CLOSE WINDOW

GT838: dpal rdo rje 'jigs byed rgyud kyi mdo mdor bshad pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་ཏནྟྲ་སྱ་ཏི་བི་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིག་བྱེང་རྒྱུད་ཀྱི་མདོ་མདོར་བཤད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། མགོན ་པོ་འཇིགས་བྱེད་དཔལ་ལྡན་བླ་མ་ཡི།། ཞབས་ཀྱི་པདྨ་ལ་ཡང་ཕྱག་འཚལ་ལོ།། དེ་ཡི་རྒྱུད་ཀྱི་རྒྱལ་པོ་བཤད་པ་ནི།། དེ་ཡི་བཀའ་དྲིན་གྱིས་ནོ་བྱི་བར་བྱ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་འདིར་དེ་མ་ཐག ་པར་རྟོག་པར་བྱའོ།། འོ་ན་གལ་ཏེ་དེ་ལྟ་བུ་ཡང་ཇི་ལྟར་རྒྱུད་ཀྱི་དང་པོར་བསྟན་ཅེ་ན། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་དང་པོའི་ཚིག་བོར་ཏེ། དེ་ནས་ཞེས་བྱ་བའི་སྒྲ་བསྟན་པ་ནི། འཇམ་དཔལ་གྱི་རྒྱུད་གྲངས་སྟོང ་ཕྲག་བཅོ་བརྒྱད་པ་ལས། འཇིགས་བྱེད་ཆེན་པོ་སྒྲུབ་པའི་ཐབས་ཀྱི་རྗེས་ལས་རྒྱུད་འདི་ཕྱུང་བ་སྟེ། དེ་ལྟར་རྟོགས་པར་བྱས་ལ། རྒྱད་ཀྱི་དང་པོར་སྦྱར་བར་བྱའོ།། ཡང་དེ་ནས་ཀྱི་སྒྲ་ནི་རྟོག་པ་བདུན་པ་མ་ལུས་པའི་སྐབས ་སུ་བབ་པའི་དོན་ཏོ།། ཡང་དག་བཤད་ཅེས་བྱ་བ་ནི། ཡང་དག་པའི་དོན་ཏེ་འདིར་བཟླས་པ་དང་། འཁྲུལ་འཁོར་དང་སྦྱིན་སྲེག་དང་། བསམ་གཏན་དང་། ཕྲིན་ལས་དང་།། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས ་བྱ་བ་ནི། རྡོ་རྗེ་སྟོང་པ་ཉིད་དུ་བརྗོད། འཇིགས་བྱེད་སྙིང་རྗེར་འདོད་པ་སྟེ།། རྡོ་རྗེ་འཇིགས་བྱེད་སྦྱོར་བ་ལས།། གཉི་ག་དེ་ཡི་བདག་ཉིད་འགྲུབ།། དེ་ལྟར་ན་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པའོ།། རྡོ་རྗེ་སེམས་དཔའི་ནི་རྡོ་རྗེ ་འཇིགས་བྱེད་དོ།། འདིའི་སྒྲུབ་ཐབས་ནི་སྒྲུབ་པར་བྱེད་པ་སྟེ། གཞུང་གི་ཚོགས་འང་ཡིས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷའི་གཟུགས་འདི་ལྟ་བུར་བྱེད་པའོ།། རྒྱུད་ཀྱང་འདི་ཡིན་ཏེ་རྣམ་པར་བཀོད་པ ་ལས་བྱུང་བས་ན་དེ་ཉིད་རྒྱུད་དོ།། དྲག་ཤུལ་ཞེས་བྱ་བ་ནི། ཁྲོ་བོའི་ཐུགས་ཉིད་ལས་སོ།། འཇིགས་བྱེད་ཅེས་པ་ནི་རྣམ་པར་འགྱུར་བའི་གཟུགས་ལསོ།། ཤིང་གཅིག་ཅེས་བྱ་བ་ནི་ཤིང་གཱ་ལི་ཤིང་གཞན་གྱི་གྲིབ་མས་མ་ཕོག་པའོ།། ་དབང་དང་དགུག་པ་དང་། གསང་པ་ལ་སོགས་པ་ནི་བསྟན་པའོ།། ཉེ་བར་བཤད་པ་ནི། དངོས་གྲུབ་སྣ་ཚོགས་སྒྲུབ་པའི་རྟོག་པ་ལས་བསྟན་ཏོ།། རོ་སྲེག་ཐལ་བས་ཞེས་པ་ནི་རྡུལ་ཚོན་དཀར་པོའོ།། དུར་ཁྲོད་ཀྱི་སོལ ་བས་ནི་རྡུལ་ཚུན་ནག་པོའོ།། ལྡོང་རོས་ཀྱིས་ནི་སེར་དོའོ།། དུར་ཁྱོད་ཀྱི་སོ་ཕག་གིས་ནི་དམར་པོའོ།། ནིམ་པ་དང་། ནི་སྲུན་ད་རིའི་ལོ་མ་ལ་སོགས་པ་ནི་ལྗང་གུའོ།། རྡུལ་ཚོན་དེ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱ་ཞེས ་པར་འབྲེལ་ཏོ།། གྲུ་བཞི་ཞེས་པ་ནི་མི་མཉམ་པ་མེད་པས་ནའོ།། སྒོ་བཞི་ཞེས་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞི་རྣམ་པར ་དག་པའི་སྒོ་རྣམས་སོ།། རྟ་བབས་པ་ནི་ཡིས་བརྒྱན་ཅེས་པ་ནི།། དྲིལ་བུའི་སྒྲ་འཁྲོལ་བ་ནི། ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པར་བྱེད་པའོ།། བ་དན་དགུ་མོ་གསུང་རབ་ཡན་ལག་དགུའི་རྣམ་པར་དག་པའོ།། དེའི ་མེ་ཏོག་གི་ཕྲེང་བ་དྲི་བཱ་ཞི་པོ་ནི་འདོད་པའི་ཡོན་ཏནུན་ལྷའི་རྣམ་པར་དག་པའོ།། རྡོ་རྗེ་རིན་ཆེན་ཡང་ཞེས་པ་ནི་རྡོ་རྗེ་ནི་སྟོང་པ་ཉིད་དོ།། རིན་ཆེན་ཞེས་པ་ནི། བླ་ན་མེད་པའི་དགའ་བ་རྒྱས་པའི་རིན་པོ་ཆེ་སྟེ། སྙིང་རྗེ་ཆེན ་པའོ།། དེ་དག་ནི་གཉིས་སུ་མེད་པ་ཞེས་བྱ་བར་སྟོན་ཏོ།། ཟླ་བ་ཕྱེད་པ་ནི་བྱང་ཆུབ་ཀྱི་སེམས་འཛག་པའི་རང་བཞིན་དུ་སྟོན་པའོ།། དྲ་བ་དང་དྲ་བ་ཕྱེད་པ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པའོ།། དེའི་དབུས་སུ་རེའུ ་མིག་དགུ་པ་བྲི་ཞེས་པ་ནི་གོ་སླའོ།། སྒོ་བཞི་རྣམས་སུ་ཞེས་པ་ནི། སྒོ་བཞི་པོ་རྣམས་དང་། ཉེ་བ་བསྡུའོ།། རོ་ལངས་ཆེན་པོ་རྣམས་ཏེ། ཕྱག་གཉིས་པ་ཞལ་གཅིག་པ། སྤྱན་གསུམ་འབར་བ། སྐྲ་སེར་པོ་གྱེན ་དུ་བརྫེས་པ། གཅེར་གུ་ནལ་མ་ཆེ་བ་གཙིགས་པ། མདོག་ནག་པོ།། ཕྱག་གཡས་ཀྱིས་གྲི་གུག་གསོར་བར་བྱེད་པ། གཡོན་གྱིས་ཁྲག་གིས་བཀང་བའི་ཐོད་པ་འཛིན་པའོ།། གཞག་པར་བྱ་བ་ནི་བྲི་བར་བྱའོ།། ་མར་ཁུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྔོན་དུ་བྱས་པ་ནི་སྔོན་དུ་བསྙེན་པ་བྱས་པའོ།། ཧ་ཧ་ཞོས་སྒྲོགས་བྱེད་པ་ཞེས་པ་གད་མོ་བརྒྱད་ཀྱིས་རྣམ་པར་བྱེད་པའོ།། ཤིན་ཏུ་མཉམ་པར་བཞག་ཅེས ་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དང་ལྡན་པའོ།། དེའི་དབུས་སུ་བསྒྲུབ་ཅེས་པ་ནི། མངོན་པར་འདོད་པའི་དངོས་གྲུབ་པོ།། དེའི་སྟེང་དུ་ཞེས་པ་ནི་དེ་མནན་པའོ།། གོལ་ཏེ་སྔགས་པས་མ་གྲུབ་ན་ཞེས་པ་ནི། ་བཅོམ་ལྡན་འདས་དགྱེས་ཏེ། ཕྱུག་རྒྱ་ཆེན་པོ་སྦྱར་བ་ལས་བརྒྱ་ལམ་རྣལ་འབྱོར་པ་བསོད་ནམས་མྱེད་པའི་དབང་གིསྟྲ་ཆ་ཡིན་པ་དེརའི་ཚེ། དམན་པའི་ལས་ད་ལུས་གདོན་མི་ཟླ་བྱར་འགྱུད་དུ། ་དེ་དག་གིས་དད་པས་བསྐྱེད་པར་བྱ་བའི་དོན་ཏོ།། དེ་དག་ནི་ཞེས་པོ་ནི་ཡོངས་སུ་རྫོགས་པའོ།། འཇམ་དཔལ་ཞེ་ས་པ་ནི་འཇམ་དཔལ་གྱི་སྤྲུལ་པའོ།། དཀྱིལ་འཁོར་ངེས་པར་བསྟན་ཅེས་པ་ནི། དཀྱིལ་འཁོར་རྡུལ་ཆེན་གྱི་དཀྱིལ ་འཁོར་རོ།། ངེས་པར་བསྟན་པ་ནི་གང་གི་ཚེ་བརྟགས་པ་ང་དེ་བཞིན་དུ་སྟོན་པའོ།། འོ་ན་ཇི་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་པོར་བསྟན་ཅེ་ན། དབང་མ་བསྐུར་བར་རྒྱུད་ལས་གསུངས་པའི་ལས་མི་བྱ་ཞིང་། རྒྱུད་ཉིད ་ཀྱང་མཐོང་བར་བྱ་བ་མ་ཡིན་པ་དེ་ལྟར་རྟོགས་པར་བྱ་བའི་ཕྱིར་དང་། དང་པོ་ཉིད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་པ་ནི་རིགས་པའོ།། རྫོགས་སོ་ཞེས་པོ་ནི་ཡང་དགྲ་པར་ཐོབ་པ་སྟེ། རབ་ཏུ་ཐོབ་པའོ།། དེ་དག་ནི ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་བརྟག་བྱ་དང་པོའི་བཤད་པའོ།། །། དགོས་པ་མེད་པར་ནི་སུ་ཡང་འཇུག་པར་མི་འགྱུར་བ་འདིས་ནི། དགོས་པ་བསྟན་པའི་དོན་དུ། དེ་ནས ་ཞེས་བྱ་བ་ལ་སོགས་པའོ།། དངོས་གྲུབ་སྣ་ཚོགས་སྒྲུབ་པའི་རྟོག་པ་གསུངས་སོ།། སྔགས་པས་ཤིན་ཏུ་ཁྲོས་པས་ཞེས་བྱ་བ་ནི། གསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། ལས་གསུམ་སྟེ། ཁྲོས ་པའི་སེམས་ཀྱིས་བྱའོ།། ཞེས་པ་ལྷག་མའོ།། མེ་གཉིས་ཀྱི་དབྱངས་སུ་ཞེས་པ་ནི། མེ་རི་རེ་ཕའོ།། གང་ལས་ཤེས་ཤེ་ན། མྲའི་ས་བོན་ཡིན་པའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་བཏགས་པས་དེ་ཉིད་ཀྱིས་རྙེད་དོ།། ཧཱུཾ་བརྒྱད་ཅེས་བྱ་བ་ནི་ཕྱོགས ་རྣམས་སུའོ།། ཟུར་རྣམས་སུ་ཕཊ་ཀྱི་ཡི་གེ་ཞེས་པ་ནི། ཕྱོ་ཊ་བྲལ་རྣམས་ཕཊ་ཀྱི་ཡི་གེ་བརྒྱར་བྱིའོ་ཞེས་འབྲེལ་ཏོ།། ཡང་ནི་རིམས་ཀྱིས་ཟིན་པར་འདོད་ན་ཞེས་བྱ་བ་ནི། གང་གི་ཚེ་རྣལ་འབྱོར་པས་རིམས་ཀྱིས་ཟིན་པར་འདོད་པོ་དེའི ་ཚེ་ཆོ་ག་ནི་འདི་ཡིན་ཏེ། མཚོན་གྱིས་ཕོག་པ་འམ་སྦྱངས་པའི་མིའི་ཐོད་པ་ལ་རྒྱ་སྐྱེགས་ཀྱི་ཁུ་བ་འམ། རྡོ་རྒྱུས་ཀྱིས་རིམཱས་མངོན་པར་བྱའོ།། དེ་ལ་ཚ་བའི་རིམས་ནི་དམར་པོ་སྐྲ་གྱེན་དུ་འབར་བའོ།། གྲང་བའི་རིམས་ལ་ཡང ་དཀར་པོ་གསུས་པ་ཆེ་བ་སྒྲ་འཕྱང་ཞིང་དུ་བ་ཞེས་པའོ།། གཉིས་ཀ་ཡང་རྐང་པ་གསུམ་པ་ལག་པ་གསུམ་པ་ཞིས་པའོ།། ཕྱི་ནས་རོ་བསྲེགས་པའི་སོལ་བ་དང་། ས་དང་ཐལ་བ་ཡིས་བསྒྲུབ་བྱའི་རྐང་པའི་རྡུལ་དང་། ལྷན་ཅིག ་བསྲེགས་པ་ལ་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་ག་རུ་སྔར་ཆོ་ག་ཉིད་ཀྱིས་བྲིས་པའི་འཁྲུལ་འཁོར་འདི་གཞུག་པར་བྱ་ཞིང་། དུག་དང་ཚ་དང་སྐེ་ཚེ་ལ་སོགས་པས་ཀྱང་བྱུག་ལ། པདྨའི་སྣོད་གཞན་ཞིག ་ཏུ་གཟུགས་དེ་གཞུག་པར་བྱའོ།། གཉི་ག་ལ་ཡང་དགུག་ཅིང་གཞུག་པར་བྱས་ནས། བྲིས་པའི་ཐོད་པའི་སྟེང་དུ་ཁ་སླབ་ཏུ་སྦྱིན་ནོ།། དེའི་རྗེས་ལ་དེ་ཡིས་གཟུང་བར་བསམ་ཞིང་། མི་ཐབ་ཀྱི་འོག་ཏུ་བསྲེགས་ཏེ། རྡོ་རྗེ ་འཇིགས་བྱེད་ཀྱི་རྣལ་འབྱོར་པས། མཚན་ཐོག་ཐག་བཟླས་པ་ངེས་པ་ཉིད་དུ་རིམས་ཀྱིས་ཟིན་པར་འགྱུར་བར་ཐེ་ཚོམ་མེད་དོ།། བྱ་རོག་གི་ལྷག་མ་ཞེས་བྱའི་བྱ་རོག་གིས་ཟོས་པའི་ལྷག་མས་སོ།། གསང ་པ་ལ་ནི་ཆེ་གེ་མོ་མཱ་ར་ཡ་ཞེས་པས། སྤེལ་བའི་འཁྲུལ་འཁོར་བྲིའོ།། བསྐུད་པ་ལ་ནི་ཆེ་གེ་མོ་ཨཱཙྪ་ཊ་ཡ་ཞེས་སོ།། དབྱེ་བ་ལ་ནི་ཆེ་གེ་མོ་བི་དེ་ཤྲ་ཞེས་པས་སོ།། དེ་ལྔ་བུ་ལ་སོགས་པཾ་ལས་དང་རྗེསུ་མཐུན་པར་ཀུན་ལ་ཤེས ་པར་བྱའོ།། གསང་པ་ལ་ནི་གཤིན་རྗེའི་ལྟོ་བ་ལ་གནས་པའི་མེའི་དཀྱིལ་འཁོར་བྲི་བར་བྱའོ།། བསྐྲད་པ་ལ་རྔ་མོའི་རྒྱབ་ཏུ་གནས་པའི་རླུང་གི་དཀྱིལ་འཁོར་ལའོ།། དྲན་པ་ཞེས་བྱ་བ་ནི་ཧཱ་ཡིག་སྟེ། མན་ངག་ལས་ཧ་ཡིག ་ཟླ་ཕྱེད་ཐིག་ལེ་དང་དབྱངས་དྲུག་པས་བརྒྱན་པར་བྱའོ་ཞེས་རྟོགས་པར་བྱའོ།། རེངས་པ་ལ་ནི་རི་རབ་བཅོ་བརྒྱད་ཀྱིས་ཉེ་བར་བརྒྱན་པའི་དབུསོ།། དབང་ལ་ནི་བུད་མེད་ཀྱི་ཆོས་འབྱུང་གི་དབུས་སོ།། དགུག་པ་ལ་ནི་རྐང་པ་བརྒྱད་པ ་སངྒེའི་རྒྱབ་ཏུའོ།། ཞི་བ་ལ་ནི་ཟླ་བའོ།། རྒྱས་པ་ནི་ཟླ་བ་སེར་བའོ།། དབྱེ་བ་ནི་མ་ཧེ་དང་སྟག་གཉིས་ཀྱི་སྙིང་གོར་རོ།། དེ་ལྟ་བུ་ལ་སོགས་པའི་གནས་རྣམས་ནི་ལས་དང་རྗེས་སུ་མཐུན་པས་བྲི་བར་བྱའོ།། ཞི་བའི་འཁོར་ལོ་བྱ་བ། ་ཡ་དང་ཐ་མ་ཡ་ཡིག་ནོ།། དབྱི་བར་བྱ་སྟེ་ནི་གཉིས་ཀྱང་།། ཕྱི་ནས་དཀྱིལ་དུ་ཡ་ཡིག་སྟེ།། ཡི་གེ་ལྷག་མ་ཙཾ་བདེ་བའོ།། དེ་དག་ནི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས་རྒྱུད་ལས་རྟོགས་པ་གཉིས་པའི་བཤད་པའོ།། ་རྟོག་པ་ལས་གསུངས་པའི་དགོངས་པ་དེ་ཉིད་ཀྱང་། སྔགས་མེད་ན་མི་འགྲུབ་པས།། སྔགས་འདི་ལ་ཐེ་ཚོམ་མེད་པའི་དོན་དུ། དེ་ནས་ཞེས་བྱ་བ་སོགས་པས་སྔགས་བཏུ་བའི་རྟོགས་པ་གསུངས་པའོ།། དེ་ནས་ཞེས་བྱ་བ་གོ་སླའོ།། ་ཡ་ཡིག་ཞེ་སྡང་ཉིད་དུ་འགྱུར།། ཀྵེ་ཡི་ཡི་གེ་གཏི་མུག་བརྗོད།། མ་ཡིག་ཕྲ་མ་རུ་ནརྀ་གསུངས།། མེ་ནི་འདོད་ཆགས་དག། གསོང་པའོ།། ད་ཡིག་ཕྲག་དོག་ལ་ཡིག་འགྱུར།། ཡ་ཙ་ཐོ་བ་དབྱུག་པ་དང་།། ནི་ཡིག་ཕྱག་ན ་པདྨའོ།། ར་ཡི་ཡི་གེ་རེལ་གྲི་གཙོ།། ཛ་ཡིག་ལྷ་མོ་ཙར་ཙི་ཀ། ཕག་མོ་ཡང་ནི་ས་ཡིག་སྟེ།། དོ་ལ་དབྱངས་ཅན་མ་རུ་བརྗེད།། རུ་ནི་གཽ་རཱིའི་རང་བཞིན་ཅན།། ཎ་ཡོ་ནི་རའི་རང་བཞིན་ཡང་།། ཐོད་པ་གཤིན་རྗེ་འཇོམས་པའོ།། ་ཡི་གེ་བཅུ་བདུན་པོ་དེ་རྣམས་ནི།། ལྷ་བཅུ་བདུན་གྱི་རང་བཞིན་དུ་བསམ་པར་བྱས་ལ། རང་གོ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གཤིན་རྗེ་གཤེད་ཀྱི་ལྷ་བཅུ་བདུན་གྱི་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ནས་སྤྱན་དྲངས ་ཏེ། མདུནི་དུ་བཞུགས་པ་ལ་མཆོད་ཡོན་ལ་སོགས་སྦྱིན་ཞིང་།། སྔར་བྲིས་པའི་འཁྲུལ་འཁོར་ལ་ཐོ་བ་ལ་སོགས་པའི་སྦྱོར་བས་རབ་ཏུ་གཞུག་པར་བྱའོ།། ལས་དང་རྗེས་སུ་མཐུན་པར་གསུངས་པའི་རིམ་པས་བདག ་ཉིད་བསྒོམ་ཞིང་སྔགས་ཡོངས་སུ་བཟླས་པས་ལས་རབ་ཏུ་བསྒྲུབ་པར་བྱའོ།། དེ་དགེ་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་གསུམ་པོའི་བཤད་པའོ།། །། དགོངས་པ་གསུངས་པ་དེ་ཡང ་ལྷ་ལ་དམིགས་པ་མེད་ན་མི་འགྲུབ་ཅེས་པས་ལྷ་ལ་དམིགས་པའི་དོན་དུ། དེ་ནས་ཤེས་བྱ་བ་ལ་སོགས་པ་སྒྲུབ་པའི་ཐབས་ཀྱི་རྟོགས་པ་གསུངས་སོ།། དེ་ནས་ཞེས་པ་ནི་སྔགས་བཏུ་བའི་རྟོག ་པའི་དེ་མ་ཐག་ཏུའོ།། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་པ་ནི། བསྒྲུབ་པར་བྱ་བ་ཡང་བདག་ཉིད་བསྒྲུབ་པར་བྱ་བ་སྟེ། རྡོ་རྗེ་འཇིགས་བྱེང་ཉིད་ཀྱི་ཐབས་དེས་སྒྲུབ་པར་བྱེད་པའོ།། ཡང་དག་རབ་བཤད་ཅེས་བྱ་བ་ནི་ཡང་དག་པའི་དོན ་ཏེ། འདིར་བླ་མའི་མན་ངག་བཤད་པའོ།། དེ་ལ་མན་ངག་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པ་སྔོན་དུ་སོང་བས་ལྷ་ལ་དམིགས་པར་བྱའོ་ཞེས་པའི་ཚིག་ཕྱི་ནས་རྟོགས་པར་བྱའོ།། དང་པོ་ཁོ་ནས་ཤེས་པ་ཉིད་ཐོག ་མར་རོ།། དེ་ལ་དགོངས་པ་ནི་འདི་ཡིན་ཏེ། དང་པོ་ཁོ་ནར་སྔགས་པས་དབེན་པའི་གནས་གང་ཡང་རུང་བར་ག་ནས་ཤིང་སྟན་བདེ་བ་ལ་འདུག་སྟེ། བདུད་རྩི་ལ་སོགས་པ་ཁར་བཅུགོ་ལ། གཅེར་བུ་སྐྲ་གྲོལ་བ། ལྷོར་མངོན ་པར་ཕྱོགས་པར་གྱུར་པས། རང་གི་སྙིང་གར་ཉི་མ་ལ་གནས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་དུ་མངོན་པར་ཁྱབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པའི་ལྷའི་ཚོགས་བཀུག ་ནས་མདུན་གྱི་ན་མཁའི་ཕྱོགས་སུ་གནས་པར་བྱས་པ་དང་། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པའི་ལྷ་མོ་བཞི་པོ་སྣ་ཚོགས་པ་ལ་སོགས་པའི་མཆོད་རྫས་ལག་པ་ངག ་གིས་བཟུང་སྟེ། ཡང་དག་པར་མཆོད་པ་དང་། བཤགས་པ་ལ་སོགས་པ་ལ་སོགས་པ་བྱས་ལ་སླར་གཤེགས་པར་བྱའོ།། དེ་ལྟར་ཐམས་ཅད་རྣམ་བསམ་པ། དེའི་རྗེས་ལ་ཆོས་ཐད་བདག་མེད་པ་ཞེས་བྱ་བའི་ཚིག་གིས ་ཚངས་པའི་གནས་བཞི་བསྒོམ་པར་སྟོན་ཏེ། དེ་ལ་བྱམས་པ་ནི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་རྩེ་བོའི་མཚན་ཉིད་ཙ་མོ།། སྙིང་རྗེ་ནི་སྡུག་བསྔལ་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་སྒྲོལ་བར་འདོད་པའོ།། དགའ ་པ་ནི་བདེ་བ་དེ་ཉིད་ཀྱིས་བརྟན་པར་འདོད་པའོ།། བཏང་སྙོམས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་བཏང་བ་ལགསོ།། དེ་ནས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བས་མུ་བཞི་དང་བྲལ་བར་རྣམ་པར ་བསམ་པར་བྱས་པ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་པའི་སྔགས་བརྗོད་པས་སྔགས་ཀྱི་དོན་མངོན་དུ་བྱས་ཏེ། བདག་ཉིད་དང་ཁམས་གསུམ་པོ་ཡང་སྣང་བ་མེད་པར་བྱའོ།། དེ་ནས་སྨོན་ལམ་གྱི་སྟོབས ་ཀྱིས་བྱར་སྣོང་ལ་ཨ་ཡིག་དམར་པོ་ལས་སྐྱེས་པའི་སྟེང་དུ་ཧཱུཾ་ཡིག་ལས་འོད་ཟེར་ལྔ་སྤོས་ལཱི། དེ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ར་བ་དང་། གུར་དང་། བླ་རཾ་དང་། ས་གཞི་ཡང་ཡོངས ་སུ་བསྒོམ་པར་བྱའོ།། ཡང་དེ་དག་ཐམས་ཅང་བསྒོམ་པར་བྱ་སྟེ་ཕྱི་ནས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་ནི། ཐིག་ལེ་དང་ཡང་དག་པར་ལྡན་པའོ།། དྷཱིཿཡིག་ཅེས་པ་ནི་སེ་རེ་པོའོ།། འཇམ་དཔལ་ཞེས་བྱ་བ་ནི། མགོ། ་པོ་ཞལ་གཅིག་ཕྱག་གཉིས་པ། རལ་གྲི་པོ་ཏི་ཕྱག་ན་བསྣམས།། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་སྟེ།། རྒྱུ་ཡི་རྡོ་རྗེ་འཛིན་བདག་ཉིད།། དེ་ནས་རྒྱུད་ལས་གསུངས་པའི་འཆད་པར་འགྱུར་བའི་རིམ་པས། བདག ་ཉིད་དུར་ཁྱོད་བརྒྱད་ཀྱིས་བརྒྱན་པའི། འབྲས་བུ་ཧེ་རུ་ཀཱའི་གཟུགས་སུ་བྱས་ལ། སྲིད་པ་དང་ཞི་བ་དབྱེར་མེད་པའི་ང་རྒྱལ་དུ་བྱེད་པ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་པའི་སྔགས་བརྗོད་པར་བྱའོ།། དེ་ནས ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་ལ་སོགས་པ་ཡང་བྱིན་གྱིས་བརླབས་པ་བྱས་ལ། རང་སྙིང་ས་བོན་འོད་ཟེར་གྱིས།། སྣ་ཚོགས་སངས་རྒྱས་སིས་བཅས་བཞུགས།། བཀུག་ལ་མདུན་དུ་བལྟས་པ་དང་།། དེ་རྣམ ་ལས་སྤྲོས་ཡང་ནི་གང་།། རྡོ་རྗེ་ཙར་ཙི་ཀ་ལ་སོགས་པས་བུམ་པ་ཟླ་བ་ལྟ་བུ་བདུད་རྩི་རྣམ་ལྔས་བཀང་བ་བཟུང་སྟེ། དེ་རྣམས་ཀྱིས་བདགི་ཉིད་ལ་བཀྲ་ཤིས་ཀྱི་ཚིགསུ་བཅད་པ་དང་ཡང་དག་པར་ལྡན་པས་དབང་བསྐུར་བར་རྣམ་པར ་ལྡན་པས་དབང་བསྐུར་བར་རྣམ་པར་བསམ་པར་བྱའོ།། དབང་བསྐུར་བའི་མཐར།། མི་བསྐྱོད་ཕྱག་རྒྱ་མགོན་པོ་ཡི།། རྩ་བའི་དབུ་ལ་བསྒོམ་པར་བྱ།། སྒེག་པ་ལ་སོགས་རོ་དང་ལྡན།། ཕྱི་རོལ་དུ་ནི་ཁྲོ་བོའི་གཟུགས།། དེ་ནས་སྙིང ་གའི་ས་བོན་གྱིས་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་། མདུན་དུ་བཞག་པར་བྱས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་མཆོད་པ་དབུལ་ལོ།། དེ་ནས་ཨོཾ་མུད་ག་ར་ཛཿཞེས་པའི་སྔགས་ཀྱིས་དགུག་པ ་དང་། ཨོཾ་དཎ་ཌ་ཧཱུཾ་ཞེས་པས་རབ་ཏུ་གཞུག་པ་དང་། ཨོཾ་པདྨ་བཾ་ཞེས་པས་རབ་ཏུ་བཅིང་བ་དང་། ཨོཾ་ཁཌྒ་ཧོཿཞེས་པས་དཔང་དུ་བྱ་བ་དང་། དེ་ནས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་རྡོ་རྗེ་ཙ་རཱ་ཙི་ཀ་ལ་སོགས་པ་རྣམས་ཀྱིས་སྣ་ཚོགས ་ཀྱིས་མཆོད་པའི་རྫས་རྣམས་ཀྱིས་མཁས་པས་མངོན་པར་མཆོད་པར་བྱའོ།། དེ་ནས་བདུད་རྩི་འབར་བ་ལ་སོགས་པའི་ཆོ་གས་བསྒྲུབས་ལ་རྡོ་རྗེ་སྦུ་གུས་དྲང་ཞིང་ལོངས་སྤྱད་པར་བྱའོ།། བདག་ཉིད་ལྷའི་རྣམ་པར་བསྒོམས་ཏེ་དེ་ཉིད་རྣལ ་འབྱོར་རོ།། བདེན་མིན་བརྫུན་པ་མ་ཡིན་ཉིད།། དེ་ནས་རྣམ་དག་ཀྱང་དྲན་བྱ།། ཐོད་པས་ཐོང་བྱས་པ་ཞེས་བྱ་བ་ནི།། ཡེ་ཤེས་རྣམ་པ་ལྔའི་རང་བཞིན་ནོ།། འཇིགས་སུ་རུང་བའི་ཞེས་བྱ་བ་ནི། བདུད་རྣམས་འཇིགས་པར་བྱེད་པས་སོ།། ་ཐོད་པའི་རྒྱན་གྱིས་བརྒྱན་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལས་སྐྱེས་པའི་ཕྱིར་རོ།། ཞབས་བཅུ་དྲུག་ཅེས་པ་ནི། སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པའོ།། གཅེར་བུ་ནི་ཆོས་ཐམས་ཅད་སྒྲིབ་པ་མེད་པར་རྟོགས་པའོ།། མཚན་མ ་གྱེན་དུ་འགྲེང་བ་ནི། བོང་བ་ཆེན་པོའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ།། ཞབས་གཡོན་བརྐྱང་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སོ་སོར་ཁྱབ་པའི་ཕྱིར།། གཏུམ་ཞིང་ཁྲོས་པས་ན། གསུས་པ་ཆེ་བའོ།། སྐྲ་གྱེན་དུ་བརྫེས་པ་ནི། ་མྱ་ངན་ལས་འདས་པའི་གོ་འཕང་སྟོན་པའོ།། ཕེ་ཏོའི་སྒྲ་སྒྲོགས་པ་དང་ལྡན་པ་དང་ལྡན་པ་ནི། མ་རུངས་པ་ལ་སོགས་པ་སྐྲག་པར་བྱེད་པས་ནའོ།། ཕྱག་སུམ་ཅུ་རྩ་བཞི་ནི། བྱང་ཆུབ་ཀྱི་ཕྱོགསུམ་ཅུ་རྩ་བཞིའི་རྣམ་པར་དག་པའོ།། ་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གསུམ་ནི་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས་བསྡུས་པའོ།། ལེགས་པ་དང་མཉམ ་པར་བཞག་ཅེས་པ་ནི། ལུས་ངག་ཡིད་གསུམ་རྣམ་པར་གཡེང་བ་མེད་པའོ།། རྟག་ཏུ་ཞེས་པ་ནི་དུས་གསུམ་དུའོ།། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ཞེས་པ་ནི། བསྒོམ་བྱ་དང་། བསྒོམ་པ་པོ་དང་། བསྒོམ་པ་རྣམས་སུ་མི་དམིགས་པསོ།། ་གྲི་གུག་ནི་མ་རིག་པ་གཅོད་པའོ།། བྷི་ཏི་པ་ལ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འབིགས་པའོ།། གཏུན་ཤིང་ནི་དྲན་པ་ཉམས་པ་འཇོམས་པའོ།། ཆུ་གྲྀ་ནི་སྲེད་པ་གཅོད་པར་བྱེད་པའོ།། རྡོ་རྗེ་རྩེ་གཅིག་པ་ནི་ལུས་ངག ་ཡིད་གསུམ་གྱི་ཉེས་པ་འཇོམས་པའོ།། སྟ་རེ་ནི་སེམས་ཀྱི་སྲ་བའི་བག་ཆགས་འཇོམས་པའོ།། མདུང་ནི་ལྔ་བ་ངན་པ་འབིགས་པའོ།། མདའ་ནི་ཤིན་ཏུ་རྨོངས་པའི་ཟུག་རྔུ་འབིགས་པའོ།། ལྕགས་ཀྱུ་ནི་འགུགས་པར་བྱེད་པའོ ་བཾ་དབྱུག་ནི་ལུས་ཀྱི་སྒྲིབ་པ་འཇོམས་པའོ།། ཁ་ཙཱ་ག་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།། འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་སོ།། རྡོ་རྗེ་ནི་རོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ལྔའི་བདག་ཉིད་དོ།། ཐོ་བ་ན་སེར་སྣ ་འཇོམས་པའོ།། རལ་གྲོ། ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་སྟེར་བའོ།། ཅང་ཏེའུ་ནི་མཆོག་ཏུ་དགའ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྲུལ་བར་བྱེད་པའོ།། ཐོད་པ་ཁྲག་གིས་གང་བ་ནི། དམ་ཚིག་སྐྱོང་བས་ནའི། ་བྲམ་ཟེའི་མགོ་བོ་ནི་ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པས་ནའོ།། ཕུག་ནི་བདུད་ལས་རྣམ་པར་རྒྱལ་བས་ནའོ།། རྐང་པ་ནི་སངས་རྒྱས་ཀྱི་སྐུའི་གོ་འཕང་སྟེར་བས་ནའོ།། ཞགས་པ་ནི་ཡང་དག་པའི་ཡེ་ཤེས་སུ་འཆིང་བའོ།། ་གི་ནུ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའོ།། རྒྱུ་མས་ནི་སྟོང་པ་ཉིད་ཀྱི་སྙིང་པོ་སོ་སོར་རྟོགས་པའོ།། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ།། ལག་པ་ནི་འཕྲིན་ལས་ཐམས་ཅད་མཛད་པས་ནའོ།། དུར་ཁྲོད་ཀྱི ་རས་ནི་ཆོས་ཐམས་ཅད་བདག་མེད་པ་ལ་མ་རིག་པའི་སྒྲིབ་ཕྱོགས་སེལ་བའོ།། གསལ་ཤིང་ལ་གཙུགས་ཞེས་པ་ནི། དངོས་པོ་ཐམས་ཅད་སྟོང་པ་ཉིད་ལ་བཙུགས་པ་ཞེས་སོ་སོར་རྟོགས་པའི་ཕྱིར།། མི་ཐབ་ཅེས ་པ་ནི་ཆོས་ཐམས་ཅད་འོད་གསལ་བར་སྟོན་པས་ནའོ།། ཟོད་ཚལ་ནི་སྙིང་རྗེའི་བདུད་རྩིས་གང་བའོ།། སྡིགས་མཛུབ་ནི་བདུད་རྣམས་བསྡིགས་པར་མཛད་པའོ།། འཕན་རྩེ་གསུམ་ནི་ལུས་ངག་ཡིད་གསུམ་རང་བཞིན ་གྷཅིག་ཏུ་རྟོགས་པའོ།། རླུང་གི་རས་ནི་ཆོས་ཐམས་ཅད་སྒྱུ་མར་སྟོན་པའོ།། གླང་པོའི་པགས་པ་ཞེས་པ་ནཱི་གཏི་མུག་གླང་པོའི་འོ།། གཡས་པའི་ཞབས་ཀྱིས། མི་ལ་སོགས་པས་བརྒྱད་པོ་ནི་དངོས་གྲུབ་ཆེན་པོ་བརྒྱད ་པོའི་དག་པས་སོ།། གཡོན་པའི་ཞབས་བརྒྱད་ཀྱིས། བྱ་རྒྱད་ལ་སོགས་པ་བརྒྱད་ནི། དབང་ཕྱུག་བརྒྱད་ཀྱིས་དག་པས་སོ།། ཞལ་དགུ་པོ་འདི་ལྟ་བུས་ནི། ཡན་ལག་དགུའི་ཆོས་སྟོན་པས་སེམས་ཡོངས་སུ་སྨྱིན ་པས་ནའོ།། མཱ་ཧེའི་གདོང་ནི་ཁམས་གསུམ་གྱིས་བདག་པོས་ནའོ།། རྭ་གཉིས་ནི་བདེན་པ་གཉིས་ནའོ།། ཕྱག་རྒྱ་ལྔ་རྣམས་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ།། སངས་རྒྱས་ཀྱི་སམ ་ཅན་རྣམས་མཆོད་པར་བྱེད་པས་ན། སྟེང་གི་ཞལ་དམར་པོ་འདི་ལྟ་བུ་ཁྲག་འཛག་པའོ།། ཞལ་དགུ་པ་སེར་བ་ནི་འཇམ་དཔལ་གྱི་སྤྲུལ་པ་སྟོན་པས་ནའོ།། བྱིས་པའི་རྒྱན་གྱིས་བརྒྱན་པ་ནའོ།། གཞོན་ནུའི་གཟུགས་ཀྱི ་ཕྱིར་ནའོ།། སྤྱི་བོར་རལ་པ་ལྔ་དང་ལྡན་པ་ནི། མངོན་པར་བྱང་ཆུབ་པ་ལྔའི་དག་པའོ།། སྤྱན་གསུམ་ནི་དུས་གསུམ་སྟོན་པའོ།། དེ་ལྟར་བལྟས་ཏེ་བདག་ཉིད་ནི། ལྷའི་བདག་ཉིད་དེར་གཏད་ནས། སྔགས་བཟླས་དེ་ཚེ་རྣལ ་འབྱོར་པ།། ཡིད་ནི་ཇི་ལྟར་མི་བསྐྱོ་བར་རོ།། གང་ཡང་རུང་པོའི་སྔགས་ཀྱི་ཡི་གེ་ཉིད་བརྗོད་པ་སྟེ། དེ་ཡང་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཡས་སྐོར་དུ་མཎྜལ་གྱི་རྣམ་པར་བལྟས་ལ། སྣ་བུག་ནས ་འབྱུང་བའི་རླུང་སྤྲོས་པའི་གཟུགས་ཀྱིས་འགྲོ་བའི་དོན་བྱས་ནས། ཡང་བསྡུས་ཏེ་སྣ་བུག་ནས་འཇུག་པའི་རླུང་གིས་རབ་ཏུ་ཞུགས་ཏེ་དེ་ཉིད་དུ་གནས་པར་རོ།། དེ་ལྟར་ཡང་དང་ཡང་མི་སྐྱོའོ་བར་དུ་ཚིག་ཉིད་ཀྱིས་བཟླས་པ ་དེ་དག་ནི་བཟླས་པའོ།། དེ་སྐྱོ་བར་གྱུར་ན། ཆོ་ག་ཇི་ལྟ་བར་གཏོར་མ་བྱིན་ལི། ཡེ་ཤེས་སེམས་དཔའ་གཤེགས་སུ་གསིལ་ཏེ། ལྷའི་རྣལ་འབྱོར་དུ་གནས་པར་བྱའོ།། དེ་དག་ནི་རྡོ་རྗེ་འཇིགས་བྱེང་རྣལ་འབྱོར་གྱི་རྒྱུད་ལས ་བསྒྲུབ་པའི་རྟོག་པ་སྟེ་བཞི་པའི་བཤད་པའོ།། །། དེ་ལྟར་བསྒོམ་པ་གསལ་བའི་དོན་དུ།། དེ་ནས་ཞེས་པ་བྲིས་སྐུའི་ཆོ་གའི་རྟོག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། རྣམ་པར་རྟོག་པ ་མེད་པ་ཅན་ཞེས་པ་ནི། དེ་ཁོ་ན་ཉིད་ཤེས་པའོ།། རི་མོ་མཁན་བཟང་པོ་ཞེས་པ་ནི། དམ་ཚིག་བསྟེན་པའོ།། རྩ་བ་ཞེས་པ་ནི་ཏིང་འཛིན་གྱིས་བསྒྲུབ་པའི་སེམས་སོ།། བསྒྲུབས་པས་ཤེས་པ་ནི་རི་མོའི་ལས་ཀྱིས་སོ།། དཔའ་བོའི ་རིམ་པ་ཞེས་པ་ནི། ཆུང་དང་ཤ་ལ་ཉེ་བར་ལོངས་སྤྱོད་པས། དགའ་བའི་སེམས་ཀྱིས་སོ།། གླེགས་བམ་ལ་ལར་ནི། དཔའ་བོའི་ཚོང་ཞེས་པའི་ཚིག། དེ་ལ་རི་མོ་མཁྱེན་འདོད་པ་དེ་བྱིན་ལ། བྲི་བར་བྱ་ནས་འབྲེལ་ཏོ།། ལྷག ་མ་ནི་གོ་སླའོ།། དུང་ཆེན་གྱི་ཕྲེང་བ་ཞེས་པ་ནི། དུང་ཆེན་གྱི་ཕྲེང་བ་དེ་རྣམས་དག་པར་བྱ་སྟེ། དེ་ལ་རྣམ་པར་དག་པའི་མན་ངག་ནི་འདི་ཡིན་ཏེ། རྡོག་མ་རེ་རེ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི ་ངོ་བོར་བལྟའོ།། ཡིད་ན་མོའི་མགོའི་ཁྲག་འཛགས་པའི་ངོ་བོར་བསམས་ཏེ། སྔགས་བཟླས་ཞེས་པ་འབྲེལ་ཏོ།། དེ་དག་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་ལྔ་པའི་བཤད་པའོ།། ། ་སྦྱིན་སྲེག་ལས་ནི་འདོད་རྣམས་ཀྱི།། སེམས་ཅན་རྣམས་ལ་ཆོ་ག་མཆོག། རྡོ་རྗེ་སེམས་དཔའ་བསྟན་པ་སྟེ།། ལས་རྣམས་ཐམས་ཅད་རབ་འགྲུབ་པའོ།། སྦྱིནི་སྲེག་ལས་ཀྱི་ཆོ་ག་ཞེས་པ་ནི་གོ་སླའོ།། གང་གིས་གསད་པར ་འདོད་ན་ཞེས་པ་ནི། གླང་ཚེ་རྣལ་འབྱོར་པས་གསང་བར་འདོད་པ་དེའི་ཚེ་དུར་ཁྲོད་དུ་སོང་ལ། གསུངས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས། དུར་ཁྲོད་ཀྱི་མེ་ལ་འབད་པར་འགྱུར་བའི་རིམ་པས། ་མེ་ལ་སོགས་པའི་ཞལ་དུ་གསུངས་པའི་རྫས་ཀྱི་སྦྱིན་སྲེག་བྱའོ།། ཡང་ན་བཅུ་བཞི་ལ་ཁྱིམ་དུ་གནས་པ་དང་། དབེན་པ་བྱས་ལ། ཐབ་ཁུང་གྲུ་གསུམ་དམར་པོ།། སོར་ཉི་ཤུའི་ཚང་ལ་ཟབས་སོར་ལྔ་གཉིས་པ་རྡོ་རྗེ་ཕྲེང་བས ་བརྒྱན་པར་བྱའོ།། དེར་དུར་ཁྲོད་ཀྱི་མེ་འམ་གཏུམ་པོའི་མེའི་དབུས་སུ་པཾ་ཡིག་ལས་སྐྱེས་པ་སྣ་ཚོགས་པདྨའི་སྟེང་དུ། མེ་ཉིད་གྲུ་གསུམ་གྱི་དབུས་སུ་རཾ་ལས་སྐྱེས་པའི་མེ་ལྷོ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པའོ།། ་གཡས་པའི་ཕྱག་ན་བགྲང་ཕྲེང་དང་གཞན་མི་འཇིགས་པའོ།། གཡོན་པ་ནི་དབྱུ་གུ་གསུམ་པ་འཛིན་པ་དང་། ལྷག་མ་གཉིས་གྲི་གུག་འཛིན་པའོ།། ཞབས་གཡོན་བརྐྱང་བར་གནས་པའི་ཁྲོ་བོའི་རྒྱན་གྱིས་རྣམ་པར་བརྒྱན་པའི ་དྱའི་སྙིང་གར་རྀ་གྱི་ས་བོན་གནས་པ། དེ་ནས་ཡེ་ཤེས་ཀྱི་མེ་ལྷ་དགུག་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས། དམ་ཚིག་ལ་རབ་ཏུ་བཅུག་སྟེ། མཆོད་པ་ལ་སོགས་པ་བྱའོ།། དེའི་ཁ་རུ་ར་བཀོད་ལ ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཅུང་ཟད་བསྲེག་པར་བྱའོ།། ཕྱི་ནས་དེའི་སྙིང་གར་གསུངས་པའི་ཚུལ་གྱིས་རྡོ་འི་ཁྱེད་གསུངས་པའི་རིམ་པས་བསམས་ཏེ། མིག་ལ་སོགས་པ་བྱིན་གྱིས་རློབ་པ་སྔོན་དུ་འགྲོ་བ ་ཅན་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱ་ཞིང་། མཆོད་པ་ལ་སོགས་པ་བྱའོ།། དེའི་ཁར་ཡང་རེ་བ་བསམས་ལ་རང་ཡང་རྡོ་རྗེ་འཇིགས་བྱེད་ནག་པོའི་རྣལ་འབྱོར་གྱི་བདག་ཉིད་རྫས་དེ་དག་གིས་སྦྱིན་སྲེག་བྱ་བ་སྟེ། ་གསུངས་པར་འགྱུར་བས་སོ།། གསད་པ་དང་། བསྐད་པ་དང་། དབྱེ་བ་ལ་སོགས་མངོན་སྤྱོད་ཀྱི་ལས་ལ་ནི་ཁྱད་པར་འདི་ཡིན་ཏེ། བཅུ་བཞི་དང་ཁྲོས་པའི་སེམས་སོ།། ཇི་ལྟར་གསང་པའི་ཐབས་སུ་དེ་བཞིནི་དུ། དོ་བྱེ་བ། ་ལ་ཡང་ངོ་།། དེ་ནས་བསྐྱེད་པར་འདོད་པ་ཞེས་པ་ནི། གང་གི་ཚེ་བསྐྱོད་པར་འདོད་པ་དེའི་ཚེ། ཐབ་ཁུང་སྔོན་པོ་ཁྲུ་དྲོའི་ཚིང་ལས་ཟབས་སུ་ཁྲུ་གང་ཙམ་གཞུའི་རྣམ་པ་རྡོ་རྗེའི་ཕྲེང་བས་བརྒྱན་པའོ།། དེར་གསུངས་པའི་རོ་མ ་པས་ཐམས་ཅད་བྱས་ཏེ། བསྲེགས་པར་བྱ་ཞེས་བྱའོ།། ཡང་ན་ཞི་བར་བྱེད་པར་འདོད་ན། ཞེས་བྱ་ན་ནི། དེའི་རང་དེ་ཞིན་གྱི་ངོ་བོ་ཆས་གཅིག་ལ་ཐབ་ཁུང་བྱ་བ་ཡང་ཟླུམ་ཞིང་དེ།། ར་བ་ཁྲུ་ཕྱེད་པའོ།། འཁོར་ལོས་བརྒྱན་པ ་ཞི་བར་འདོད་པ་ཞེས་པ་ནི། ཞི་བ་སྟེ་དགེ་བའི་སེམས་ཀྱིས་སོ།། རྡོ་རྗེ་འཇིགས་བྱེད་དཀར་པོའི་རྣལ་འབྱོར་གྱིས། མེ་ཐབ་ནི་སྔར་བཞིན་དུ་ཐམས་ཅད་བྱས་ལོ། གསུངས་པའི་སྲེག་རྫས་ཀྱིས་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་བའོ།། ་དེའི་ཚེ་རྒྱས་པའི་ཐབ་ཁུང་ནི། གྲུ་བཞི་སེར་པོ་ཁྲུ་དོའི་ཚད་ལ་ཟབས་སུ་ཁྱུ་གང་བའི་རིན་པོ་ཆེའི་ཕྲེང་པོས་ཡོངས་སུ་བརྒྱན་པའོ།། དེ་སྦྱང་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་འཇིགས་བྱེད་སེར་པོའི་རྣལ་འབྱོར་གྱིས་ཁ་བྱང་དུ ་བལྟས་ཏེ། ཟླ་བ་ཉ་ལ་རྒྱས་པའི་སེམས་ཀྱིས་སྦྱིན་སྲེག་བྱས་ན་རྒྱས་པར་འགྱུར་རོ།། དེ་ནས་དགུག་པར་འདོད་ན་གང་གི་ཚེ། དགུག་པར་འདོད་པ་དེའི་ཚེ། ཚེསྣ་བརྒྱད་ལ་ཐབ་ཁུང་སྔར་བཞིན་དུ་རླུང ་རྣམ་པ་བྱས་ཏེ། ཐམས་ཅད་སྔར་བཞིན་དུ་བྱས་ལ། རྡོ་རྗེ་འཇིགས་བྱེད་དམར་པོའི་རྣལ་འབྱོར་གྱིས། ཆགས་པའི་སེམས་དང་ལྡན་པས་ཁ་ནུབ་ཏུ་བལྟས་ཏེ། གསུངས་པའི་སྲེག་རྫས་ཀྱིས་སྦྱིན་སྲེག་བྱས་ན་ཐེ་ཚོམ་མེད་པར ་འགུགས་པར་བྱེའོ།། ཇི་ལྟར་འགུགས་པར་བྱེད་དོ།། ཇི་ལྟར་འགུགོས་པར་བྱེད་པ་དེ་བཞིན་དུ་དབང་ལ་ཡང་ངོ་།། དེ་དག་ནི་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་དྲུག་པའི་བཤད་པའོ།། ། ་གང་གི་ཚེ་སྔགོས་པས་བསམ་གཏན་སྔགས་བཟླས་བྱས་པས་དུབ་པ་ན། དེ་ལ་ཕན་ཕྱིར་ཀུན་མཁྱེན་གྱིས།། རྟོག་པ་བདུན་པ་བསྟན་པའོ།། དེ་ནས་ཞེས་བྱ་བ་ནི་གོ་སླའོ།། གལ་ཏེ་སྔགས་པས་གསོད་པར་འདོད་པ་དེའི་ཚེ ་བདག་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་དུ་དམིགས་ལྀ། རང་གི་སྙིང་གའི་ཉི་མའི་ས་བོན་ལས་བྱུང་བའི་ཁྲོ་བོ་དུ་མའི་ཚོགས་ཀྱིས་བསྐོར་བཱི་སྤྲུལ་པའི་གཊཌཱ་ཀྱིས་སོང་སྟེ། བསྒྲུབ་བྱའི་སྙིང་ལ་རབ་ཏུ་ཞུགས་ནས་དེ་དག་བྱིན་གྱིས ་རློབ་པའི་ལྷ་རྣམས་ཡང་དག་པར་མཆོད་ནས་གསོལ་བ་གདབ་སྟེ། འདི་ནི་འདི་ལྟ་བུའི་ལས་བྱེད་པས་ན། གདོན་མི་ཟ་བ་ཉིད་དུ་དམྱལ་བར་འགྲོའོ།། དེའི་ཕྱིར་འདི་ནི་ཁྱེད་རྣམས་ཀྱིས།། ཡོངས་སུ་བཏབ་ལ་བྱོན་འཚལོ།། ་དེ་ནས་དེ་དག་དང་བཅས་པའི་བསྲུང་བ་ཁྱེར་ནས་རང་གི་གནས་སུ་འོངས་ཏེ། མཆོད་ཡོན་ལ་སོགས་པ་བྱིན་ལ། རང་གི་ཁའི་ལམ་དུ་ཞུགས་ནས། རང་གི་སྙིང་གར་བཀོད་པས་མཉེས་ཏེ་གནས་པར་བྱའོ།། བསྲུང་བའི་ལྷ ་རྣམས་ནི་ཁྲོ་བོ་རྣམས་ཀྱིས་ཁྱེར་ཏེ་ན་མཁའ་ལ་གཤེགསོ།། དེ་ནས་སྟོང་པའི་ལུས་སུ་མཐོང་བའི་བསྒྲུབ་བྱ་དེ་ལ་ལས་བྱའོ།། དཔག་ཚད་བརྒྱར་གནས་པའི་སྐྱེ་བོའི་གཟུགས་ཅན་བཟུང་སྟེ་ཞེས་བྱ་བ་ནི། ལོ་དང་། མདོག་དང་། ་མཚན་མ་དང་། གཟུགས་རྣམས་ཤེས་པར་བྱས་ལ། བསམ་གཏན་བརྩམ་པར་བྱའོ་ཞེས་པར་འབྲེལ་ཏོ།། ལགཽ་ན་ལྕགས་ཀྱུ་ཞགས་པ་ཞེས་བྱ་བ་ནི། ལྕགས་ཀྱུ་དང་ཞགས་པ་འཛིན་པའོ།། གཤིན་རྗེ་གཤེད་ཀྱི ་གཟུགས་ཞེས་པ་ནི། ཕྱག་གཉིས་པ། ཞལ་གཅིག་པ་སྟེ། པདྨ་གཱ་ཤིན་རྗེ་གཤེད་ཀྱི་གཟུགས་སོ།། མ་ཧེའི་གདོང་གི་རྣལ་འབྱོར་དང་ལྡན་པསོ།། པདྨ་འདབ་མ་བརྒྱད་པ་ཞེས་པ་ནི། པདྨ་འདབ་མ་བརྒྱད་པ་དཀར ་པོ་སྟེ། དེའི་ཟེ་འབྲུ་ལ་ཧྲཱིཿཡིག་དཀར་པོ་བདུད་རྩི་འཛག་པའོ།། དེའི་འདབ་བརྒྱད་པ་རྣམས་ལ་ནི་ཨ་ཡིག་དཀར་པོ་བརྒྱད་རྣམས་སོ།། མགོ་ལ་ཨ་དང་ཨ་ཡིག་རྣམས་ཞེས་པ་ནཾ། ཨ་ཡིག་ཡོངས་སུ་གྱུར ་པའི་ཟླ་བའི་དཀྱིལ་འཁོར་ལ། ཨ་ཡིག་གནས་ཞེས་བྱ་བར་འབྲེལ་ཏོ།། དེ་དག་ནི་དཔལ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་རྒྱུད་ལས་རྟོག་པ་བདུན་པའི་བཤད་པའོ།། །། རྡོ་རྗེ་འཇིགས་བྱེད་རྒྱུད་ལས ་ནི། མདོ་མདོར་བཤད་པ་གསལ་བར་བྱས་པ་ཡི།། བདུག་གིས་བསོད་ནམས་གང་ཐོབ་པ།། དེ་ཡིས་འགྲོ་རྣམས་རྒྱལ་བར་ཤོག། དཔལ་རྡོ་རྗེ་འཇིགས་བྱེད་རྣལ་འབྱོར་གྱི་སྐབས་མདོ་མདོར་བཤ ་པ་རྫོགས་སོ།། ། སློབ་དཔོན་དཔལ་འཛིན་གྱི་རྗེས་སུ་འབྲངས་པའི་སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གྲུབ་པས་མཛད་པ་རྫོགས་སོ།། ། རྒྱུ་གོར་སྐད་དུ། བཛྲཱ་བྷཻ་ར་བ་ཏནྡྷ་པཉྩི་ཀཱ། ་