བཞིནོ།། གཤིན་རྗེ་གདུག་པ་མ་ཧེའི་སྟེ།། དེ་ཡི་མདུན་དུ་མགོན་པོ་ནི།། ཅིག་ཅར་དུ་ནི་ཡང་དག ་བསྐྱེས།། རྡོ་རྗེ་འཇིགས་བྱེད་ཡ་བོ་ཡི།། ཕྱག་དང་ཁ་དོག་མཆོག་ཏུ་འདྲ།། སྤྱན་གསུམ་མཆེ་བ་གཙིགས་པ་ཡི།། རོ་ཡི་སྟེང་ན་ཡང་དག་གནས།། གདུགས་པ་ཅན་རྣམས་གསད་པའི་ཕྱིར།། སྙིང་རྗེའི་བདག་ཉིད་ཀྱིས་ནི་བསྒོམ།། དེ་རྗེས་ཡེ་ཤེས ་སེམས་དཔའ་དགུག། ཇི་ལྟ་བ་ཡི་ཆོ་གས་གཞུག། མཆོད་ཡོན་ཞབས་བསིལ་ལ་སོགས་སྦྱིན།། དམ་ཚིག་ལ་ནི་ཡང་ངག་གཞུག། དེ་ནས་དབང་བསྐུར་ཡང་དག་སྦྱིན།། རིགས་ཀྱི་བདག་པོས་སྤྱི་བོར་བརྒྱན།། མཉམ་པར་བཞག་པས་སྔགས ་བཟླས་པས།། མྱུར་དུ་འགྲོ་བའི་དོན་ནི་བྱས།། སྔགས་པ་སྐྱོ་བར་གྱུར་ན་ནི།། ལངས་ནས་བྱ་བ་གཞན་ངག་བྱ།། སྨོན་ལམ་དེ་བཞིན་བྱས་ནས་ནི།། རྣལ་འབྱོར་བློ་ལྡན་དེ་ནས་ལངས།། སྔོན་དུ་བསྙེན་པའི་ཆོ་ག་ནི།། སྙིང་རྗེའི་བདག་ཉིད་སྔགས ་བཟླས་པས།། འབུམ་ཕྲག་གསུམ་གྱི་གྲངས་ངེས་པས།། འགྲུབ་པར་འདིར་ནི་ཐེ་ཚོམ་མོད།། དེ་ལ་སྔགས་ནི་ཡི་གེ་བཅུ་པ་རྒྱུན་མི་འཆད་པར་ཀུན་ཏུ་དེ་དྲན་བཟླས་པ་ནི།། རིང་དང་ཐུང་དང་བུལ་བར་མ་ཡིན་བློ་ལྡན་མི་སྨྲར་གྱུར་པས་ཐམས། ་ཅད་དུ།། དཔལ་ལྡན་རྡོ་རྗེ་འཇིགས་བྱེད་སྔགས་པས་མི་སྤོང་དངོས་གྲུབ་ཀྱི་ནི་གཞི།། ངེས་པར་སེམས་ནི་བརྟན་བྱས་མངོན་པར་འདོད་པ་ཇི་སྲིད་མཚན་མ་འབྱུང་བར་དུའོ།། དེ་ནས་རྣལ་འབྱོར་པ་ནི་སྙིང་རྗེའི་མཆོག། ཁྲོ་བོའི་ང་རྒྱལ་ཡིད ་ཀྱིས་ནི།། བྱས་ནས་རྡོ་རྗེ་ཅན་གྱིས་གསང་།། འཇིགས་བྱེད་གསད་པའི་ལས་ནི་གཙོ།། གཤིན་རྗེའི་གཟུགས་ནི་བྱ་བ་ལ།། གྲོགས་མཁར་བདུན་ལས་ཡང་དག་འབྱུང་།། འཇིགས་བྱེད་རྣལ་འབྱོར་ལྡན་པ་ཡིས།། དུ་སོགས་ཤེས ་པས་འདུས་བྱས་པས། གཅེར་བུ་རལ་གྲི་མི་མགོ་གཟུང་།། གསུས་པ་ཆེ་ལ་ཞལ་གཅིག་པ།། སྒྲ་སེར་གྱེ་ནཱ་བརྫུས་མིག་དམར་བ།། གདུག་སོས་ཅན་ནི་འཇིགས་པ་ཡིས།། དེ་ནི་ཁྲུ་གང་ཙམ་གྱི་ཚད།། མཱི་ཐོད་ལ་བྲིས ་སྙིང་གར་གཞུག། བླ་མའི་མན་ངག་རྟོག་པ་ཡིས།། དེ་ཡི་སྒྲུབ་ཐབས་ངེས་པར་སྦྱར།། ཁ་སྦྱར་དབྱེ་བར་བྱས་ནས་ནི།། སྲུང་བ་དགུག་པའི་སྦྱོར་བ་དང་།། ལུས་ནི་སྟོང་པར་གྱུར་པ་ལ།། གསང་ན་དངོས་གྲུབ་མྱུར་དུ་ཐོབ།། གཤིན་རྗེའི་ལུས་ནི་རྫོགས ་པ་དང་།། བསྒྲུབ་བྱ་མདུན་དུ་བྱས་ནས་ནི།། ཉི་མ་བདུན་གྱི་གྲངས་གྱིས་ནི།། ཇི་ལྟར་ཆོ་ག་ཐུན་གསུམ་དུ།། བཟླས་དང་སྦྱིན་སྲེག་སོགས་རྫོགས་པས།། མངོན་སུམ་དུ་ནི་མཚན་མ་ཐོབ།། མཚན་ཕྱེད་ཀྱི་ནི་དུས་སུ་བྱ།། མི་མགོ་གསུམ་གྱི་སྟེང ་དུ་བསྡུ།། ཁྲོ་བོའི་ང་རྒྱལ་སེམས་ཀྱིས་ནི།། འདི་ལྟར་བརྟན་བྱས་རྣལ་འབྱོར་པ།། གང་བསྟན་དེ་ནི་བྱས་པ་ན།། ཐམས་ཅད་བོར་བར་ངེས་པར་འགྲོ།། གང་ཡང་འདིར་ནི་དམྱལ་བ་ཡང་།། སྤངས་ནས་བདེ་བ་ཅན་དུ་འགྲོ།། སྔགས་དང་རྒྱུད་ཀྱི་མཐུ ་དང་ནི། བསམ་གཏན་བསམ་བྱ་རྣལ་འབྱོར་པས།། སྡིག་པ་ཆེན་པོ་བྱས་པ་ཡང་།། དེ་ནི་ཐབས་ཀྱི་སྦྱིན་པ་ཡིན།། ཉེ་བར་བྱས་པའི་ཐབས་ཡིན་ནོ།། གཞན་དུ་ན་ནི་སྐྱོན་དུ་འགྱུར།། རྡོ་རྗེ་འཇིགས་བྱེད་ལས་བསྒྱུར་བས།། གསོལ་བཏབ་པ ་ལ་ཐུགས་རྩེ་ནས།། རིན་ཆེན་རྡོ་རྗེ་ཟླ་བ་ལྟར།། འདི་ཉིད་ལ་གུས་བདག་གིས་བྱས།། ཇི་ལྟར་ཐོབ་པའི་དགེ་བ་དེས།། བདེ་བ་སྒྲུབ་པའི་སྒྲུབ་ཐབས་ནི།། ཆུ་རྒྱུན་འདོད་པའི་སེམས་ཅན་ནི།། དེ་ནི་རྡོ་རྗེ་འཇིགས་བྱེད་ཤོག། འཇམ་དཔལ ་དབྱངས་ཀྱིས་རབ་མཛད་པ།། ཕྱུག་གཉིས་པའི་སྒྲུབ་ཐབས་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཨཱ་ཙཨཱརྱ་ཨཱ་ནནྡ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐུད་དུ། ཤྲཱི ་