CLOSE WINDOW

GT840: ma he'i zhal gyi sgrub pa'i thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཱ་ཧེ་ཤཱ་ག་ནཱ་ཡ་སཱ་དྷ་ན། བོད་སྐད་དུ། མ་ཧེའི་ཞལ་གྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་མ་ཧེའི་ཤའི་ཞལ་ཅན་ལ་ཕྱག་འཚལོ།། གུས་པས་བླ་མ་དང་ནི་དེ་རྗེས ་གཤིན་རྗེ་གཤེད་པོ་འཇམ་པའི་མཆོག། སྒྱུ་མའི་བགི་ཉིད་ཡན་ལག་བདེ་བས་རྒྱས་པ་གཞན་གྱི་དོན་འཇུག་པ།། གྲི་གུག་ལ་སོགས་མཚན་མ་བསྣམས་ཤིང་ཁྲོ་བ་དང་བཅས་མཚུངས་པ་མེད།། ཞལ་དགུ ་ཡིས་ནི་འཇིགས་པ་སེལ་བྱེད་དེ་ལ་སྤྱི་བོས་ཕྱག་འཚལ་འདུད།། གྲ་ཤི་ཎཱཾ་འཇོམས་པའི་སྒྲུབ་ཐབས་ཀྱིས།། བློ་ལྡན་དེ་ཉིད་འདོད་པ་གྲང་།། དབང་བསྐུར་ལ་སོགས་ཐོབ་པ་དག། དེ་ཡི་སྒྲུབ་ཐབས་རིམ་པ ་འདི།། བྱིས་པ་རྣམས་ཀྱིས་རྟོགས་ཕྱིར་དང་།། མཉམ་པས་དྲན་པའི་ཕྱིར་དང་ནི།། མཆོག་རྣམས་བྱིན་པའི་ངག་ལ་ཡང་།། མགུ་བ་བསྐྱེད་ཅིང་བྲི་བར་བྱ།། དེ་ནས་ཡང་ངག་རབ་བཤད་བྱ།། རྡོ་རྗེ་འཇིགས་བྱེད་སྒྲུབ ་པའི་ཐབས།། ལྷ་ཉིད་དག་ནི་ཐམས་ཅད་ཀུན།། ཤིན་ཏུ་འཇིགས་པར་བྱེད་པའོ།། དེ་ལ་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་ཞིག་ཏུ་གནས་ནས། སྒྲུབ་པའི་ཐབས་བརྩམ་པར་བྱའོ།། དེ་ནས་གནས་ནི ་བརྗོད་པར་བྱ་སྟེ། དུར་ཁྲོད་དང་ཆུ་བོའི་ངོས་དང་། ཤིང་གཅིག་དང་། རྟོགས་གཅིག་པ་དང་། ལམ་གྱི་བ་ནི་མདོ་དང་། རི་བོའི་རྩེ་དང་། གནས་ཁང་སྟོང་པ་དང་། མ་མོའི་ཁང་པ་དང་། ལྷོའི་གནས་སམ། གཡུལ ་འགྱེང་བའི་ས་འམ། གྲོང་ཁྱེར་རམ། དགོན་པ་འམ། གྲོང་ལ་སོགས་པའི་གནས་ནས། འདིར་རྡོ་རྗེ་འཇིགས་བྱེད་ཆེན་པོར་དབང་བསྐུར་བའི་རྣལ་འབྱོར་པ། སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས ་པ་དང་ལྡན་པ། སེམས་ཅན་གྱི་དོན་ལ་བརྩོན་པ་བྱམས་པ་ལ་སོགས་པ་དང་ལྡན་པ། དད་པ་དང་ཐོས་པས་རྣམ་པར་བརྒྱན་པ། ཁ་ལ་སོགས་པ་དག་པར་བྱེད་པའི་སྙིང་རྗེ་ཅན་དེ་བདེ་བར་འཇམ་པ་རོ་ལཱ་སོགས་པའི ་སྟེང་དུ་འདུག་སྟེ། རང་གི་སྙིང་གར་པདྨ་ལས་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་བསམ་མོ།། དེའི་སྟེང་དུ་ཡི་གེ་དྷཱིཿའི་རྣམ་པ་བལྟའོ།། དེ་ནུས་དེའི་འོད་ཟེར་རྣམས་ཀྱིས་ཕྱོགས ་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་མཐར་བུག་པ་ན་གནས་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་ལ་སོགས་པ་རྣམས ་བསྐུལ་ཏེ། བཀུག་ནས་མདུན་དུ་ཡང་དག་པར་བཞུགས་པར་བྱས་ལ། བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་དུ། མཆོད་པོ་དང་སྡོག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད ་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་བསྟན་པ་དང་། བྱམས་པ་ལ་སོགས་པ་བསྒོམ་པ་ཡང་བྱས་ལ། དེ་ནས་སྟོང་པ་ཉིད་དུ་བལྟ་བར་བྱའོ།། ་ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོ&ཧཾ་ཞེས་བརྗོད་དོ།། ཆོས་ཐམས་ཅད་བདག་མང་པའི་རང་བཞིན་དུ་བྱས་པའི་དབུས་སུ། ཡི་གེ་ཡཱཾ་ལས་རྫོགས་པའི་རླུང་གི ་དཀྱིལ་འཁོར་དུ་བའི་རྣམ་པ་ཅན་བསམ་མོ།། དེའི་སྟེང་དུ་དབྱིངས་ཡིག་དང་པོ་ལས་རྫོགས་པའི་ཟླ་བའི་དཀྱིལ་འཁོར་བསམ་མོ།། དེའི་སྟེང་དུ་ཡི་གེ་དྷཱི་ལས་འཇོམ་དཔལ་འོག་ནས་བཤད་པའི་གཞོན་ནུའི་གཟུགས་ཅན ་སྐད་ཅིག་གིས་བསྐྱེད་ལ། དེའི་ཐུགས་ཀར་ཨ་ལས་རྫོགས་པའི་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེ་ནས་ཉི་མའི་དཀྱིལ་འཁོར་ལས་འོད་ཟེར་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐར་ཐུག་པ་ན་གནས ་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་འོད་ཟེར་གྱིས་བསྐུལ་ནས་བཀུག་སྟེ་ཉི་མའི་དཀྱིལ་འཁོར་དེ་ཉིད་ལ་ཞུགས་པར་བསམ་པར་བྱའོ།། འཇམ་དཔལ་དེ་ཉིད་དང་། དེ་བཞིན་གཤེགས་པ་ལ་སོགས་པ་ལ ་སོགས་པ་དེ་ཉིད་རོ་གཅིག་པར་གྱུར་ཏེ། ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ།། འོད་འབར་བ་དཔག་ཚད་བརྒྱ་སྟོང་ཁྱབ་པའི་རྣམ་པར་བསྒོམ་པར་བྱ་སྟེ། དེའི་སྟེང་དུ་ཧཱུཾ་ནག་པོ་ཁ་དོག་རྣམ་པ་ལྔའི་འོད་ཟེར་དང ་ལྡན་པ་བལྟས་ལ། དེ་ནས་དེའི་འོད་ཟེར་རྣམས་ཀྱིས་ཁམས་གསལ་བར་བྱས་ནས་ཡང་ཧཱུཾ་དེ་ཉིད་ལ་བསམ་པར་བྱའོ།། དེ་ཉིད་གྱུར་པ་ལས་ཁ་གྱེ་ནོ་དུ་ཕྱོགས་པའི་རྡོ་རྗེ་ཆེན་པོ་མདོག་ནག་པོ་འོད་ཟེར་འཕྲོ་བ ་བསམ་པར་བྱར།། དེ་ནས་རྗེ་རྗེ་ཕྲ་མཔ་རྣམ་པ་ཅན་སྨངྱས་རྒྱས་དང་བྱང་ཆུབ་ས་མས་དཔའ་དང་། ཟླ་བ་དང་དག་པདྨལྔ་མོ་དང་ལས་པ། ནམཁའ་ཁམས་མཚལ་གྱི་གང་བུ་བཞིན་ན་མ་ལ་གནས ་བསམ་པར་བྱའོ།། དེ་ལ་གནས་པ་སངས་རྒྱས་ལྕེ་སྩོགས་པས་སེམས་ཅནི་ཡོངས་སུ་སྦྱིན་པོར་ཧཱུ~ཾས་ཤིང་གདུས་ས་ས་བྱུང་ཆུང་ལྔ་དཀོད་དེ། ཡང་དག་ཉིད་དྲུང་ལྡན་ཛཱག་ཏུ། སྐ་འོངས་ནས། རྡོ་རྗེའི་གཟུགས་པ ་ཞུགས་པའི་རྣམ་པ་ཅན་དུ་བསམ་པར་བྱའོ།། རྡོ་རྗེའི་གཟུགས་དེ་ཉིད་རྡུལ་དགུ་པ་མོ་འི་གཟུགས་འཇིགས་པའི་དུས་ཀྱི་བསྐལ་པའི་མེ་ལྟེ་བུའི་འོད་ཅན་རྡོ་རྗེ་འཇིག་ས་བྱེད་ཆེནའོ།། ཁྱམས་གསུམ་ཟེ་བར་དུས ་གཙིགས་པའི་ཞལ་ཅན། ར་ལྕེ་འདྲིལ་བ་རྣམ་པར་བསྒྱུར་བའི་རྣ་བར་འཇིགྲུས་པར་ཝཱི་གཉེར་བྱེད་པ།། འཇིགས་པའི་སྤྲིན་མ་དང་སྦྱིན་དང་། འབྲུག་གི་སྒྲ་སྒྲོགས་པའི་མའི་ཁྲག་དང་། ནག་དང་ཤ་དང་རྒྱས ་བྱཱ་དང་རྐང་རྣམས་གསོལ་པ། འཇིག་རྟེནྡྲ་ལུས་འདས་པ་ལ་སོགས་པའི་ཝཱ་ལ་སྡིགས་མཛུབ་བྱེད་པོ། བརྒྱ་བྱིན་དང་ཚངས་པ་དང་། ཟླ་བ་དང་ཉི་མ་དང་། གནོན་ནུ་ནག་པོ་ལ་སོགས་པ་ཁེ་ཐུར་ངུ་དལྟས་ལ་ཞབས ་ཀྱི་འོག་ཏུ་མིནན་པ། ཐོང་པ་ལས་བྱས་པའི་བོད་ཅན། སྦྲུལ་མཆོད་ཕྱིར་ཐོགས་པ། བོད་པའི་ཕྲེང་བའི་རྒྱན་གྱིས་བརྒྱན་པ། ནབས་བཅུ་དྲུག་པ། གཅེར་བུའི་གཟུགས་ཅན་མཚན་མ་གྱེན་དུ་བསྐོང་བ། གཡོན་བརྒྱང་བ ་གསུས་པ་འ་ཕྱུང་བ། སྐྲ་གྱེན་དུ་བརྫེས་པ། འཇིགས་པར་བྱེད་པ་ཆེན་པོ་ཕེཾ་ཀ་རའི་སྒྲ་འབྱིན་པ། ཕྱག་སུམ་ཅུ་རྩ་བཞི་པ། གླང་པོའི་པགས་པ་རློན་པ་བསྣམས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་ཞལ་ཅན། དེ ་ལ་ཕྱག་གཡས་ཀྱི་དང་པོ་ན་གྲི་གུག་གཉིས་པ་ན་མཚོན་རྩེ་གཅིག་པ། གསུམ་པ་ན་གཏན་ཤིང་། བཞི་པ་ནི་ཆུ་གྲི། ལྔ་པ་ན་མདུང་ཐུང་། དུག་པ་ན་ངག་སྟེ། བདུན་པ་ན་མདུང་། བརྒྱད་པ་ན་མངའ། དགུ་པ་ན་ལྕགས་ཀྱུ། ་བཅུ་པ་ན་དབྱུག་པ། བཅུ་གཅིག་པ་ན་ཁ་ཊངྒ། བཅུ་གཉིས་པ་ན་འཁོར་ལོ།། བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེའི་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཌཱ་མ་རུའོ།། དེ་བཞིན་དུ་གཡོན་པའི་ཕྱག་དང་པོ་ནི ་ཐོད་པ། གཉིས་པ་ན་མགོ། གསུམ་པ་ན་ཕུའོ།། བཞི་པ་ན་རྐང་པ། ལྔ་པ་ན་ཞུགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མེ། བརྒྱད་པ་ན་དྲིལ་པུ། དགུ་པ་ན་ལག་པི། བཅུ་པ་ན་དུར་ཁྱོད་ཀྱི་རས། བཅུ་གཅིག་པ་ན་མདུང ་གིས་ཕུག་པའི་སྐྱེས་བུ། བཅུ་གཉིས་པ་ན་མེ་ཐབཱ། བཅུ་གསུམ་པ་ན་རོའི་སྣོད། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་བ་ངན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་གི་རེས་སཾ།། ཕྱག་གཉིས་ངག་གིས་གླང་པོ ་ཚེཆེའི་པགས་པ་བསྣམས་པ། དེ་བཞིན་དུ་གཡས་ཀྱི་ཞབས་དང་པོ་ལས་མཾ། གཉིས་པ་ན་མ་ཧེ། གསུམ་པ་ན་གླིང་། བཞི་པ་ན་བོང་བུ། ལྔ་པ་ན་རྔ་མོ།། དྲུག་པ་ན་ཁྱི། བདུན་པ་ན་ལུག། བརྒྱད་པ་ཅེ་སྤྱང་ངོ་།། གཡོན ་གྱི་ཞབས་དང་པོ་ན་བྱ་རྒོད། གཉིས་པ་ན་འུག་པ། གསུམ་པ་ན་བྱ་རོག། བཞི་པ་ན་ནེ་ཙེ། ལྔ་པ་ན་ཁྲ། དྲུག་པ་ན་བྱ་རྒོད་ཆེན་པོ། བདུན་པ་ནི་ཁྱིམ་བྱ། བརྒྱད་པ་ན་བཞད་དོ།། དེ་ལ་རྡོ་རྗེ་འཇིགས ་བྱེད་ཆེན་པོ།། ཞལ་དང་པོ་ནི་མ་ཧེའི་གདོང་ཤིན་ཏུ་གནག་པ། ཤིན་ཏུ་ཁྲོས་པའོ།། རྭའི་གཡས་གསུམ་ནི་ནག་པོ་དང་དམར་པོ་དང་སེར་པོ་སྟེ། ཤིན་ཏུ་ཁྲོས་པ་སྟེ། རྭའི་གཡོན་གྱི་ཞལ་གསུམ་ནི། དཀར་པོ་དང་དུ་བའི ་མདོག་དང་ནག་པོ་སྟེ། ཤིན་ཏུ་ཁྲོས་ཤིང་གཙགས་པའི་ཞལ་རྣམ་པར་བསམ་མོ།། རའི་ལོགས་ཀྱི་དབུས་ཀྱི་ཞལ་དམར་པོ་ཤིན་ཏུ་ཁྲོས་པ་ཁྲག་འཛག་པ་བསྒོམ་པར་བྱའོ།། དེའི་སྟེང་གི་ཞལ་ཅུང་ཟད་སེར་བ། ཅུང ་ཟད་ཁྲོས་པ་གཞོན་ནུའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔའི་ཐོད་ཅནི། ཞལ་ཐམས་ཅད་ནི་སྤྱན་གསུམ་པར་བསམས་ཏེ། བརྟན་པར་བྱས་ལ། ཤིན་ཏུ་མཉམ་པར་བཞག་པའི་སྔགས་པས། རྟག་ཏུ་དེ་ཉིད་ལ་སྦྱོར་བས ་བདག་ཉིད་དཔལ་ཆེན་པོ་མ་ཧཾ་ཤའི་ཞལ་བདགྲ་ཉིད།། ཞེས་བསྒོམ་པར་བྱའོ།། བཟླས་པའི་དུས་སུ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་རྣམས་བསམས་ཏཱཾ། རང་གི་སྔགས་ཀྱི་ཡི་གེ་འབར་བ་རྣམ་པར་དགོད་དོ།། དེའི་རྗེསུ་ཡིད་ནང ་དུ་ཆད་པས་བཟླས་པར་བྱའོ།། དེ་ལ་བཟླས་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲྀཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། སྙིང་པོའོ།། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ།། ཨོཾ་ཡ་མ་རཱ་ཛ། ས་ངོ་མ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར ་ཡཀྵ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཕཊ། ཕྲེང་བའི་སྔག་སོ།། སྔགས་འདིས་རྣལ་འབྱོར་པའི་ལས་ཐམས་ཅད་ཐོགས་པ་མེད་པར་བྱེ།། དུར་ཁྲོད་ལ་སོགས་པར་གནས་ཏེ་རྟག་ཏུ་བསྒོམ་པར་བྱའོ།། བདུད་རྩི་རྣམ་པ་ལྔ་བཟའ་བར་བྱ་སྟེ།། ་དེདོདེ་ཡིས་བསྒྲུབས་ན་འགྲུབ་པར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ།། གཞན་ཡང་སྒྲོན་མ་ཆེན་པོ་ལ་སོགས་པ་བཟའ་ཞིང་ནུབ་མོ་རྒྱུ་ཞིང་འགྲོ་རྣལ་འབྱོར་བྱས་རྩ་བའི་སྔགས་འབུམ་བཟླས་པ་བྱའོ།། བཟླས་པ་བྱས་པའི་སྔགས ་པས་ལས་ཐམས་ཅད་བྱེད་ཅིང་འགྲུབ་པར་འགྱུར་རོ།། བསམ་གཏན་ལ་བརྟན་པའི་སྔགས་པས་ཤིན་ཏུ་མཉམ་པར་བཞག་པར་བྱའོ།། མ་དད་པ་དང་མི་མོས་པ་དང་། དཀྱིལ་འཁོར་དུ་མ་ཞུགས་པ་ལ་མི་གཏད་ཅིང་རེས་འགའ ་ཡང་རྒྱུད་སྦྱིན་པར་མི་བྱའོ།། སྔགས་ཀྱང་རེས་འགའ་སྦྱིན་པར་མི་བྱའོ།། དཔལ་རྡོ་རྗེ་འཇིགས་བྱེང་ཆེན་པོའི་རྣལ་འབྱོར་དང་བསམ་གཏན་ནི་བརྗོད་པར་མི་བྱའོ།། སྔགས་ཆུང་དང་གཡོག་པོས་མ་ཚོར་བ་རོ།། འདི་ཕྱེད་པར་མི་བྱའོ།། བྲིས་སྐུ་མདུན་དུ ་ཡང་མི་བསྟན།། བྲིས་སྐུ་གསང་བ་ལ་གཟུང་ངོ་།། རྒྱུད་འདིའི་སྦྱོར་བ་གང་སུའི་དྲུང་དུ་ཡང་མི་བརྗོད་དོ།། གལ་ཏེ་སྨྲས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཟ་སྟེ་དམ་ཉམས་པའི་ཕྱིར་རོ།། དེའི་ཕྱིར་སྔགས ་པས་སུ་ལ་ཡང་སྦྱིན་པར་མི་བྱའོ།། ཡང་ནི་དམ་ཚིག་མི་ཕྱེད་པ་རྟོག་པ་དང་བྲལ་བ་ལ་བརྟན་པའི་བརྟུལ་ཞུགས་དཔའ་བོ་དང་། བླ་མ་ལ་གུས་པ་དུལ་བ་དེ་བཞིན་གཤེགས་པའི་བསྟན་པ་ལ་གཅིག་ཏུ་གནས་པ། ་སྔགས་སྤང་བ་དང་ཁྲོ་བ་མེད་པ། སྟེར་བ་ལ་སྔ་དཔའ་བ། བཟླས་པ་དང་བསྒོམ་པ་ལ་དགའ་བ། དཀྱིལ་འཁོར་མཐོང་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་གུས་པ། སྙིང་རྗེ་ཆེན་པོ་ལ ་སོགས་པས་ཡིད་རྟོག་པ་དང་བྲལ་བ། ལེགས་པར་བརྟགས་པ་ལ་ལེགས་པར་སེམས་པ། དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་སྦྱིན་པར་བྱའོ།། གཞན་དུ་གལ་ཏེ་སྔགས་པས་སྟེར་ན།། ་སློབ་མ་དང་བཅས་ནས་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ།། འཇིག་རྟེན་འདིར་ཡང་འཇིགས་པ་ཆེན་པོ་མྱོང་བར་འགྱུར་རོ།། འཇིག་རྟེན་ཕ་རོལ་ཏུ་ཡང་དམྱལ་བར་འགྲོ་སྟེ། དམ་ཚིག་ཉམས་པའི་ཕྱིར་རོ།། འདོད་ཆགས ་ཞེ་སྡང་ལ་སོགས་ཆུ་སྲིན་འཁྲུས་ཤིང་རྨུགས་དང་གཉིད་སོགས་དབུ་བ་ཅན། འཁོར་བའི་རྒྱ་མཚོ་སྐྱེ་དང་འཆི་བའི་རྦ་ཀློང་ཟབ་མོ་འཇིགས་པ་ལས་སྒྲོལ་བ། དཔལ་ལྡན་གཤིན་རྗེ་བདེ་བའི་རང་བཞིན་སྒྲུབ་ཐབས་བྱས ་པས་སྐྱེ་འགྲོ་ཀུན། བདག་འབིད་པ་ཡི་བསོད་ནམས་རྙེད་པ་དེས་འདིར་འཇིག་རྟེན་དེ་ཡི་གོ་འཕང་འགྲུབ་པར་ཤོག།། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱད་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛོད ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་རྣམ་པར་སྣང་མཛད་བསྲུང་བའི་ཞབས་དང་། ལོ་ཙཱ་བ་ཁམས་པ་དགེ་སློང་བ་རི་དྷརྨ་ཀཱིརྟིས་བསྦྱོར་བའོ།། ་