| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་རཱ་བ་ཏནྟྲ་ཊཱི་ཀཱ་ཁོད་སྐབུ། དཔལ་རྡོ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། བླ་མའི་ཞབས ་ལ་དད་པས་བཏུང་ནས་ནི།། དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྟོག་པ་འདིར།། མན་ངག་གང་ཡོད་བདག་ཉིད་དྲན་ཕྱིར་ནི།། དཀའ་བའི་གནས་ཙམ་བྱེ་དག་གིས་བྲི་བར་བྱ།། བླ་མ་ནཱ་ཚིག་རྣམས་ལེགས་པར་ཡུན་རིང ་དུས་སུ་དཀའ་བས་མཉེས་བྱེད་མི་ནུས་པ། དབུལ་པོས་གཏེར་ཆེན་པོ་ཤེས་བརྐོ་བའི་བྱ་བས་ངལ་ཏེ་ཡོངས་སུ་དོར་བ་བཞིན།། དེ་ལྟར་དབུལ་པོ་འདྲ་བའི་བློ་ངན་རང་ལ་འ་ཚེ་བོ་དེ་ལ་ལུང་གི་ཚོགས།། ལེགས་བསྲུབས་ལས ་བྱུང་མར་གྱི་སྙིང་ཁུ་ལྟ་བུ་རྣོར་ཡང་བླུང་མི་བྱཱ།། ཇི་ལྟར་ཞག་གཱི་རཱིམྦྷ་པ་སྟྲ་ཟླ་བིའི་ཆ་ཤས་འཕེལ་ཞིང་བཅོ་ལྔར་མཐར་ཐུག་པ།། བཅུ་དྲུག་ནས་བརྩམས་འབྲི་ཞིང་འཕེལ་མད་མཁས་པའི་འགྲོ་བའི་ཤེས་པ ་མངོན་སུམ་ལྟར།། ཡུན་རིངས་བསྙེན་བཀུར་དུས་སུ་དེ་ཡི་སྣོང་ནི་རིམ་གྱིས་བླ་མས་སྦྱར་བྱས་ཏེ།། དང་བརྟན་བསྙེན་བཀུར་བྱས་ལ་བླ་མ་དྲིས་སུ་བྱིན་གྱིས་མ་བརླབས་དེ་ཉམས་འགྱུར།། དེ་ཕྱིར་སློབ་མ་བློ ་གྲོས་དམན་པ་འགྲུས་པར་གནས་ལ་བདག་གིས་ཡིད་དགའ་བས། རྟོག་པ་འདི་ལས་ཆུང་ཟང་སྙིང་པོ་སྤྱིར་ཕྱིར་རབ་ཏུ་བསྡུས་པའི་གཞུང་འདི་དགོ་།། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ལེའུ་བདུན་དུ་བྱས ་པའི་རྟོག་པ་འདི་ནི། ལེའུའི་གྲངས་ཀྱི་གོ་རིམས་དང་། བསྡུས་པའི་དོན་དང་། མན་ངག་གི་གནས་བཤད་པ་སྟེ། ཡན་ལག་གསུམ་གྱིས་འཆང་།། དེ་ཡང་བསྙེན་པ་དང་། སྒྲུབ་པ་དང་། ལས་རབ ་འབྱམས་ངག་ནི་དབང་བསྐུར་བའི་སྔགས་པས་བྱ་བ་ཡིན་ལ། ལས་དང་པོ་པའི་སྔགས་པས་ནི་ཕལ་ཆེར་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་རིགས་པས། དང་པོ་ཚིག་ཟུར་གྱིས། དབང་བསྟན་པ་དཀྱིལ་འཁོར་གྱི ་ལེའུ་གསུངས་སོ།། དབང་བསྐུར་བའི་སྔགས་པས་ནི་བསྒོམས་པའམ་བཟླས་པས་བསྙེན་པ་བྱེད་པས་ན་དེ་ནས་ནི་ལེའུ་བཞི་པ་གསུངས་པ་དྲང་ངོ་།། བསྒོམ་པ་ཡང་རི་མོའི་དམིགས་པ་ལྔ་བརྟེན་པར་རིགས་པས་ན་དེ ་ནས་ལེའུ་ལྔ་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེ་དེ་བཞིནོ་གཤེགས་པ་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས ་ནས་ཕྱག་ནི་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབས་པ་དམིག། ས་པ་གང་གིས་གསང་སྔགས་འཆང་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར། ་ཞིང་། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྔ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཚོགས་རྣམས་ཀྱི་ཏིང་ངེ་འཛིན་གསང་ཆེན་བཤད་པར་བྱ་ཡིས་ཉོན་ཅིག ་གསུངས་པ་ལྟ་བུའོ།། དེ་ལྟར་རི་མོ་ལ་བརྟན་ནས་ངམིགས་པ་ཐོབ་པ་དེ་ནི་ཏིང་ངེ་འཛིན་གྱི་ལས་རྣམས་བང་ནུས་པར་འགྱུར་བས་བསམ་གཏན་ལ་བརྟན་པའི་ལས་ཀྱི་སྦྱོར་བའི་ལེའུ་བདུན་པ་གསུངསོ།། གལ ་ཏེ་བཟླས་བརྗོད་ཀྱི་བསྙེན་པ་བྱས་ཀྱང་། ཏིང་ངེ་འཛིན་མ་ཐོབ་པ་སྲིད་པས་དེ་དག་གི་ཆེད་དུ་ནི་བཟླས་བརྗོད་ལོས་བྱུང་བའི་སྦྱིན་སྲེག་གི་བྱ་བ་བསྟན་ཏོ།། གལ་ཏེ་སྦྱིན་སྲེག་གི་ལས་ལ་ཡིད་མི་དགའ་བ་འམ ་ཚོགས་པ་མི་རྙིད་པ་དག་གི་ཕྱིར་ལེའུ་གཉིས་པ་འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ།། གལ་ཏེ་བསྙེན་པ་བྱས་པའི་སྔགས་པ་ལས་ཕྲན་ཚེགས་དེ་དག་ལ་མི་མོས་ཀྱི། མཆོག་གྲུབ་པར་འདོད་པ་དེ་དག་ལ་ནི་ཡང ་ལེའུ་དང་པོའི་མཆོག་བསྒྲུབ་པོ་བསྟན་ཏོ།། དེ་ལྔར་བསྙེན་པ་དང་སྒྲུབ་པ་དང་། ལུས་རབ་འབྱམས་ཐམས་ཅང་དུ་དགོས་པ་ནི་སྔགསྡེ་ཡིན་ལ་སྔགས་དེ་ཡང་། མ་དག་པས་ནི་དངོས་གྲུབ་མི་བྱེད་དེ།། ཆོ་ག ་ཉམས་ཤིང་ཡི་གེ་གུག་སྐྱེད་ཉམས།། མཆོད་པ་མེད་ཅིང་མི་ག་ཙང་བཟླས་བརྗོད་བྱས།། གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི།། གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ་ཞེས་གསུངས་ཏེ། དེ་བས་ན ་སྔགས་དག་པར་བྱེད་པའི་ཡི་གེ་བཏུ་བའི་ལེའུ་གསུམ་པ་གསུངས་ཏེ། འདི་ནི་ལེའུ་གྲངས་བདུན་གྱི་གེ་རི་མོས་དང་མཚམས་སྦྱར་བ་མན་ངག་གིས་གསུངས་པའོ།། གཞན་ཡང་སྒྲུབ་པ་པོ་མཆོག་གི་ཕྱིར་ནི་དངོས་གྲུབ ་དམ་པ་སྒྲུབ་པའི་ལེའུ་དང་པོ་གསུངས་སོ།། དེས་དངོས་གྲུབ་མཆོག་གྲུབ་ན་ལས་ཕྲ་མོ་འཇུག་སྟེ། འདི་ཉིད་ལས་གལ་ཏེ་སྔགས་པས་གྲུབ་པར་མ་གྱུར་ན་ཡང་ལས་ཕྲ་མོ་ཐམས་ཅད་ངེས་པར་འགྲུབ ་པོ་ཞེས་གསུངས་ཏེ། དེའི་ཕྱིར་ལེའུ་གཉིས་པ་གསུངསོ།། ལེའུ་གཉིས་པའི་ལས་དག་ཀྱང་གསང་སྔགས་དག་པ་ལ་བརྟེན་པ་ཡིན་པས་ན་གསང་སྔགས་དགེ་པའི་ལེའུ་གསུམ་པ་གསུང་སོ།། དག་པའི་སྔགས་དེ་ཡང་བསྒོམ་པ་དང ་ལྡན་པས་བཟླས་པར་བྱ་བ་ཡིན་པས་ན་ལེའུ་བན་པ་བསྒོམ་པ་གསུངསོ།། བསྒོམ་པ་ཡང་བྲིས་སྐུ་ལ་དམིགས་པར་རིགས་པས་ན། ལེའུ་ལྔ་པ་བྲིས་སྐུའི་ཆོ་ག་གསུངསོ།། བྲིས་སྐུ་ལས་དམིགས་པ་ཐོབ་པ་དེ་ནི་ཕྱི་དང་ནང་གི ་ལས་རབ་འབྱམ་ལ་དབང་དུ་གྱུར་པས་ན། སྦྱིན་སྲེག་དང་བསམ་གཏན་གྱི་ལས་ཀྱི་ལེའུ་ངག་གསུངསོ།། དེ་བཞིན་དུ་གོ་རིམས་ངེས་པ་དང་མཚམས་སྦྱར་བ་ནི། རྣམ་པ་དུ་མར་རང་གི་བློ་གྲོས་དྲི་མ་མེད་པས་ཤེས་པར་བྱ། ་ཡང་རུང་ཞེས་གསུངསོ།། ཡན་ལག་དང་པོ་མངོན་པར་བརྗོད་པའོ།། གཉིས་པ་ནི་ཇི་ལྟར་ལེའུ་བདུན་པོ་དེ་དག་ལས་ལེའུ་གྲངས་དང་པོས་ནི། སྡུད་པ་པོ་གཞུང་ཡང་དག་པར་བསྡུ་བའི་དམིགསུ་གང་ཡིན་པ་ཆེ་བའི ་བདག་ཉིད་དང་བཅས་པར་བསྟན་པ་དང་། གནས་ཀྱི་ཚུལ་དང་སྔགས་པའི་ཁྱད་པར་དང་། ལས་རབ་འབྱས་དང་། སློབ་དཔོན་གྱི་ཚུལ་དང་། དཀྱིལ་འཁོར་གྱི་བདག་ཉིད་ཆེ་བ་དང་། མཆོད་པ་དང་། ཉེ་བར ་སྤྱད་པའི་ཡོ་བྱད་དང་། སྒྲུབ་པ་པོ་བསྒྲུབ་ཅིང་མཆོད་པ་དང་། བསྒྲུབ་པའི་ཚུལ་དང་། དངོས་གྲུབ་བླང་བ་དང་། དངོས་གྲུབ་ཆེན་པོ་མ་གྲུབ་ན་ཡང་། ཕྲ་མོ་འགྲུབ་པར་འགྱུར་བ་རྣམས་བསྟན་པའོ།། ལེའུ་གཉིས་པ་ལས་ནི་ལེའུའི་མཚམ ་སྦྱོར་བ་དང་། གསྲང་པོའི་ལས་རྣམ་པ་དྲུག་དང་། བསྐྲད་པའི་ལས་རྣམ་ལྔ་དང་། དབྱེ་བའི་ལས་རྣམ་པ་བཞི་དང་། རིམས་ཀྱིས་གཟུང་བ་དང་། རངས་པར་བྱ་བ་དང་། མནན་པ་དང་། དབང་དུ་བྱ་བ་དང་། དགུག་པ་དང་། སྨྱོ ་བོར་བྱ་བ་དང་། བུ་མོ་དབང་དུ་བྱ་བ་དང་། ཞི་བའི་བྱ་བ་མདོར་བསྟན་པ་དང་། འཁྲུལ་འཁོར་སྦ་བའི་གནས་དང་། སྦྱོར་བ་དགྲོལ་བ་དང་། ལས་དེ་དག་གི་བྱ་བ་གསལ་བར་བྱེད་པ་རྣམས་བསྟན་པ་ཡིནོ།། ལེའུ་གསུམ་པ་ལས ་ནི། རྩ་བའི་སྔགས་བཏུ་བ་དང་། ལས་ཀྱེ་སྔགས་བརྐོ་བ་དང་། སྙིང་པོའི་སྔགས་བཏཱི་བ་དང་། དེ་དག་གི་བཟླས་པའི་ཚད་དང་། ཡི་གེ་བཏུ་པའི་དམ་ཚིག་རྣམས་བཏུ་བ་རྣམས་བསྟན་ཏོ།། ལེའུ་བཞི་པ་ལྔས་ནི། ལེའུ་མཚམས ་སྦྱར་བ་དང་། བཅས་ཏེ་མངོན་དུ་བྱ་བ་རྣམས་བསྟན་པ་དང་། གང་ན་བསམ་པ་དང་། རྒྱུའི་ལྷ་བསྐྱེད་པ་དང་། འབྲས་བུའི་ལྷ་བསྐྱེད་པ་དང་། འབྲས་བུའི་ལྷ་དོའི་གཟུགས་ལ་སོགས་པའི་མཚན་ཉིད་དང་། བསྙེན་པའི ་གོནས་དང་། བཟླས་པ་ལ་སོགས་པའི་མཐུ་དང་། གནས་དང་ཁ་ཟས་དང་། ལས་གྲུབ་པའི་རྒྱུ་རྣམས་བསྟན་ཏོ།། ལེའུ་ལྔ་པ་ལས་ནི། ལེའུ་མཚམས་སྦྱར་བ་དང་། བྲིས་སྐུའི་རས་དང་། འབྲི་མཁན་དང་། ཡོན་དབུལ་བ ་དང་། གནས་དང་། མི་གཡེང་བར་བྱ་ཞིང་གསུང་བ་དང་། རི་མོ་ཇི་ལྟ་བར་བྲི་བ་དང་། བྲིས་སྐུ་དབེན་པར་མཆོད་པ་དང་། སྐུའི་སྤྱན་སྔར་བསྙེན་པ་བྱ་བ་དང་། ཕྲེང་བའི་མཚན་ཉིད་དང་། ཐུན་མཚམས་ངེས་པ ་དང་། བྲིས་སྐུ་སྦ་བ་དང་། ཁ་ཟས་ཀྱི་ཚུལ་དང་། བདུག་སྤོས་དང་ཆོ་ག་དེ་དག་གིས་མཆོག་འགྲུབ་པར་འགྱུར་པ་རྣམས་བསྟན་ཏོ།། ལེའུ་དྲག་པ་ལས་ནི། ལེའུའི་མཚམས་སྦྱར་བ་དང་། སྤྱིར་སྦྱར་བའི་ཆོ་ག་དང་། བསད ་པའི་ལས་གཉིས་དང་། དབྱེ་བ་དག་དང་། བསྐྲད་པའི་བཞི་དང་། མནན་པ་དང་། ལས་ཀྱི་དམ་ཚིག་དང་། བུ་མོ་དབང་དུ་བྱ་བ་དང་། ཞི་བདུག་པ་དང་། རྒྱས་པ་བྱ་བ་དང་། དགུག་པར་བྱ་བ་དང་། སྨྱོ་བར་བྱ་བ་དང་། ནོར་ལ་དབང་བསྒྱུར ་བ་དང་། ཡུལ་དབང་དུ་བྱ་བོ་དང་། དབང་དུ་བྱ་བ་དང་། འབྱོར་པ་བསྐྱེད་པ་དང་། རྒྱལ་པོ་དབང་དུ་བྱ་བ་དང་། འཇིག་རྟེན་དབང་དུ་བྱ་བ་དང་། བུང་མང་དབང་དུ་བྱ་བ་དང་། དབང་དུ་བྱ་བའི་མཆོག་དང་། དགུག་པའི་མཆོག ་དང་། ལས་རབ་འབྱམ་གྱི་དམ་ཚིག་རྣམས་བསྟན་ཏོ།། ལེའུ་བདུན་པ་ལས་ནི། ལེའུའི་མཚམས་སྦྱར་བ་དང་། གསད་པའི་ལས་ངག་དང་དབྱེ་བ་དང་། བསྐྲད་པའི་ལས་ངག་དང་། དགུག་པ་དང་། དུག་བསལ ་བ་དང་། བུད་མེད་དབང་དུ་བྱ་བ་དང་། སྐྱེས་བུ་ཆེན་པོ་དབང་དུ་བྱ་བ་དང་། དམ་ཚིག་རྣམས་བསྟན་ཏོ།། ཡན་ལག་གཉིས་པ་མངོན་པར་བརྗོད་པའོ།། ད་ནི་ཡན་ལག་གསུམ་པ་ལ་འཇུག་པར་བྱ་སྟེ། དེ་ནས ་ཞེས་བྱ་བ་ནི་བཀྲ་ཤིས་པ་འམ། དེ་མ་ཐག་པའམ། དབང་དུ་བྱ་བའོ།། སྒྲུབ་པ་སྟེ་ཞེས་བྱ་བ་ནི། ལེའུ་དང་པོ་ནི་སྒྲུབ་པ་འབའ་ཞིག་སྟོན་པ་ཡིན་ལ་རྟོག་པ་རིལ་ཡང་སྒྲུབ་པ་གཙོར་གྱུར་པ་སྟེ། ལས་རབ་འབྱམ ་ཡང་སྒྲུབ་པས་བསྡུས་པའོ།། ཐམས་ཅད་ཀྱི་ཞེས་བྱ་བ་ནི། དེ་དག་གི་ནང་ནའོ།། རབ་ཏུ་འཁྲུགས་པ་ཞེས་བྱ་བ་ནི་ལྡེག་པའི་བདག་ཉིད་དོ།། འཇིགས་བྱེད་ཅེས་བྱ་བ་ནི་ཕྱི་རོལ་ལོ།། ཡང་ན་རབ་ཏུ་འཁྲུགས་པསཽ ་འཇིགས་བྱེད་པའོ།། གང་ཡང་རུང་བའི་གནས་ཞེས་བྱ་བ་ནི་འཆད་པར་བྱེད་པ་རྣམས་ལའོ།། གནས་རྣམས་ཞེས་བྱ་བ་ནི་བསྒྲུབ་པའི་གནས་ངེས་པའོ།། འཐབ་མོའི་གནས་ཤེས་བྱ་བ་ནི།། རྒྱལ་པོའི་གཡུལ་འགྱེད ་པའི་སའོ།། དབང་བསྐུར་ཐོབ་པ་ཞེས་བྱ་བ་ནཾ། ག་ཤྲཱིན་རྗེ་དགྲ་ནག་པོའི་རྒྱུད་འདི་ཉིད་དང་རྗེསུ་མཐུན་པའི་རྒྱུ་དུ་དེ་ལསཽ་འདིར་ད་བད་བསྐུར་བའི་ཚུལ་དང་གཏོར་མ་དང་། འཁྲུལ་འཁོར་གྱི་བྱ་བ་དང་། བསྟོད་པ་ལ་སོགས ་པ་དྲང་བར་བྱ་སྟེ། དེ་བས་ན་དེ་ལྟར་དབང་བསྐུལ་བའི་རྣལ་འབྱོར་པ་དེས་དབང་དུ་བྱ་བ་ལ་སྲེགས་པ་བསྒྲུབ་སྟེ། ཁ་ཅིག་ནི་རྒྱུད་འདི་ཉིད་ལས་གསུངས་ལ། རལ་གྲི་ལ་སོགས་པ་ཁ་ཊཱི་གཽ་ནི་རྒྱུད་གཞན་གྱི་ལུགསུ ་བསྒྲུབ་པའོ།། དེ་ལྟར་ཡང་གང་ཉིད་དུ་ནི་རང་ཉིད་ཀྱི།། ལས་ཀྱི་ཆོ་ག་རྣམས་མེད་པ། དེ་ནི་སྤྱི་རྒྱུད་ལས་གྲོགས་པའི་ཆོ་ག་མཁས་པས་ཤེས་པར་བྱ་ཞེསུ་གནང་ངོ་།། རོ་བསྲེགས་པའི་ཐལ་བས་ཞེས་བྱ་བ་ནི། འདིར ་དྲག་ཤུལ་བཅས་པ་གཙོ་བོར་གྱུར་པཱ་སྱ་ལྷའི་ཚོན་གྱི་གོར་ཐལ་ཆེ་བུ་ཤད་པ་ཡིན་ལྔ། དེ་ཉིད་ཀྱིས་རི་མོ་ཡང་གཅིག་ཁོ་ན་ལྔའི་གོར་སྦྱར་རོ།། ཐལ་ཕྱིར་གང་དག་བཤད་པ་ནི།། དེ་དག་ཐོད ་རི་མོ་གཅིག། ཅེས་གསུངས་པསོ།། ཟླུམ་པོ་ཞེས་བྱ་བ་ནི། ནང་གི་རྡོ་རྗེ་ཕྱེང་བས་བསྐོར་བའོ།། སྒོ་རྣམས་གཞན་ནི་གཅད་པར་བྱ། ཞེས་བྱ་བ་ནི། ལྷོ་ཕྱོགས་ལུས་གཞོན་པ་གསུམ་གཅད་པ་སྟེ། ཇི་སྐད་དུ། ཆབ་སྒོ་ཆེན ་པོ་སྟེགས་བུར་བཅས།། རྣམ་པ་ཅུང་ཟད་གཅིག་ནི་ལྷག་པར་བྱ། ཆབ་སྒོ་གཞན་རྣམས་བཅད་པ་ནི། མེ་མ་དཀར་པོ་དག་གིས།། སྒོ་ཡི་དབུས་ཀྱི་ཆ་དག་ཏུ།། རི་མོ་ཕྲ་མོ་བྲི་བར་བྱ།། ཞེས་གསུངས་པའོ།། རྀ་དྲིའོ་ཞེས་བྱ་བ་ནི་གདན ་ཏེ། ཇི་སྐད་དུ་གསུངས་པ། དཀྱིལ་འཁོར་དག་གི་ཆོ་ག་ནོ།། རྣམ་པ་གསུམ་པོ་མ་ལུས་པར།། ལྷ་རྣམས་ཐམས་ཅད་དགོད་པ་ནི།། རྣམ་པ་གསུམ་དུ་ཤེས་བྱ་སྟེ།། དང་པོར་གཟུགསུ་བྲི་བར་བྱ།། གཉིས་པ་ཕྱག་རྒྱའི་གཟུགས ་སུ་བྲི།། གསུམ་པ་གནས་དང་སྟན་དག་ཏུ།། བྲི་བའི་ཆོ་ག་ཡོངས་སུ་བསྒྲགས་ཞེས་སོ།། འོན་ཀྱང་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་ནི།། ཕྱག་མཚོན་ཛཾ་སྙེད་པ་དགོད་པར་བྱ་བྱེ་ཡང་ཡིན་པས་ན།། ཤར་དུ་ནི་མགོ་བོ ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སློབ་མས་མེ་ཏོག་པོར་ན་ནི་སྙིང་པོའི་གནས་དགུ་པོ་གང་དུ་ལྷུང་ཡང་དངོས་གྲུབ་མཆོག་ཏུ་འགྱུར་ཏེ། སྙིང་པོར་མེ་ཏོག་བབ་ན་ནི།། རྟག་ཏུ་དོན་མེད་མི་འགྱུར་བཤད།། ཅེས་གསུང ་པའོད་བྱང་གི་སྣམ་བུའི་མཚམས་མ་ལ་བབ་ན། ཞི་བའི་ལས་འགྲུབ་བོ།། ལྷོར་ནི་ཚར་བཅད་པ་རྣམས་སོ།། ནུབ་ཏུ་ནི་དབང་དུ་བྱ་བ་དང་དགུག་པའོ།། ཤར་དུ་ནི་རྒྱས་པའོ།། རི་མོའི་ཕྱི་རོལ་ལམ་མཚན་མ་གཉིས་ཀྱི་བར་མཉམ ་པར་ལོན་གསུམ་བབ་ན་དབང་མི་བསྐུར་རོ།། སྒྲུབ་པ་པོས་ནི། རོའི་སྟེང་དུ་བདག་པོའི་ལུགས་མ་འམ་བྲིས་སྐུ་འམ། བརྐོས་པའི་སྐུ་བཞུགས་པ་ལ། མེ་ཏོག་དོར་བ་བྱས་ལ་བདག་ཉིད་དབང་བསྐུར་ཏེ། དབུལ་ཀྱི་ལྷ ་གསལ་བའི་གནས་སུ་འདུག་པ་ལས་རྫུས་འགྲུབ་པ་འམ། རྒྱུད་ལས་ཇི་སྐད་གསུངས་པ་ལྟར་མཆོག་གསོལ་བར་བྱའོ།། ཕྱོགས་ཐམས་ཅད་དུ་ཡང་། སོགས་པའི་སྒྲས་བསྡུས་པ་གླང་པོ་ཆེའི་པགས་པ་རེ་རེ་འམ། ་ཡང་ན་རྐང་ལག་གི་ཆེའི་པགས་པ་བྲིའོ།། གཞན་དག་ནི་སོགས་པ་ཞེས་བྱ་བའི་སྒྲས་མཚོན་ཚྭ་གང་ཡང་རུང་པོ་དྲི་བར་འཆད།། ཐབས་དང་ཤེས་རབ་ཕུལ་དུ་བྱུང་བ་དབྱེར་མེད་པའི་ཚུལ་དུ་འགྱུར་བ་ན། ཕྱག་གཉིས ་གླང་པོ་ཆེའི་པགས་པ་དང་བཅས་པ་ཡིན་ལ། དེ་བཞིན་གཤེགས་པའི་ཐུགས་ཆེན་པོའི་སུམ་ཅུ་གཉིས་ཉིད་ནི། ཕྱག་གི་མཚོན་ཆ་དང་བཅས་པ་ལྷག་མས་སྟོན་པས་ན། མཚོན་ཆ་གཞན་གང་ཡང་རུང་། བྲི་བ་ནི་མི ་འཐད་པ་ཉིད་དོ།། རོ་ལངས་ཆེན་པོ་བརྒྱད་ཅེས་བྱ་བ་ནི་གཅེར་བུ་སྐྲ་གྲོལ་བ་སོ་རྣོ་བ་ནག་པོ་སྲིན་པོ་ལྟ་བུ་གྲི་གུག་དང་། ཐོད་པ་ཐོགས་པ་རྣམསོ།། འདི་དག་ནི་སྒྲུབ་པ་པོའི་གྲོགས་སུ་གྱུར་པ་འདོད་པའི་ལས་འགྲུབ ་བའོ།། བཟའ་སྟོན་ནི་དཀྱིལ་འཁོར་དུ་འཇུག་པ་ན་ཚོགས་ཀྱི་འཁོར་ལོ་བྱ་བའོ།། སྦྱིན་སྲེག་ནི་འཇུག་པ་ནའོ།། གཏོར་མའི་ལས་ནི་ཞེས་བྱ་བ་ནི་སྒྲུབ་པ་པོས་སྲོང་ལ་སྦྱིན་ཏེ། སློབ་མ་དབང ་བསྐུར་བ་ལ་ནི་དཀྱིལ་འཁོར་བསྒྲུབ་པར་བྱས་ལའོ།། ཡང་ན་གཉིས་ཀར་ནམ་ཕྱེད་ནའོ།། དབུས་སུ་བསྒྲུབ་བྱ་དམིགས་ལ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལ་འཁུ་བ་གང་སུ་ཡང་རུང་བ་ཞིག་གདན་དུ་དམི ་པར་བྱའོ།། གཞན་ཡང་དབུས་སུ་བསྒྲུབ་བྱོའི་གཟུགས་སུ་འཁྲུལ་འཁོར་དང་པུ་ཏ་ལིང་ག་བཅས་པའི་ཡེ་མ་པ་དྲ་ཤ་བགཞག་ལའོ།། འདིར་ཞི་བ་དང་། རྒྱས་པ་ལ་ནི་མདུན་དུའོ།། གཞན་དག་ནི་སྦྱར་གསུངས་པོའི ་སྡོམ་གྱི་ལས་མ་ལུས་པ་ལ་འདི་ལྟར་བསྒྲུབ་པར་བྱ་བ་མིན་པས་ནཱ། གསང་བར་བྱ་བ་གདན་དུ་བརྟགས་ཏེ་བཟླས་པ་བྱ་བར་འདོད་དེ། དངོས་གྲུབ་མཆོག་སྒྲུབ་པ་དག་མ་ཡིན་པ་ལ་དཀྱིལ་འཁོར་བྲི་བ་ནི་གང་དུ་ཡང་མི ་འགྱུར་བས་ན་དེ་ནི་མི་རིགས་ཏེ། སྔར་བསྟན་པ་ལྷོར་ཏིང་འཛིན་གྱིས་ནི་རུང་ངོ་།། ཡི་གེ་བཅུ་པའི་གསང་སྔགས་ཞེས་བྱ་བ་ནི། བྱ་བ་ཐམས་ཅད་ལ་དེ་ཉེ་བར་གནས་པ་ན་སྟེ། རྩ་བའི་སྔགས་ནི་འཁྲུལ་འཁོར་གྱི ་བྱ་བ་ཙམ་ལ་གནས་ལ། སྙིང་པོའི་སྔགས་ཀྱང་ལྷ་ཉེ་བར་གྱུར་པ་ཙམ་ལ་གཙོ་བོར་འགྱུར་བས་སོ།། རིགས་སྔགས་འཆང་གིས་གསོལ་བ་བཏབ་པ་ཞེས་བྱ་བ་ནི་ཁྲག་ཆེན་པོའི་ཡོན་ཆབ་ཡུལ་ནས་གུས་པར་བྱས ་ཏེའོ།། གཞན་ཡང་ཡིད་ལ་གང་འདོད་པ་ཞེས་བྱ་བ་ནི་རང་གི་སྦྱངས་པ་དང་། མཐུན་པ་ཙམ་ལས་གང་འདོད་པ་སྟེ།། བསྟོད་དང་བཅས་ནས་མཆོད་ཡོན་རྒྱུན་སྦྲེངས་ནས།། རྩེ་གཅིག་སེམས་ཀྱིས་གདོང་སྡུད་ཕྱག་བྱས ་ཏ།། དད་དང་འབད་པའི་རྗེས་མཐུན་ངམ་པ་བླང་།། དམ་པ་ཐོབ་ན་དགའ་བས་ཕྱག་བྱས་ཏེ།། དད་པས་བསྟོད་ནས་མཆོད་ཡོན་ཕུལ་ནསུ།། གསང་སྔགས་བརྗོད་ཅིང་སླར་ཡང་གཤེགསུ་གསོལ།། ཞེས་ཇི་སྐད་གསུངས ་པ་ལྟ་བུའོ།། ལས་ཕྲ་མོ་བྱ་བ་ནི། འཁྲུལ་འཁོར་དང་། སྦྱིན་སྲེག་དང་། བསམ་གཏན་གྱིས་བསྒྲུབ་པར་བྱ་བ་འཆད་པར་འགྱུར་བ་རྣམསོ།། དཔལ་འཇམ་པའི་མཆོག་ཅེས་བྱ་བ་ནི།། རྒྱུད་ཆེན་པོའི་མཚན་དུ་བསྒྲག། ་དཔལ་འཇམ་པའི་མཆོག་གིས་བཤད་པ་འམ།། དེའི་ཁྲོ་བོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་པོ་ཤེད་དོ།། འཁོར་ལོའི་རྣལ་འབྱོར་ཞེས་བྱ་བ་ནི་བསྒྲུབ་པའི་དཀྱིལ་འཁོར་གྱི་སྦྱོར་བ་བསྟན་པའོ།། སྦྱོར་བའི ་རྒྱུད་ཅེས་བྱ་བ་ནི་རྒྱུད་འདིར་ཕྱི་རོལ་གྱི་སྦྱོར་བ་རབ་ཏུ་མང་བས་ནའོ།། དེ་ལྟར་ན་འདི་བྱ་བའི་རྒྱུད་ཅེས་བརྗོད་དོ་ཞེ་ན། བསམ་གཏན་འབའ་ཞིག་གི་བྱ་བ་སྟོན་པའི་ལེའུ་བདུན་པ་འབྱུང་བ་དང་། ཕྱི་རོལ་གྱི་སྦྱོར་བའི་བྱ་བ་ཐམས ་ཅིང་ལ་ཡོང་ཤིན་ཏུ་མཉམ་པར་བནགོ་པས་བྱའོ་ཞེས་ནང་གི་རྣལ་འབྱོར་རབ་ཏུ་ཡང་གཙེས་པར་སྟོན་པས་ན། བྱ་བའི་རྒྱུད་ནི་མིན་ཏེ། འོན་ཀྱང་ཕྱི་རོལ་གྱི་སྦྱོར་བ་རྒྱ་ཆེན་པོའི་རྣལ་འབྱོར་གྱི་རྒྱུད།། གཞན་དག་ནི ་འདིར་ཡོ་ག་ཞེས་བྱ་བ་ཡུ་ཛིར་མི་འདྲེན་ཏེ། ཡོ་ནི་ཤ་ཉིད་དུ་འདྲེན་ན་དེ་ནི་མ་ཡིན་ཏེ། འདིར་ཡུ་ཛིར་ཉིད་ཤས་ཆེ་བའི་ཡོ་ནི་ཤ་ནི་ལེའུ་བདུན་པ་ཙམ་ལས་མང་ཅིང་། ལྷའི་སྐུ་བསྒྲུབ་པ་ལ་ནི ་བྱ་བའི་རྒྱུད་ལས་ཡང་ཡོ་ནི་ཤ་ཡོད་པའི་ཕྱིར་རོ།། ལེའུ་དང་པོའི་བཤད་པའོ།། །། དེ་ནས་ཞེས་བྱ་བ་ནི། དང་པོའི་བསྟན་མ་ཐག་ཏུའོ།། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་ལས་ཕྲ་མོ་རྣམས་ཏེ། ་དོདེ་དག་ནི་དངོས་གྲུབ་ཏུ་བཞག་པ་ཕལ་པ་རྣམས་ཀྱི་ཡིན་ལ། གྲུབ་པ་རྣམས་ཀྱི་ནི་འཕྲིན་ལས་བཞག་པ་ཡིན་པསོ།། སྔོན་དུ་ཇི་ལྟར་བརྗོད་པ་བཞིན་ཞེས་བྱ་བ་ནི་སྡོམ་དུ་དབང་དང་དགུག་དང་ཞེས་བྱ་བ་ལ་སོགས་པས་སོ།། ་གནོད་མཛེས་ཀྱི་གསང་སྔགས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཞི་པོའི་སྔགསོ།། བཟླས་ཏེ་ཞེས་བྱ་བ་ན་འཁྲུལ་འཁོར་འབྲི་བ་ན་བསྲུང་བའི་ཕྱིར་ལན་བདུན་ལ་སོགས་པར་རོ།། གཞན་དག་ནི་ཨོཾ་ཕུ་ཕུ་པུཾ་ཧི་ཧི་ཧི། ཞེས་བྱ་བས་བསྲུང ་པབཔར་འདོང་ངོ་།། གང་ཡང་རུང་སྟེ་དེ་བཞིན་གཤེགས་པའི་རིགས་ཀྱི་བསྲུང་བ་ལ་འདི་ཉེ་བར་གནས་པསོ།། སྦྱོར་བའི་རྒྱུད་ཀྱི་གཙོ་བོ་ཞེས་བྱ་བ་ནི། ཇི་ལྟར་རྒྱུད་འདི་ནས་ཚར་གཅད་པའི་སྦྱོར་བ་བསྟན་པ་ལྟར་སྦྱོར་བ་རྒྱུད ་གཞན་ལས་དེ་ལྟར་ལྷུར་མ་མཛད་པས་ནའོ།། ལྷའི་རྣལ་འབྱོར་ཇི་ལྟ་བ་དང་ལྡན་པའི་རྣལ་འབྱོར་པས་ཞེས་བྱ་བ་ནི། ལྷའི་གཟུགས་ཚུལ་བཞིན་ཡིད་ལ་བྱེད་པས་ཐོབ་པས་བྱའོ།། གལ་ཏེ་རྣམ་པར་གཡངས་ན་སྦྱོར་པོ་མི་འགྲུབ་སྟེ། ་བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། དུས་ནི་དང་པོར་བྱས་འགྱུར་ཀྱང་། གཞན་སེམས་པ་དང་གཞན་པས་ནི། དེ་དག་ཐམས་ཅད་དོན་མེད་འགྱུར།། ཞེས་གསུངས་པསོ།། འཁོར་ལོ་རེའུ་ཆ་བཅུ་དྲུག་པ་ཞེས་བྱ་བ་ནི། རིམ ་གསུམ་ལས་རིམ་པ་ཕྱི་རོལ་མའོ།། དེ་བཞོན་དུ་བར་མ་ནི་བཅུ་གཉིས་པའོ།། ནང་མ་ནི་དགུ་པ་སྟེ། དེ་ལྟར་ནི། མཁས་པས་ཆོ་ག་བཞིན་བྲི་བ། བརྒྱད་དང་བཅུ་གཉིས་བཅུ་དྲུག་ཏུ་ཞེས་གསུངས་པ་སྟེ། བརྒྱད་ཅེས་བྱ་བ་ནི ་རུ་མིག་དབུས་མ་དོར་བའོ།། མེ་གཉིས་ཀྱིས་དབུས་སུ་བསྒྲུབ་བྱའི་མིང་སྨོས་ཤིང་ཞེས་བྱ་བ་ལ། མེ་ནི་ཡི་གེ་ཕཊ་ཡིན་ཏེ། མེ་དང་འང་བའི་ཕྱིར་ནི་སོག་པ་མཐར་ནི་གཞན་ཞེས་གཞན་ལས་བསྟན་ཏོ།། ཇི་ལྟར་སྨོས་ཤེ་ནཽ་ཕཊ ་མུ་ཀཾ་མཱ་ཡ་ཕཊ་ཅེས་སོ།། རྒྱུད་གཞན་ལས་ཊ་དང་ཕིའི་བ་རཽ་དུ་མིང་བཅུག་ཏེ་ཞེས་གསུངས་པ་ཉིད་འདིར་མི་གཉིས་ཀྱི་དབུས་སུ་བསྒྲུབ་བྱའི་མིང་སྨོས་པའོ་ཞེས་གཞན་ཁ་ཅིག་འདོད་།། ཡི་གེ་བཅུ་པས་དེ་བསྐོར ་ལ་ཞེས་བྱ་བ་ནི། ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པ་ཡང་རེའུ་མིག་བཅུ་དྲུག་པོའི་རིམ་པ་དེ་ལ་དགོད་པའོ།། འདི་སྐད་བསྟན་ཏེ། ལྷོ་ནས་བརྩམས་པའི་རེའུ་མིག་བརྒྱད་བར་དུ་དོར་བ་ལ། ཨོཾ་ཧྲཱིཿཉྫི་དྷཱུ་ཝིཀྵཾ་ཞེས་པ་ལྔ་དང་། ་ན་ན་ཞེས་པ་གསུམ་གཅིག་ལོ་གཞག་པ་དང་། ཧཱུཾ་ཞེས་པ་དང་། ཕཊ་ཅེས་པ་བྲིས་ཏེ། བར་བར་དུ་དོར་བ་བརྒྱད་ལ་སྔ་མ་རྣམས་བྲིའོ།། དེ་ནས་བར་མའི་རེའུ་མིག་བཅུ་གཉིས་དང་། དབུས་ཀྱི་རེའུ་མིག་ལྔ་ལ་ཡི་གེ་བཅུ ་བདུན་གྱིས་བྷཱུ་དྷཿས་སུ་མ་ག་ཡ། བྷྱ་ན་ས་ལ་གྱུར།། མུ་ཎྜ་ཡི་ག་མན།། བྱུང་དུ་ནི་ཡྻཱ་གྷྲ་\ུ0f7f། ཤར་དུ་ན་ཡཻ་གྷྲཀྵའོ།། མ་དང་འབྲེལ་པའི་རའུ་མག་པར་མཱ་ནས་བྱསམས་། རཱ་ཛཱས?་པོ། རུ་ཎཱ་མ་རྻ ་རཱ་ཡཙྪ་ནེ་ཞེས་བྱ་བ་རྣམས་བྲིའོ།། དེ་ལྟར་དབུས་སུ་རེའུ་མིག་ཆ་བཞི་མཚམ་སུ་གནས་པ་དེ་དག་ལ་ཅི་ཞིག་བྲི་བར་བྱ་ཞེ་ན། དེའི་ཕྱིར་ཡི་གེ་ཧཱུཾ་བརྒྱད་བྷའོ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་མཚམས་རེ་རེ་ར། ཧཱུཾ་ཨ་མུ ་ཀཾ་མཱ་རི་ཡ་ཧཱུཾ་ཞེས་བྲིས་པས་ནི་ཧཱུཾ་བརྒྱད་དུ་འགྱུར་དེ་ཇི་སྐད་དུ། བསྒྲུབ་པར་བྱ་བའི་མིང་གཟུང་སྟེ། ཧཱུཾ་གཉིས་དང་ནི་སྤེལ་ནས་སུ། ཕྱོགས་བྲལ་སྟོང་པར་གཟུང་བས་ཏེ། དགོས་པ་ཐམས་ཅད་འགྲུབ་པར་བྱེ་ད། ཅེས ་གསུངས་པ་ལྟ་བུའོ།། ལྷག་མ་ཕྱི་རོལ་དབྱངས་དང་གསལ་བྱེད་བསྐོར་བ་དང་། གཤིན་རྗེའི་ལྟོ་བར་གཞག་པ་ལ་སོགས་པ་ནི། འདི་ཉིད་ཆ་མཐུན་པའི་རྒྱུད་ལས་ཤེས་པར་བྱའོ།། ཞེས་སྔར་སྨོས་སོ།། ཚ་བིའི་མར་ཁུ ་ཞེས་བྱ་བ་ནི། སྐེ་ཚྭའི་མར་ཁུ་འམ་ཡུངས་མར་རོ།། ཐོད་པ་གཉིས་ཞེས་བྱ་བ་ནི་དུམ་བུ་བཞི་པ་སྟེ། གསུམ་པ་ཡང་མང་ངོ་།། བསྲོས་ལ་ཞེས་བྱ་བ་ནི་པུ་ཏ་ལིང་གའི་སྙིང་གའི་འཁྲུལ་འཁོར་དྲོས་པ་ཙམ་དུ་སྟེ། ་འདིས་དགྲ་པོ་ཆེ་བའི་རིམས་ཀྱིས་བཏབ་ནས་འཆི་བར་འགྱུར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ།། ཡི་གེ་བཅུ་པའི་གསང་སྔགས་བཟླས་ན་ཞེས་བྱ་བ་ནི། ཡི་གེ ་སུམ་ཅུ་རྩ་གཉིས་ཟློས་པ་དག་པའི་ཕྱིར་སྨོས་པ་སྟེ། དེ་ནི་བསྙེན་པ་བྱས་ལ་འཁྲུལ་འཁོར་འབྲི་བའི་ཚེ་བཟླས་པར་བྱའི་གཞན་དུ་མ་ཡིན་པས་སོ།། དུར་ཁྲོད་ཀྱི་མེ་ལ་བསྲོས་ན་ཞེས་བྱ་བ་ནི་དྲོ་བ་ཙམ་སྟེ། ཨ་མུ་ཀ་བཛྲ་ར་བུད ་པ་ད་ཡ་ཞེས་བསྐུལ་བ་སྨོས་ཏེ་བཟློསོ།། ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་སྨོས་ཤིག། ཞེས་བྱ་བ་ནི་སྔ་འཁྲུལ་འཁོར་ལ་རྩ་བའི་སྔགས་བཀོད་པ་མ་གསུངས་པས་དེ་བསྟན་པའོ།། ཡི་གེ་བཅུ་པའི་གསང ་སྔགས་དང་ཡང་བསྒྲུབ་བྱའི་མིང་ལྷན་ཅིག་སྨོས་ཏེ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྟན་པའི་བསྐུལ་བ་སྨོས་པས་ཆོག་པར་རྟོག་པ་ལས་དགག་སྟེ། ཧཱུཾ་དང་པཊ་ཀྱི་དབུས་སུ་ཡང་དེ་བྲིའོ།། དེ་བས་ན་སྔར་བསྟན་པ་ལས ་ཁྱེད་པར་ཅུང་ཟད་ནི་དེ་ཡིན་ནོ།། སྦས་ན་ཞེས་བྱ་བ་ནི་དོང་ཁྲུ་བཞི་པའི་གཏིང་དུའོ།། གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་དོ།། གནས་ལྔར་ཞེས་བྱ་བ་ནི། རྡོ་རྗེ་ཡི་ནེ་ཕུར་བུ་ཡིས། གཟུགས་བྱིརྙན་གྱི་ནི་གནས ་ལྔ་པོ།། དཔྲལ་བ་མགྲིན་པ་སྙིང་ཀ་དང་།། དེ་བཞིན་དཔུང་པ་གཉིས་སུ་གདབ།། ཅེས་གསུངས་པའོ།། གཱ་ཤིན་རྗེའི་གཟུགས་ཞེས་བྱ་བ་ནརྀ་ཚར་གྲྀ་ཅད་པ་ཐམས་ཅད་ལའོ།། ཁྱིམ་དུ་ཡང་ནི་འོངས་ནས་ཤེས་བྱ ་པ་ལ་སོགས་པས་ནི་ལེགས་པར་མ་བྱས་པའི་རྣལ་འབྱོར་པ་ཡིས་སོ།། ཆུ་ཚན་ད་རིའི་པགས་པ་ཞེས་བྱ་བ་ནི་གསོབ་བཤུས་པའོ།། ཡི་གེ་བཅུ་པའི་གསང་སྔགས་ཞེས་པ་ནི་འཁྲུལ་འཁོར་ཉེ་བར་མཚོན་པའོ།། ། ་ས་བླངས་པས་ངགང་ཞིང་ཞེས་བྱ་བ་ནི་པ་ཏཱ་ལིང་ག་དང་། སས་དགང་བའོ།། དེའི་སྒྲས་བཅིང་ངོ་ཞེས་བྱ་བ་ནི། པགས་པ་གྲུལ་བ་དང་། ཡན་ལག་དང་རོ་སླད་ཀྱི་ཆའོ།། དེ་ནས་བོང་བུའི་ཆུ་ངན་དང་། ་དྲི་ཆེན་དུ་སྦྱར་ཏེ་ཞེས་བྱ་བ་ནི། ཇི་ལྟར་རྗེས་སུ་གཟུང་བའི་འཁྲུལ་འཁོར་ལ་མར་དང་སྦྲང་རྩི་ལྟ་བུ་སྟེ། ཚར་གཅད་པའི་རི་ལུའོ།། ཁམ་ཕོར་དུ་བཞག་ལ་ཞེས་བྱ་བ་ནི་ཐོད་པ་གཉིས་ཀ་ལ་དེས་གླན་ཏྲེ། པུ་ཏ་ལིང་ག་མི ་གྱུར་བར་དགང་ངོ་།། རར་སྦྱོར་བ་དེ་གཞག་ནས་ཤེས་བྱ་བ་ནི་པགས་པ་དེའོ།། དེ་གཉིས་ཀྱི་སྙིང་གར་གསང་སྔགས་བཅུག་ནས་ཤེས་བྱ་བ་ནི་འཁྲུལ་འཁོར་ཅན་གྱི་པུ་ཏ་ལིང་ག་གཅིག་གི་སྟེང་དུ་གཅིག་གཞག ་ནས་ཤེས་བྱ་བ་ནི་གང་ཡང་རུང་བའི་སྟེང་དུ་གཞག། ཡང་ནི་འཐབ་པ་ལྟར་གཅིག་གི་སྟེང་དུ་གཅིག་འགྲོ་བར་སྤྲོ་བར་བྱའོ།། གཞན་གཤིན་རྗེའི་སྐྱེས་བུ། ཞེས་བྱ་བ་ནི་ཡི་གེ་ཡ་ལས་འབྱུང་ངོ་།། སྦྱོར་བ་གཞན་ཡང ་ཞེས་བྱ་བ་ནི་འཁྲུལ་འཁོར་ལས་གཞན་པའི་སྦྱོར་བ་སྟེ། ཞར་ལ་བསྟན་པ་ཙམ་ཡིན་གྱི་འདི་གཙོར་མ་གྱུར་བྱསོ།། གྲོ་གའི་ཤུན་པ་ལ། ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་འཁོར་གྱི་སྦྱོར་བ་སྟེ། ཁ་ཅིག་ནི་འདི་ཡང ་སྦྱོར་བ་གཞན་དུ་རྟོག་གོ། འདིར་སྦྱོར་བ་གཞོན་ནི། ཞེས་པའི་སྒྲས་ནི་འཁྲུལ་འཁོར་མི་འགེགས་ཀྱི་དོན་ལས་སོ།། གཞན་དག་ནི་འདིར་འཁྲུལ་འཁོར་དང་བྲལ་བའི་སྦྱོར་བ་དོག་ལས། ཡང་རྗེས་ལ་འཁྲུལ ་འཁོར་མནན་ལ། དེ་གྲོགས་སུ་དེ་དག་གི་སྦྱོར་གྱི། གཞན་དུ་ན་སྐབས་མ་ཡིན་པར་ག་ལ་འབྱུང་ཞེས་འདོད་དོ།། རྒྱལ་མཚན་གྱི་རས་ལ། ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་འདི་ནི་སྤྲོ་བར་འགྱུར་བའི་བསྐྲང་པའི་སྦྱོར་བའོ།། ་མེ་ཏོག་དམར་པོས་མཆོད་ཅིང་། ཞེས་བྱ་བ་འདི་དཔལ་རྡོ་རྗེ་འཇིགས་བྱེད་ཉིད་ལ་སྟེ། མེ་ཏོག་ནི་ཉེ་བར་མཚོན་པ་ཡིན་པས་མཆོད་པ་ཁྭ་དོག་དམར་པོ་ཡོན་ཆབ་དང་བཅས་པ་དབུལ་ལོ།། ཁ་ཅིག་ནི་འཁྲུལ་འཁོར་མཆོད ་པར་འདོད་དེ་དེ་ནི་མི་འཐད་དེ། དེས་དོན་དུ་མི་འགྱུར་རོ།། གསང་སྔགས་ཉིད་ལ་མཆོད་པས་དོན་དུ་འགྱུར་བའོ་ཞེ་ན། ཀྱེ་མ་རྒྱལ་པོ་བཞུགས་བཞིན་དུ་སྣ་ཆེན་པོ་ལ་གཱཏོཌ་བ་མཆོད་པ་ལྷག་ལ་རིགས་དེ་ནི་མི་བརྗོད་དོ།། ་སེང་ལྡེང་གི་མེ་ལ་བསྲོས་ན། ཞེས་བྱ་བ་ནི་གལ་ཏ་ཞག་བདུན་གྱིས་མ་བྱུང་ན། པུ་ཏ་ལཱ་དཱི་ག་ཐོད་པ་ནས་ཕྱུང་སྟེ་བསྲོའི་དང་པོ་ནས་ནི་མ་ཡིན་ནོ།། ཞག་བདུན་གྱིས་འཆི་བར་འགྱུར་རོ།། ཞེས་བྱ་བ་ནི་ཞག་བདུན་དུ ་རྫས་སྐྱེ་བ་བཞིན་ནའོ།། གཞན་ཁ་ཅིག་ནི་གལ་ཏེ་སླར་མ་བཀྲོལ་ནའོ་ཞེས་འདོད་དེ། འདི་ནི་ཐང་ཁྲོམ་དང་སྦྱར་བའི་མུ་ཟིས་དྲིལ་ལོ།། སྦྱིན་སྲེག་བྱས་ནྱ། ཞེས་བྱ་བ་ནི་རླུང་གི་མེའི་དབུས་སུ་བཞུགས་པའི་བཅོམ ་ལྡན་འངས་ལའོ།། བྱ་རེག་དང་འུག་པའི་རུས་པ་ཞེས་བྱ་བ་ནི་བརླ་འམ་རྗེ་ངར་གྱིས་རྐང་ངོ་།། སྦལ་པའི། ཞེས་བྱ་བ་ནི་སྤྲེ་ཚིལ་ལ་རྩོ་བྱས་པོའོ།། བུ་མོ་རྨོངས་པར་བྱ་བ་ནི། མྱོས་པར་འགྱུར་བས་ཙེ་དགར་ལོངས་སྤྱད ་པར་བྱ་བའི་ཕྱིར་རོ།། སྨྲ་བར་མི་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་བྱིས་པའི་རང་བཞིན་ཅན་དེ་དག་གིས་ཤེས་ནས་ཐུབ་པ་ཆེན་པོའི་དགོངས་པ་ཅི་ཡིན་པ་མི་ཤེས་པར་སྡང་བ་ལས་དེ་དག་བྱེད་པར ་འགྱུར་པས་པས་དེ་དམྱལ་བར་ལྟུང་སྟེ། ཞུ་བའི་རྟིང་ལ་ཟ་བ་ནི། མར་གྱི་ཉིད་ཁུ་སྦྲ་རྩི་དང་། ཁཾ་ར་རྣམས་ནི་བདུད་རྩི་བཞིན། མ་ཞུ་ཟས་ནི་དུག་འགྱུར་རོ།། དེ་བཞིན་རབ་རྒྱས་བདུད་རྩིའི་ཆོས།། དགོངས་པའི་ཚིག་ལ་མི ་མཁས་ཤིང་།། བྱས་པོའི་བློ་དང་ལྡན་རྣམས་ལ།། མྱི་བཟད་པ་ཡི་དུག་ཏུ་འགྱུར།། ཞེས་གསུངས་སོ།། འོ་ན་འདི་ལས་དགོངས་པ་གང་ཞེ་ན། དྲོའི་ཕྱིར། དཀོན་མཆོག་གསུམ་ལ་བརྙས་བྱེད་དང་། ཞེས་བྱ་བ་ལ་སོགས ་པ་རྒྱས་པར་གསུངསོ།། ལེའུ་གཉིས་པའི་བཤད་པའོ།། ། གཙང་མའི་གནས།། ཞེས་བྱ་བ་ནི་དབེན་པ་སྟེ། ཙས་ཀྱང་དབེན་པ་ནི་ངེས་པར་ཆེས་གཙང་བས་སོ།། གསང་སྔགས་བཏུ་བ། ཞེས་བྱ ་བ་ནི་ས་འཐས་པ་སྦྱང་ནུལ་བྱས་ལ་ཁང་ཏི་ཁས་ལས་དང་པོར་གཞིའི་ཡི་གེ་གོ་གཉིས་པར་བྲིས་ལ་དག་པ་ན་དབྱངས་རྣམས་སྦྱིན་ཞིང་། དེ་ནས་དག་པ་ན་བྲི་བ་འམ་བཟླས་པ་བྱའོ།། འབུམ་ཕྲག་གཅིག་ཅེས་བྱ་བ་ནི་ཤིན ་ཏུ་མཉམ་པར་བཞག་པས་སོ།། ལས་ཀྱི་སྔགས་ཞེས་བྱ་བས་ནི་ལས་རབ་འབྱམ་ལ་རབ་ཏུ་བསྔགས་པའི་ཕྱིར་དང་། འཁྲུལ་འཁོར་ཡང་འདིས་རྫོགས་པར་བྱེད་པས་སོ།། འབུམ་ཕྲག་གསུམ་ཞེས་བྱ་བ་ནི་རྫོགས་པ ་བར་མའི་ཕྱིར་བསྟན་པའོ།། སྙིང་པོའི་གསང་སྔགས། ཞེས་བྱ་བ་ནི་ཕལ་ཆེར་བསྒོམ་པ་ལ་དགའ་བའི་རྣལ་འབྱོར་པ་ལ་བསྟན་པ་ཡིན་པས་ན། འདི་ནི་ཟློས་པ་པོས་ནི་ངེས་པར་སྙིང་གར་བསྒོམ་པར་བྱ་བས་ན་སྙིང་པོ་ཞེས་བྱ ་སྟེ། གསང་སྔགས་རྣམས་ནི་བཟླས་པས་ཀྱང་བྱ་བ་དེ་བྱེད་སྲིད་ཀྱི། སྙིང་པོ་རྣམས་ནི་ངེས་པར་བསྒོམས་པས་དོན་དེ་རྫོགས་པར་བྱ་བ་ཡིན་ཏེ། ངེས་ན་སྙིང་པོ་ཤེས་པར་ཏིང་ངེ་འཛིན། གང་དུ་མཚུངས་པར་ལྡན་པའི་སེམ། ་ཞེས་བཤད་དོ།། ཡི་གེ་འབུམ་ཞེས་བྱ་བ་ལ་ཡི་གེ་ནི་སྙིང་པོའི་ཡི་གེའོ།། འབུམ་ཞེས་བྱ་བ་ནི་ལེ་ལོ་ཅན་རྣམས་གཞུག་པའི་ཕྱིར་རོ།། ཡང་ན་ཡི་གེ་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་འབུམ་ཕྲག་སྟེ། མཁས་པས་གསང་སྔགས ་ཡི་གེ་ནི།། བཅོ་ལྔ་མན་ཆད་གྲངས་རྣམས་ལ།། ཡི་གེའི་སྡོམ་ནི་ཇི་སྙེད་པ།། དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ།། ཞེས་གསུངས་པས་སོ།། གཞན་ཁ་ཅིག་ནི་འདི་ནི་བསྒོམ་པ་བྱང་བར་བྱས་པས། སྒྲ་ཇི་བཞིན་པའི་བཟླས ་པར་འདོད་དོ།། ལས་དེ་དང་དེ་དག་ཅེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་སྔགས་ཀྱི་གོར་སྦྱར་དུ་རུང་བར་སྟོན་པའོ།། འོན་ཀྱང་འཁྲུལ་འཁོར་ནི་མ་ཡིན་ནོ།། ལེགས་པར་མཉམ་པར་བཞག་པ་ཞེས་བྱ་བ་ལ་སོགས་པ་ནི། ཇི ་ལྟར་རལ་གྲི་འཛིན་པའི་མོ་དག་གིས། ལེགས་པ་མ་བཟུང་ལག་པ་འཆད་པར་འགྱུར།། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན།། འབྲས་བུ་མེད་དམ་ཡང་ན་མ་རུངས་འགྱུར། ཞེས་གསུངས་པའི་གནས་སྐབས ་སྤང་བའི་ཕྱིར། ཡི་གེ་བཏུ་བརྩོམ་ན། དེའི་ཆ་སེམས་གཞན་དུ་བྱེད་པ་ནི། རབ་ཏུ་སྨད་དེ། ཁྲུས་བྱེད་པ་དེ་ཡང་བཤང་གཅི་བྱང་པ་བཞིན་དུ་དེ་དགག་པའི་ཕྱིར་རོ།། ལེའུ་གསུམ་པའི་བཤད་པའོ།། ། ་ཆོས་ཀུན་བདག་མེད་སྔོན་བྱས་ནས། ཞེས་བྱ་བ་དང་། ལྷའི་དམིགས་པ་བྱ་བའོ།། ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། དེ་དག་ནི་དང་པོར་རེ་ཤིག་སྭཱ་བྷཱ་བཽ་ཤུདྡྷཿཞེས་བྱ་བ་ལ་སོགས་པའི་གསང་སྔགས་བཟླས་ཏེ། ཞེས་བྱ ་བ་ལ་སོགས་པས་རྒྱས་པར་བསྟན་ཏོ།། ཆོས་ཐམས་ཅད་ཅེས་བྱ་བ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ངོ་།། དེ་དག་བདག་མེད་པའི་བདག་ཉིད་དུ་བྱས་ནས་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པས་དབེན་པ་རང་བཞིན ་གྱིས་འོད་གསལ་བར་འགྱུར་བའོ།། དེའི་འོག་ཏུ་དེ་ཉིད་ན་མཁའི་དཀྱིལ་དུ་ཡི་གེ་ཡཾ་སྔོན་པོ་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་དུ་བསམས་ཏེ། འདི་ནི་ཁྲོ་བོ་ཆེན་པོའི་གདན་ཏེ། རྒྱུད་འདི་ནི་མངོན་སྤྱོད ་གཙོ་བོར་བྱས་པ་ཡིན་པས་ན། གདུག་པ་རྣམས་རབ་ཏུ་འཐོར་བྱེད་པ་ཡིན་ཏེ། ཕོ་ཉ་ལ་སོགས་བྲན་རྣམས་དང་། ཁྲོ་བོའི་མིང་དུ་གང་འདོགས་པ།། ཀུན་དུ་ཐོགས་མེད་སྤྱོད་པ་རྣམས།། ཀུན་གྱི་དཀྱིལ་འཁོར་མཱ་དྲོང ་རླུང་།། ཞེས་གསུངས་པ་སོ།། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི།། འཕགས་པ་འཇམ་པའི་དབྱངས་ཀྱི་གདན་ཏེ།། ད་ནི་ཡོངས་སུ་བསྒྱུར་བར་བྱ་བ་ཡིན་ན། སྔ་མ་ནི་བརྟན་པར་གནས་པ་ཡིན་ནོ།། དེའི་སྟེང་དུ་ཡི་གེ ་དྷཱིཿལས་ཞེས་བྱ་བ་ལ་སོགས་པ་ལ་འདིར་དོན་ནི།། དང་པོར་འཇམ་པའི་དཔལ་དེ་ཉིད་ཀྱིས་བདག་ཉིད་ཀྱི་ཞི་བའི་སྐུས་སྡང་བ་རྣམས་འདུལ་བ་མ་ཡིན་པར་གཟིགས་ཏེ། ཐུགས་ཀར་ཉི་མ་གནས་པར་བྱ་སྟེ། དེའི་འོད་ཟེར ་གྱིས་སྡང་བ་རྣམས་བསྡིགས་ཏེ། འོན་ཀྱང་རབ་ཏུ་སྡང་བ་དག་མི་འདུལ་བར་གཟིགས་ནས་ཡང་དག་ཉིད་དང་ཉི་མར་བཅས་པ། རྡོ་རྗེ་འབར་བར་བྱིན་གྱིས་བརླབས་ཤིང་དེའི་སྤྲུལ་པ་རྣམས་འདུལ་བ་དེ་དག་གི་སྤྱི་བོའི་སྟེང་དུ ་གནས་ཏེ་བསྡིགས་པ་ནི་ཡང་ཤིན་ཏུ་སྡང་བ་རྣམས་འདུལ་བ་མ་ཡིན་ནོ།། དེ་ནས་ནི་ཡང་འཇིགས་བྱེད་ཆེན་པོའི་སྐུ་འཛིན་པར་གྱུར་པས། དེ་དག་ཚར་གཅད་དེ། དེ་དག་རྣལ་འབྱོར་པ་དེས་ཀྱང་རྗེས་སུ་སྤྱོད་པ་ཙམ་ཡིན་པས ་ན། བསྡུ་བའི་ལྷ་རྣམས་ཀྱང་འདུལ་བ་གཉིས་ཀྱང་ཡིན་ལ། ཤིན་ཏུ་རབ་སྡང་བ་དེ་རྣམས་ནི། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་དང་། གཞོན་ནུ་རྣམས་གསོལ་བར་མཛད་པ་ཞེས་འཆད་པར་འགྱུར་བའོ།། ་ཞལ་དགུ་པ་ཞེས་བྱ་བ་ནི། དབུས་དང་དེ་འབྲེལ་བ་ནས་བརྣམས་པའི་གཡས་པ་གསུམ་དང་དེ་བཞིན་དུ་གཡོན་པ་གསུམ་དང་། སྟེང་དང་དེའི་སྟེང་རྣམས་རིམ་པོ་བཞིན་དུ་སངས་རྒྱས་ཀྱི་མཐར་གྱིས་གནས་པའི་སྙོམས ་པར་འཇུག་པ་དགུའོ།། འཇིག་རྟེན་གསུམ་ཞེས་བྱ་བ་ནི་དེའི་བདག་པོ་སྟེ། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་འགྲུབ་པའོ།། ཞབས་བཅུ་དྲུག་པ་ཞེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར ་དག་པའོ།། དེ་ཉིད་ཀྱི་ཕྱིར་མི་རོ་ལ་སོགས་པ་བཅུ་དྲུག་ནི་ཕྱི་རོལ་དང་ནང་ལ་སོགས་པའི་དངོས་པོར་འཛིན་པ་བཅུ་དྲུག་གི་མཚན་མར་མཛད་པ་ཡིན་པ་ཡིན་ལ། དེ་དག་སྟོང་པ་ཉིད་བཅུ་དྲུག་གིས ་བཅོམ་པ་ཡིན་པའི་ཕྱིར་ཞབས་བཅུ་དྲུག་བརྫིས་པའོ།། གཅེར་བུའི་སྐུ་ལ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་སྤངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ཕྱིར་གོས་ཡིན་གྱི། རས་ལ་སོགས་པས་བཀབ་པ་ནི་བྱིས ་པའི་གོས་ཡིན་པརོ་བསྟན་པའི་ཕྱིར་ཏེ། བྱིས་པ་གོས་རྣམས་གྱོ་ནི་ཡང་རྟག་པར་གཅེར། མཁས་པ་གཅེར་བུ་འདུག་ཀྱང་གོས་དང་བཅས། ཞེས་བཤད་པས་སོ།། མཚན་འགྲེང་ཞེས་བྱ་བ་ནི། འོདི་ལྟར་ཆེན་པོ ་དང་འདྲ་བར་བསྟན་པས་དྲི་འདུལ་བའི་ཕྱིར་ཏེ། དེ་ནི་ལྷག་པར་ཆགས་པ་ཅན་ཡིན་པས། ལོ་གསུམ་དུ་དཀར་ཐུབ་བཻ་ཟློག་མ་དང་གཉིས་ཀྱིས་གཉིས་སུ་བདེ་བས་བདེ་བ་མཚིམ་ཞིང་རྟག་ཏུ་མཚན་མ་ལས་སུ་རུང ་པའི་ཞེས་གགོ།། དེ་བསེ་ན་ཆགས་དང་ལྟ་བ་ཞེ་སྣང་ངོ་།། ལྷ་ཆེན་ཚངས་པ་ཁྱབ་འཇུག་འདུལ་ཞེས་བཤད་དོ།། ཟུར་ཕུ་ལྔ་པ་ཞེས་བྱ་བཱ་ནི་ཡེ་ཤེས?་ལྷ་དང་བཅས་པར་སྟོན་པའོ།། ཞལ་ཐམས་ཅད་ཀྱང ་སྤྱན་གསུམ་དང་ལྡན་པའོ།། ཞེས་བྱ་བ་ནི་སེམས་ཅན་གྱི་ཕྱིར་སྣང་བ་སྟོན་པའི་ཇི་སྙེད་པ་ལས་ཡང་རྣམ་པར་ཐར་པ་གསུམ་གསུམ་ལས་བྱུང་བའི་ཕྱིར་རོ།། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་ཨ་དམར་པོ་ལས ་བྱུང་བའོ།། དེ་ལ་རང་གི་གསང་སྔགས་དམིགས་ལ་ཞེས་བྱ་བ་ནི་དབུས་སུ་ཡཾ་སྔོན་པོ་འམ་ཧཱ་སྔོན་པོའི་ཡི་གེ་སྟེ། ཐ་མུར་སྔགས་གསུམ་གྱི་ཕྲེང་བ་གཡས་སྐོར་དུ་བསྒོམ་མོ།། གཡེངས་པ་མུད་པའི་ཡིད་ཀྱི་ཞེས་བྱ་བ ་ནི་ཐ་ན་སྟོང་པ་ཉིད་ཀྱང་མི་བསམ་སྟེ།། རིག་སྔགས་ལྷ་ནི་མ་གཏོགས་པར།། བསྒོམ་པ་མཆོག་ཏུ་གྱུར་པ་ཡང་།། ཟློས་པས་བཟླས་བརྗོད་བྱེང་པའི་ཚེ།། ཀུན་རྟོག་བཟུང་ནས་མིང་བསམ་མོ།། ཞེས་གསུངས་སོ།། ་བཟླས་བརྗོད་བྱའོ་ཞེས་བྱ་བ་ནི།། སྔོན་བཞིན་སྤྲོ་བསྡུ་བྱ་སྟེ་སྐྱོ་ནའོ།། འཐབ་མོའི་གནས་ཞེས་བྱ་བ་ནི་སྔོན་བཞིན་ནོ།། འདིར་ནི་བསྙེན་པའོ་གནས་སོ།། ངེས་པ་ཁོ་ན་མ་ཡིན་པས་ན།། དུར་ཁྲོད་ལ་སོགས་པ་ཞེས ་སྨོས་ཏེ།། སྔོར་བསྟན་པ་རྣམས་ལྕེསྲ་ཡང་གང་དགའ་བཱ་གནས་སོ།། དམ་ཚིག་གི་རྫསོ+ོ་ཤེས་བྱ་བ་ནི། ཤ་ཆེན་པོ་དང་རྡོ་རྗེ་ཆུ་ལ་སོགས་པ་སྟེ།། འདི་ནི་རེ་ཤིག་སེམས་སྦྱངས་པས་བྱའོ།། ལེའུ་བཞི་པའི ་བཤད་པའོ།། འཁོར་ལྷོ་བྲི་བར་བྱའོ་ཞེས་བྱ་བ་ནི། འདི་ནི་མི་མ་ཡིན་པའི་ཚོགས་ཀྱིས་བསྐོར་བ་འོ་མ?། དཀྱིལ་འཁོར་གྱི་ཚུལ་ལས་ཕྱག་རྒྱ་མི་བྲི་བར་རྡོ་རྗེ་ར་བ་ལ་སྒོ་གདོང་པའོ།། ལྐོག་པའི་ཡོན་ནི་ཞེས ་བྱ་བ་ནི། འབྲི་མཁན་གྱི་ཆད་ལས་རྒལ་པོའོ།། སྲིན་པོ་ཞེས་བྱ་བ་ལ་སོགས་པ་ནི། དུར་ཁྲོད་ཀྱི་དེ་ཁོ་ན་ཤེས་པར་འགྱུར་རོ།། སྒྲུབ་པོ་ཞེས་བྱ་བ་ནི། ཇི་ལྟར་བསྟན་པ་ལས་ཤ་ཚུགས་ལ་སོགས་པ་རབ་ཏུ ་འདྲ་བར་བྲིའོ།། ཤ་ཆེན་པོའི་བདུག་སྤྲོས་ཕུལ་ཏེ་ཞེས་བྱ་བ་ནི། དང་པོར་སྤྱན་ཕྱེ་ལའོ།། གཞན་ལ་བསྟན་པར་མི་བྱའོ་ཞེས་བྱ་བ་ནི།། གླགས་བམ་དང་ནི་བྲིས་སྐུ་དག། རྨོངས་པ་དག་ནི་བསྟན་བྱས་ན། ་ཚེ་འདིར་དངོས་གྲུབ་མི་འབྱུང་སྟེ།། ཚེ་རབས་གཞན་དུའང་དངོས་གྲུབ་མེད།། ཆོས་གསུངས་པསོ།། རྟག་ཏུ་ནུབ་མེ་ཟ་བར་བྱའོ་ཞེས་བྱ་བ་ནི། གཅིག་ཏུའང་གསང་བར་བྱ་བའི་ཕྱིར་མཚན་མོ་མི་ཉལ་ཙམ་ན་དམ་ཚིག་རྫས་དག ་ལུས་དུབ་པ་བསལ་བྱ་ལ་སོགས་པའི་ཕྱིར་བཟའོ།། ཉན་པར་མའི་ཤ་ལ་སོགས་པ་བཟའ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འགྲོ་བ་སྐུར་བ་སྨྲ་བའི་མཐའ་ལ་ཐུག་པར་འགྱུར་ཞིང་བདག་ཉིད་ཀྱང་ཅེ་སྤྱང ་གི་དང་འབྱུང་པོའི་ཁོངས་སུ་འཇུག་པའི་ཕྱིར་རོ།། གང་ཞིག་དངོས་གྲུབ་མཆོག་འདོད་པ་ཞེས་བྱ་བ་ནི། ངན་པའི་སྤྱོད་པ་འདི་དག་ནི་སེམས་དག་པས་བྱའི་གཞན་དུ་མ་ཡིན་ལ། དངོས་གྲུབ་ཆེན་པོ་རྣམས་ནི་སེམས ་དག་པས་ཐོབ་ཀྱི། མི་གཙང་བ་ལོངས་སྤྱོད་པས་ནི་མ་ཡིན་ཏེ། ཕག་ལ་སོགས་པ་བཞིན་ནོ།། སོམས་དག་པ་ནི་འབྲས་སཱ་ལུའི་ཆུན་དང་། མིའི་ཤ་དང་། བཤང་བའི་དྲི་དང་། ག་པུར་གྱི་དྲི་དག་ལ་འདོད་པའི་ཡོན་ཏན ་དུ་མཉམ་པར་འགྱུར་ཏེ། དེ་བས་ན་གང་དག་དགའ་བ་དེ་ལ་དབུལ་ཏེ། འདི་ལྟར་ཆང་དང་དེ་བཞིན་དྲི།། ཇི་ལྟར་བཟའ་བ་དེ་བཞིན་བཤང་།། ཇི་ལྟར་དྲི་བཟང་ག་པུར་དག། དེ་བཞིན་བཤད་པ་ལས་བྱུང་དྲི།། ཞེས་གསུངས ་པ་ལྟ་བུའོ།། ལེའུ་ལྔ་པའི་བཤད་པའོ།། །། སྦྱིན་སྐྱེག་གི་ཆོ་ག་ཞེས་བྱ་བ་ནི། རབ་ཏུ་བསྡུས་པ་བཤད་པར་བྱ། རྒྱས་པར་འདི་དང་ཆ་མཐུན་པའི་རྒྱུད་ལས་ཤེས་པར་བྱ་ཞིང་། གཞན་ཡང་། ཞི་བ་དང་ནི ་རྒྱས་པ་དག། ཟླ་བ་ཡར་གྱི་ངོ་ལ་བྱ།། དབང་དང་དྲག་ཤུལ་སྦྱོར་སོགས་པ།། ཟླ་བ་མོར་གྱི་ངོ་ལ་བརྩ་མི།། བྱང་དུ་ཁ་བལྟོས་ཞི་བ་ལ།། དེ་བཞིན་རྒྱས་པ་ཤར་དུ་བལྟ།། དྲག་པོའི་ལས་ལ་ལྷོ་ཕྱོགས་སུ།། དབང ་གི་ལས་ལ་ནུབ་ཏུ་བལྟ།། གསང་པོ་ཉིད་ལ་མེ་ཕྱོགས་སུ།། དབྱེ་བ་ལ་ནི་སྲིན་པོའི་ཕྱོགས།། གནས་ནས་བསྐྲད་བ་རླུང་ཕྱོགསུ།། མནན་པ་ལ་ནི་དབང་ལྡན་ཕྱོགས།། ཞི་ལ་ཁ་དོག་དཀར་པོ་སྷོ།། རྒྱས་པ་ལ་ནི ་སེར་པོར་བྱ།། དབང་དང་དགུགས་པ་དག་ལ་དམརོ།། གསད་པ་ཁ་དོག་ནག་པོའོ།། ཞི་ལ་བྱམས་པའི་སེམས་ཀྱོས་བྱ།། རྒྱས་ལ་དགའ་བའི་སེམས་ཀྱི་བྱ།། དབང་དང་དགུག་པ་ཆགས་སེམས་ཀྱིས།། གསང ་པ་ལ་ནི་ཁྲོ་སེམས་ཀྱིས།། ཞི་བ་སྲོང་ལ་ཕར་ཆེར་བྱ།། རྒྱས་པ་དེ་བཞིན་སྔ་དྲོ་བྱ།། དབང་དང་མངོན་སྤྱོང་ངག་གི་ལས།། ཉི་མ་གུང་དང་ནམ་ཕྱེད་ནོ།། ཞེས་གསུངས་པ་སྦྱརོ།། འབྲུ་མར་གྱིས་ཞེས་བྱ་བ་ནི།། ་སྐེ་ཚེའམ་ཡུང་མར་གྱིསོ།། བརྫིས་ཏེ་ཞེས་བྱ་བ་ནི།། ཆུ་བོའི་འགྲམ་གཉིས་ཀྱི་ས་དང་།། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་བརྫིས་ཏེ། དགྲའི་པུ་ཏེ་ལིང་ག་བྱས་ཏེ། དེའི་སྙིང་གར་ལས་ཀྱི་སྔགས་བསྐུལ་བ་སྨོས་པ་བྲིས ་ཏ། མཚན་རྣོན་པོས་གཏུབ་ཅིང་བསྲེག། དུར་ཁྲོད་མ་ལ་ཞེས་བྱ་བ་ནི།། དུར་ཁྲོད་ནས་བྱུང་བའི་མེ་ལའོ།། ཡིད་དུ་མི་འོང་བའི་རླུང་གི་མེ་ཞེས་ནི་མི་བསམ་སྟེ། མངོན་སྦྱོང་ལ་ནི་དུར་ཁྲོད་ལས་བླངས ་པའི་མེ་ཞེས་གསུངས་པ་དེ་ཡང་། རྟོག་པ་ང་མ་འབྲེལ་བའི་ཕྱིར་རོ།། བས་མཐའ་ཞེས་བྱ་བ་ནི་གང་ནས་གྲོང་གི་སྒྲ་ཆེན་པོ་ཡང་མི་ཐོས་པའོ།། སྨེ་ཤ་ཅན་ཞེས་བྱ་བ་ཡང་། སྨེ་ཤ་ཅན་ལས་བཙལ་བའི་མེ་སྟེ། དེ་ལྟ་མ་ཡིན་ན ་སྦྱོར་བ་འདི་གཉིས་རང་བཟློག་པའི་ཉེས་པར་ཇི་སྟེ་མི་འགྱུར། བྱ་རོག་ལ་སོགས་པ་ནི་ཟུང་རེ་རེས་འགྲུབ་པས་ན་འམ། ཞེས་བྱ་བ་སྨོས་སོ།། ཁྱིམ་དུ་འདུག་ནས་ཞེས་བྱ་བ་ནི་འདི་ལྟར་ན་ཡང་གྲུབ་ན་དུར་ཁྲོད་ལ་སོགས་པར ་ལྷོ་ཅི་སྨོས་པའོ།། རྡོ་རྗེ་འཆང་ཞེས་བྱ་བ་ནི། སྔགས་པ་གང་ཡང་རུང་བ་ལ་དགོངས་པས་གསུངས་པའོ།། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བ་ནི། ཐབ་ཟླ་བ་ཕྱེད་པ་ལྟ་བུ་འམ།། གྲུ་གསུམ་པའི་དབུས་སུ་དེ་ལྟར ་བྱིབྱེ་བའོ།། གྲུ་བཞི་དཀྱིལ་འཁོར་ཞེས་བྱ་བ་ནི།། ཐབ་ཁུང་སེར་པོ་དབང་ཚན་གྱི་དཀྱིལ་འཁོར་ལྟ་བུའོ།། ལས་དང་མཐུན་པའི་རྣལ་འབྱོར་ཞེས་དམིགས་ཏེ་ཞེས་བྱ་བ་ནི། སྔར་བརྗོད་པ་དང་མེ་ལྷ་དང་ལྷན་ཅིག་པའི་ལྷ་རྣམས ་སོ།། བྱི་ལའི་མུ་ཏྲ་དང་སྦྱར་ལ། ཞེས་བྱ་བ་ནི་རྫས་དེ་དག་རེ་རེ་ནས་བསྲེགས་པ་བཀང་བའོ།། ལེགས་པར་མཉམ་པར་བཞག་པར་བྱ། ཞེས་བྱ་བ་ནི་སྙིང་རྗེས་རབ་ཏུ་བརླན་པར་བྱའོ།། ཁྲག་གིས་བརྫིས་ཏེ། ཞེས་བྱ ་བན་ཁྲུག་སྡིག་མེད་པ་གང་ཡང་རུང་བས་བརྗེས་ལ་བུ་བོའི་གཟུགས་བརྙན་སྙིང་ཀར་སྔགས་བསྐུལ་བ་སྨོས་ལ་གཞག་པ་བྱས་ན་དེ་བཅད་ཅིང་བསྲེགས་པའོ།། ཞི་བར་དམིགས་པའི་བདག་ཉིད་ཀྱིས།། ཞེས་བྱ་བ་ནི་ལྷ ་དང་མེའི་ལྷ་དང་རྫས་རྣམས་ཁ་དོག་དཀར་པོར་བསམས་ཏེ། གསང་བ་ཡི་བདག་པོ་དེ་ལྟར།། མེ་ཡཾ་གཟུགས་ནི་བྱིན་བརླབས་ཏེ།། བདག་གི་རང་གི་གཟུགས་དང་ནི།། རྫས་ཀྱང་དེ་ཡི་ངོ་བོར་བྱ།། ཞེས་གསུངས་བས ་སོ།། མཉམ་པར་བཞག་པའི་ཡིད་ཀྱིས། ཞེས་བྱ་བ་ནི་རིན་པོ་ཆེ་དང་། ནོར་སྣ་ཚོགས་ཀྱི་ཆར་དབབ་པའི་ཏིང་འཛིན་ལའོ།། སྐེ་ཚེ་ལས་ཞེས་བྱ་བ་ནི། སྐེ་ཚེ་བཏགས་པ་ལས་སོ།། བྱ་རྒོད་ཆེན་པོའི་ཚད།། ཅེས་བྱ་བ་དེ། ་ནི་ཅི་བསགས་པའི་ཚད་བྱེ་བྲག་མི་བྱ་བར་རོ།། ནོར་མ་ཡིན་པར་འགྱུར་ཏེ། ཞེས་བྱ་བ་ནི་ཨ་མུ་ཀ་ན་མ་ཏྲ་བྱཱ་ཨུ་ཏཱ་བྱཱ་ཨ་ཏཱ་བྱཱ་ཀུ་རུ་ཞེས་བསྐུལ་བ་སྨོས་པསྷོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ཉིད་དུ།། ཞེས་བྱ་བ་ནི ་དེ་བཞུགས་པའི་གནས་སུ་དེའི་སྤྱན་སྔར་ཏེ། འདི་ནི་གནས་འདིར་བསྟེན་པའོ།། ཁྲག་ཅེས་བྱ་བ་ཡང་བ་ལང་ཀྱིའོ།། རྡོ་རྗེ་ཆུ་ནི་རིང་གོ་མུ་ཏྲའོ།། རྒྱལ་པོའི་ཕོ་བྲང་འཁོར་ཞེས་བྱ་བ་ནི་གཞོན་གྱི་ཚོགས་ལྟ་ཅི་སྨོས་ཞེས ་བྱ་བའི་ཐ་ཚིག་གོ།། བདག་ཉིད་གཅིག་པུ་བྱ་བ་ཡིན། ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་གྲོགས་རྙེད་པར་དཀར་བའི་ཕྱིར་ཏེ། བྱིས་པས་གྲོགས་སུ་མི་འགྱུར་ཕྱིར།། གཅིག་པུ་སྤྱོད་པ་བྱེད་སླུ་བས།། མ་བཏིང་མགོན ་པོའི་གླང་པོ་བཞིན།། སེམས་ཁྲལ་བསྐྱུངས་ཏེ་གཅིག་པུ་སྦྱང་། ཅེས་གསུངས་པ་ལྟ་བུའོ།། རྒྱ་ཆེན་པོ་ཞེས་བྱ་བ་ནི། ལས་ཀྱི་རྣམ་གྲངས་མང་པོ་སྟེ། གཞན་ནི་འདིར་ནི་རབ་ཏུ་བསྡུས་པས།། ་རྒྱུད་གཞན་ལ་བལྟོས་པའི་ཕྱིར་རོ།། ལེའུ་དྲུག་པའི་བཤད་པའོ།། བསྙེན་ཅིང་ཞེས་བྱ་བ་ནི་བསོད་ནམས་ཡེ་ཤེས་སྐྱེས་པས་སོ།། དེ་བས་ན་ངེས་པར་སེམས་ལས་སུ་རུང་བར་སྦྱངས་པ་སྟེ་ངེས་སོ།། བསྒྲུབ་བྱ་ཞེས་བྱ་བ་ལ ་སོགས་པར་ནི་ཇི་སྐད་བསྟན་པ་ལས་སྤྱི་ཚུགས་སུ་གནས་པར་རོ།། དཔག་ཚད་བརྒྱ། ཞེས་བྱ་བ་ནི་བྱིས་པ་ལྟ་བུའོ་སྒྲུབ་པ་པོ་རྣམས་རིང་བར་གནས་པ་ལ་རེ་བ་ཆད་པས་བསྒྲུབ་པར་དཀའ་མོད་ཀྱི་ཞེས་པའོ།། སྙིང་ག་རོ་ཞེས་བྱ ་བ་ནི་མཆོད་སྡོང་ལ་འཛེག་པའི་སྐྱེས་བུའི་ཕྱིར་བལྟ་བ་ལྟར་ལག་པ་གཡས་པ་དག་མཚོན་ཆའི་མཆོག་འཛིན་པར་རོ།། ཨ་ལས་སྒྲུབ་པའི་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བྱུ་རུའི་མདོག་འདྲ་བར་རོ།། ས་གསུམ། ཞེས ་བྱ་བ་ནཾ་ས་འོག་དང་ས་ཡུལ་དང་ས་བླའོ།། དེས་ཀླུ་ལྷགས་མ་ཅན་གྱི་གཟུགས་དཀར་པོ།། ཞེས་བྱ་བ་ནི་འདི་ཀླུའི་རྒྱལ་པོ་རྒྱ་མཚོ་ཆེན་པོའི་ཕྱག་རྒྱ། དུག་ཐམས་ཅད་སེལ་བ་སྟེ། བདག་ཉིད་ཁ་དོག་དཀར་པོ་ཞི་བར ་བསམས་པའི་སྙིང་གར་པོ་གྱི་ཡི་གེ་དཀར་པོ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱུད་པ་བསྐྱེད་ལོ་དེའི་ལྟེ་བར་ཡི་གེ་ཨི་དཀར་པོའོ།། དེ་ལས་ཀྱང་ནོར་བུ་མརྐ་ཏ་དཀར་པོ་སྟེ། དེ་ཡོངས་སུ་གྱུར་པ་ལས་ནི། སྦྲུལ་དཀར ་པ་གཉིས་ཕན་ཚུན་མཇུག་མ་འབྲལ་ཅིང་ལངས་ནས་བསྒྱིངས་ཏེ། མིག་རྩ་བསྒྲིམས་ནས་གཅིག་ལ་གཅིག་བསྡིགས་པ་ལྟར་འདུག་པའི་བར་མཇུག་མའི་སྟེང་ནས་རྩེ་མོ་གསུམ་གསུམ་པའི་རྡོ་རྗེ་ཁ་གཉིས་པ། སྒོང་སྐྱེས་ནས ་འབྲས་འདྲ་བ་གནས་པ། གཅིག་ལ་གཅིག་བལྟ་ཞིང་ལྕེ་འབྱིན་པ། གཉིས་ཀའི་མགོ་ལ་ཡི་གེ་ཧི་ལྟ་བུའི་ནོར་བུ་འོད་འབར་བ་འཇིགས་པར་བསམས་ཏེ། དེ་ནས་དེ་གཉིས་ཀྱི་མགོ་བསྒྲུབ་བྱའི་མགོའི་སྟེང་དུ་གནས་པར་བྱ ་སྟེ། ནོར་བུའི་ཡི་གེ་ཨི་དང་། མཆི་མའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས་ཇི་སྐད་གསུང་པ་དང་འགྱུར་རོ།། གཞན་ལག་ངར་གཉིས་ཕན་ཚུན་བསྣོལ་ཏེ། དཀྲིས་ལ་ལག་པ་གཉིས་ཀྱིས་མཐེ་བོང་མཐེའུ་རྣམས་ལུ ་གུ་རྒྱུར་དུ་སྦྲེལ་ནས། སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚོན་ཉིད་ལས་སྦྲུལ་མགོ་གདེངས་ཀ་ལྔར་བྱས་ཏེ། ནས་རེ་རེ་ཙམ་དུ་བར་ངག་བྱས་པ་འདི། ན་མོ་བཛྲ་པཱ་ཎི། ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། ་སྦྲུལ་ཅན་ལེ་བསྟན་ན་ཐོགས་པ་མེང་པར་དེའི་དུག་འཇོམསྭཱ་ཏེ། མི་སྣང་བའི་ཀླུ་དུག་ཅན་རྣམས་ཀྱང་ངོ་།། མངར་སྣ་གསུམ་གྱི་གཏོར་མ་ཡང་ཕྱག་རྒྱའི་ལྷ་ལ་དབུལ་ལོ།། འདི་ནི་བདག་གི་ཞར་ལ་བཤད་པ་ཡིན་གྱི། ་གནས་སྐབས་ཀྱི་བྱ་བ་ནི་མ་ཡིན་རོ།། བཞི་པ། ཞེས་བྱ་བ་ནི་ཆགས་པ་ཆེན་པོས་ལུས་བཞུ་བ་ཙམ་དུ་གདུངས་པར་འགྱུར་པའི་དབང་དུ་བྱ་བའི་སྦྱོར་བའོ།། དེ་ཡང་དངོས་སུ་ནི་འཛག་པ་ཉིད་ཞུ་བའོ།། མྱོས་པ་ཞེས་བྱ་བ་ནི ་ཆགས་པས་སེམས་འཁྲུག་པར་གྱུར་པའོ།། དེའི་སྙིང་གར་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་གཞན་སྟོན་ཏེ། ཡི་གེ་བཅུ་པའི་གསུང་སྔགས་ཞེས་བྱ་བ་ནི་མདོག་དམར་བའོ།། ཡེ་ཤེས་ཀྱི ་ཡི་གེའི་གཟུགས་ཞེས་བྱ་བ་ནི་བསྒྲུབ་བྱའི་སེམས་ཀྱི་ཡི་གེ་དམར་པོར་གྱུར་པའོ།། ཡི་གེ་དེ་ལ་བཞུགས་ཏེ། ཞེས་བྱ་བ་ནི་བདག་གིས་སྤྲོས་པ་ལ་སྟེ། དེའི་ཕྱིར་གཅིག་ཏུ་འདྲེས་པར་བསམ་མོ་ཞེས་གསུངས་སོ།། ་འདི་སྐད་དུ་བཤད་པར་འགྱུར་ཏེ། བདག་ཉིད་ལ་དོག་དམར་པོའི་ལྷ་ཉིད་དུ་འོང་བའི་རྣལ་འབྱོར་གསལ་བར་བསམས་ལ། དེའི་སྙིང་གར་ཡི་གེ་བཅུ་པ་དམར་པོ་ཟླ་བ་དམར་པོས་བསྐོར་བར་བསམས་ལ། དེ་ནས་སྔགས་བསྐུལ་བར ་མོས་པས་རྡོ་རྗེའི་བཟླས་པར་བརྗོད་པས། ཡི་གེ་དེ་དག་སྙིང་ག་ནས་བྱུང་སྟེ། བསྒྲུབ་བྱའོ་སྙིང་གར་གནས་ཤིང་། དེར་ཡང་དེའི་སེམས་ཀྱི་རང་བཞིན་ཡི་གེ་བཅུ་དམར་པོའི་མདོག་ཏུ་གྱུར་ཏེ། ཡང་དག་འདྲེས་ཏེ། སླར་ཐིག་དེ་དག ་སྙིང་གར་ཟ་བ་དམར་པོའི་ཡི་ག་ཡ་དམར་པོ་ལ་བསྟིམ་མོ།། འདི་ལྟ་བུའི་རྣལ་འབྱོར་མ་མཆོག་ཡིན་པས་ན། རྣལ་འབྱོར་འདི་ནི་ཉི་མ་བདུན་ན་འཁོར་ལོས་སྦྱར་བ་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་འཚེ་བའི་བར་དུ་དབང་དུ ་འགྱུརི་ཞེས་གསུང་སོ།། ལས་དེ་དག་ནི་བསམ་གཏན་མ་ཡིན་པས་འགྲུབ་པར་མི་འགྱུར་བས་ན་སྔགས་པ་ཤིན་ཏུ་མཉམ་གཞོག་ཅིང་།། བསམ་གདན་ལ་ནི་བརྡན་པར་བྱ།། ཞེས་གསུངས།། རྒྱུད་ཅེས་བྱ་བ་ནི་རྟོག་པ་རྫོགས་པ ་གསང་བའོ།། ལྷག་མ་རྣམས་ནི་ཕྱོགས་འགའ་ཞིག་སྦྱིན་པ་ཡང་དགག་པའོ།། སྔགས་ཀྱང་བསྟན་པར་མ་བྱའོ་ཞེས་བྱ་བ་ནི་ཡི་གེར་བྲིས་པ་ཙམ་ཡང་།། རྣལ་འབྱོར་མ་བཟུང་། ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་རྣལ་འབྱོར་མུ་སྟོང་ཕྲག ་ཉི་ཤུ་རྩ་ལྔའོ།། མཁའི་འགྲོ་མ། ཞེས་བྱ་བ་ནི་ཞིང་བསྲིང་བ་ལ་སོགས་པའོ།། འཁོར་ལོ།། ཞེས་བྱ་བ་ནི་དཀྱིལ་འཁོར་དང་འཁྲུལ་འཁོར་དག་འདིར་གཙོ་བོར་གྱུར་པས་སོ།། རྟོག་པ་ཞེས་བྱ་བ་ནི་ཆོ་གྲོའི་ཚོགས་སོ།། ཕྱོགས་གཅི ་པ། ཞེས་བྱ་བ་ནི་ཀུན་ལས་བཏུང་བའི་མུན་ངག་གི་ཕྱོགས་གཙུག་ཏུ་བྱས་པའོ།། བཀླགས་པས་འགྲུབ་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་རྣམས་ཀྱིསོ།། ཡན་ལག་གསུམ་པ་མངོན་པར་བརྗོད་པའོ།། བླ་མ་མ་བསྟན་མན་ངག ་གཏམ་དྲོལ་བར།། མི་མཁས་དག་ནི་ངེས་པར་མཆོག་ཡིན་ནས།། རྒྱང་དོན་ལོག་སྟེར་འཆང་རྡིང་བྱིས་པ་བསྒོ།། དེ་དག་བསླུ་བྱ་ཤིས་ཟེད་འདི་བྱས་སློབ་མའི་ཕྱིར་སྦྱོར་བ་རྒྱ་ཆེན་ཇི་སྐད་བླ་མས་སྤྲས་པཾ་བནྡྷན། ་འོན་ཀྱང་དགེ་འགྲོ་ཐུབ་པའི་དབང་པོར་གྱུར།། དཔལ་རྡོ་རྗེ་འཇིགས་ཀྱི་རྒྱུད་ཀྱི་དཀའ་འགྲེལ།། རྡོ་རྗེ་སློབ་དཔོན་མི་བསྐྱོད་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན ་པོ་བི་ནཱ་ཡ་ཙནྨ་དང་། ལོ་ཙྪ་བ་དགེ་སློངཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་