CLOSE WINDOW

GT833: gshin rje gshed nag po'i dkyil 'khor gyi bstod pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་མཎྜལ་སྟུ་ཏེ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤད་ནག་པོ་ལ་ཕྱག་འཚལོ།། ་ཙར་ཙི་ཀ་སོགས་བྱ་མས་སོགས་པས།། འཁོར་ལོའི་གཙོ་བོ་བསྐུལ་བར་བྱེད།། རྡོ་རྗེ་གླུང་ཡི་ངོ་བོ་ཉིད་དུ།། ཕུན་ཚོགས་ཉམ་འདྲལ་མཐོང་ནས་ནི།། ཁུ་བོའི་གཟུགས་ནི་ཡོངས་གྱུར་ནས།། མོ་སྔོན་ཉི་མ་ལས་བྱུང་བ།། མི ་བཟང་ཁྲོ་བཅས་མདོག་སྔོན་པོ།། རུས་པའི་རྒྱན་གྱིས་རྣམ་པར་བརྒྱན།། རོ་རྣོ་འབར་ཞིང་སྤུ་སེར་སྐྱ།། རྨེག་པ་བརྐོ་ཞིང་འཇིགས་སྦྱིན་པ།། མྱ་ཧེ་ཡི་ནི་རྒྱབ་གནས་པ།། རྡོ་རྗེ་སྔོན་པོ་འོད་དང་བཅས།། ས་བོན་བཅས་པ་དང ་ཉིད་ཀྱིས།། མ་ལུས་དུས་ནི་འཇིགས་བྱས་ནས།། བདག་ཉིད་ལ་ན་ཡང་དག་བསྡུས།། འཇིག་སོ་ཆེན་པོ་ཡང་འཇིགས་པར་བྱེད།། མ་ཧ་རྡོ་རྗེའི་རྣལ་འབྱོར་ཏེ།། རྣམ་ཤེས་ཕུང་པོ་རྣམ་དག་ལས།། དཀྱིལ་འཁོར་གཙོ་བོ ་གཤིན་རྗེ་གཤེད།། འཇིག་རྟེན་གསུམ་གྱི་བདུད་ཀྱི་འཁོར།། འོད་ཟེར་དྲག་པོ་སྤྲོས་པས་སྐྱོང་།། དྲག་པོ་མུན་འདྲའི་གཟུགས་དྲུག་པོ།། འགྲོ་བ་ཀུན་གྱི་ཉོན་མོངས་པའི།། དྲི་མ་བསྡུས་པས་ནག་པོ་ཉིད།། རྟག་པའི ་འཁོར་བ་མ་ངན་འདས།། གཤིན་རྗེ་དེས་འདུལ་གཤིན་རྗེ་གཤེད།། ཞི་བས་མི་འདུལ་དེས་འདུལ་པས།། དེས་ན་ཁྲོ་བོ་ཆེན་པོའོ།། ལྕེ་འདྲིལ་བ་ལ་པེ་འབྱིན་པ།། མཆེ་བ་ཤིན་ཏུ་གཙིགས་པ་སྟེ།། སྨིན་མ་སྨ་ར ་མགོ་སྐྱེས་སེར།། གཡོན་བརྐྱང་བ་ཡི་གནས་པ་ཡིས།། འཇིག་རྟེན་དྲན་པ་མེད་པར་བྱེད།། རྣམ་པར་ཐར་པའི་སྒོ་གསུམ་ཉིད།། རྣམ་པར་དག་པས་ཞལ་གསུམ་སྟེ།། རྩ་བུའི་ཞལ་ནི་ནག ་པོ་ཆེ།། གཡས་པ་ཟླ་བའི་འོད་དང་འདྲ།། གཡོན་པ་ཁྲག་དང་རབ་ཏུ་འདྲ།། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན།། ཐུང་ཞིང་གསུས་པ་འཕྱང་ལ་སྡོམ།། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན།། ཕ་རོལ་ཕྱིན་དྲུག་ཡོངས་སུ་ནི།། ་རྫོགས་པར་བསྒོམས་པས་ཕྱག་དྲུག་སྟེ།། སེམས་ཅན་དག་ནི་ཐམས་ཅད་ཀྱི།། ཇི་སྙེད་སྡིག་པ་ཡི་ནི་ལས།། དེ་གཅོང་གྲི་གུག་གཡས་པ་བསྣམས།། བདེ་བ་སྐྱོང་བ་ཉིད་ཀྱི་ནི།། གཡོན་གྱི་ཕྱག་ན་ཐོད་པ་བསྣམས།། ་ཚོགས་གཉིས་རྫོགས་པ་ཉིད་ཀྱིས་ནི།། ཉིང་མཚུངས་ཤེས་རབ་ཀྱིས་འཁྱུད་ཅིང་།། བདེ་བར་འཇུག་ཅིང་གཞན་དྲོན་འདོད།། ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད།། གཡོས་པའི་ཕྱག་གི་ལྷག་མ་ལལོ།། རྡོ་རྗེས་སེར་སྣ་ལ་སོགས ་འཇོམས།། ཉོན་མོངས་དགྲ་རྣམས་རྣམ་འཇོམས་པས།། རལ་གྲི་འབར་བ་བསྣམས་པ་སྟེ།། གཡོན་པའི་ཕྱག་གི་ལྷག་མཱ་ལ།། འཐུབ་ཅིང་སྦྱོར་བའི་འཁོར་ལོ་དང་།། སྐྱོན་གྱིས་མ་གོས་ཆུ་སྐྱེས་བསྟིམས།། ན ་སྡང་ཉོན་མོངས་འཇོམས་མཛད་པས།། སྦྲུལ་གྱི་དབང་པོས་རྒྱན་དུ་བྱས།། ཀླུ་རྒྱལ་སྔོན་པོ་དགའ་བོ་ཡིས།། སྐ་བཅིངས་ཤིན་ཏུ་འཇིགས་པར་བྱེད།། ཏཀྵ་ཀ་ཀླུ་དམར་པོ་ཡི།། རྣ་ཆ་གདུབ་ཀོར་བྱས་པོས་འཇིགས།། རིགས ་ལྡན་ཁྲ་བོས་དཔུང་བརྒྱན་ཏེ།། དུང་སྐྱོང་ཞེས་པའི་ཀླུ་དཱ་ནི།། སེར་པོ་ལག་པའི་གདུ་བུར་བྱས།། པདྨ་དཀར་པོས་དོ་ཤུལ་བྱས།། ཀར་ཀོ་ཊ་ནི་ལྗང་ཀུ་སྟེ།། སེ་རལ་ཁ་རུ་བྱ་བས་མཛེས།། བདུད་རྩིའི་མདོག་དང་འདྲ་བའི་ཀླུ། ནོར ་རྒྱས་བུས་ནི་སྐ་རིགས་བྱས།། པདྨ་ཟླ་བ་ལྟར་དཀར་མདོག། པདྨ་ཆེན་པོ་རྐང་གདུབ་ཡིན།། ཀུན་ཀྱང་ཕུང་སྒྲ་དྲག་པོ་སྒྲོགས།། ལྕེ་གཉིས་མཆེ་བའི་ཕྲེང་བ་ཅན།། ཆོསོ་སྐུའི་རང་བཞིན་ཉིད་ཕྱིར་དུ།། ལོངས་སྤྱོད་རྫོགས་དང ་སྤྲུལ་པ་ཡི།། གཟུགས་སུ་མཛད་པའི་རང་བཞིན་ཏེ།། ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱིས།། ཞེ་སྡང་འཇོམས་མཛོད་ཕྱག་འཚལ་བསྟོད།། ཤཱར་དུ་ཀྵེ་དང་འཁོར་ལོ་དང་།། གཟུགས་ཀྱི་ཕུང་པོ་རྣམ་དག་པས།། རྟག ་པ་ཕྱག་དྲུག་དཀར་པོ་སྟེ།། རྩ་བའི་ཞལ་ནི་དཀར་པོ་ལ།། གཡས་པ་གནག་ཅིང་གཡོན་པ་དམར།། གཡས་པ་འཁོར་ལོ་རལ་གྲི་ཕྱག། གཡོན་པ་རེ་ནི་ཆེན་ཆུ་སྐྱེས་འཛིན།། ཟླ་བའི་དཀྱིལ་འཁོར་མཉམ་པར་གནོན།། ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། གཏི་མུག་འཇོམ་མཛད་ཕྱག་འཚལ་བསྟོད།། ལྷོ་རུ་མ་དང་རིན་ཆེན་ལས།། ཚོར་བའི་ཕུང་པོ་རྣམ་དོག་པས།། བྱུང་བ་ཕྲ་མ་གཤིན་རྗེ་གཤེད་།། བཙེ་མ་གསེར་གྱི་མདོག་འདྲ་མ།། རྩ་བའི ་ཞལ་ནི་སེར་པོ་སྟེ།། གཡས་པ་གནག་ཅིང་གཡོན་པ་དཀར།། གཡས་ན་རིན་ཆེན་རལ་གྲི་བསྣམས།། གཡོན་ན་འཁོར་ལོ་ཆུ་སྐྱེས་ཉིད།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། ཕྲ་མ་འཇོམས་མཛད་ཕྱག་འཚལ་བསྟོད།། ་མེ་དང་པདྨ་ལས་བྱུང་བ།། ནུབ་ཏུ་འདོད་ཆགས་རྡོ་རྗེ་ཅན།། འདུ་ཤེས་ཕུང་པོ་རྣམ་དག་ཉིད།། པདྨ་རཱ་ག་འདྲ་བའི་འོད་།། རྩ་བའི་ཞལ་ནི་དམར་ལ་གདངས།། གཡས་པ་གནག་ཅིང་གཡོན་པ་དཀར།། གཡས ་ན་པདྨ་རལ་གྲི་བསྣམས།། ཕྱག་གཡོན་རིན་ཆེན་འཁོར་ལོ་སྟེ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། འདོད་ཆགས་འཇོམས་མཛད་ཕྱག་འཚལ་བསྟོད།། ང་དང་རལ་གྲི་ལས་བྱུང་བ།། འདུ་བྱེད་ཕུང་པོ་རྣམ་དག་ལས།། བྱང་དུ ་ཕྲག་དོག་གཤི་ནི་རྗེ་གཤེད།། མུརྐ་ཏ་ཨུཏ་པལ་ལྟ་བུའི་འོད།། རྩ་བའི་ཞལ་ནི་ལྗང་གུ་སྟེ།། གཡས་པ་གནག་ཅིང་གཡོན་པ་དཀར།། གཡས་ན་རལ་གྲི་འཁོར་ལོ་བསྣམས།། མཛེས་པའི་ནོར་བུ་པདྨ་གཡོན།། བྱ་བ་ནན ་ཏན་ཡེ་ཤེས་ཀྱིས།། ཕག་དོག་འཇོམས་མཛད་ཕྱག་འཚལ་བསྟོད།། ཁྲོ་བོའི་གཟུགས་ཅན་ཐམས་ཅད་ཀྱང་།། ཞེ་སྡང་གཤིན་རྗེའི་མཚན་ཉིད་མཚུངས།། དེ་དག་པ་ཡི་ཕྱག་གཉིས་ལ།། གྲི་གུག་དང་ནི་ཐོད་པ་བསྣམས།། ར ་གི་ཤེས་རབ་ལུས་དག་དྲང་།། བདེ་བའི་དངོས་པོ་གཉིས་མྱེད་རོལ།། ཉི་མའི་དཀྱིལ་འཁོར་མཉམ་པར་གནོན།། རྡོ་རྗེ་རྩིབས་ཀྱི་རྩར་བཞུགས་ཤིང་།། མྱ་ངན་འདས་པའོ་མཐའ་འཇོམས་ཤིང་།། སེམས་ཅན་ངོ་ནི་མཛད་ཕྱག ་འཚལ་བསྟོད།། ཤར་སྒོར་ཡ་དང་ཐོ་བ་ལས།། བྱུང་བ་སྔོན་པོའི་གཟུགས་ཅན་ཏེ།། འཇིག་ཚོགས་ལྟ་བ་རྣམ་ངག་ཉིད།། གཡས་དཀར་གཡོན་དམར་དབུས་སྔོ་ཞལ།། གཡས་ན་ཐོ་བ་རལ་གྲི་འཛིན།། ནོར་བུ་མཆོ ་དང་པདྨ་གཡོན།། ཐོ་བ་ཞེ་སྡང་གཤིནྡ་རྗེ་གཤེད་།། བརྩོནྡ་འགྲུས་སྟོབས་ཀྱི་རང་བཞིན་གྱིས།། ཕུང་པོའི་བདུད་འཇོམ་ས་ཕྱག་འཚལ་བསྟོད།། ཙྪ་དང་དབྱུག་པ་ལས་བྱུང་ལྷོར།། དབྱུག་པ་གླུ་ཤིནྡ་རྗེ་གཱ་ཤེད་མངོག། ་དཀར།། མཐར་འཛིན་ལྟ་བ་རྣམ་དག་ཉིད།། གཡས་སྔོ་གཡོན་དམར་དབུས་དཀར་ཞལ།། གཡས་ན་དབྱུག་པ་རལ་གྲི་བསྣམས།། ཆུ་སྐྱེས་འཁོར་ལོ་གཡོན་གྱི་ཕྱག། དབང་པོའི་སྟོབས་ཀྱི་རང་བཞིན་གྱིས།། ཉོན ་མོངས་བདུད་འཇོམས་ཕྱག་འཚལ་སྟོད།། ནི་དང་པདྨ་ལས་བྱུང་ནུབ།། པདྨ་ག་ཤྲཱིན་རྗེ་གཤེད་ཉིད་ནི།། ལོག་པར་བལྟ་བ་རྣམ་དག་ཉིད།། གྷ་ལས་གནག་གཡོན་དཀར་དབུས་ཞལ་དམར།། གཡས་ན་པདྨ་རལ་གྲོ ་བསྣམས།། ཕྱག་གཡོན་རིན་ཆེན་འཁོར་ལོ་སྟེ།། དྲན་པོའི་སྟོབས་ཀྱི་རང་བཞིན་གྱིས།། འཆི་བདག་བདུད་འཇོམས་ཕྱག་འཚལ་བསྟོད།། ར་དང་རལ་གྲི་ལས་བྱུང་བ།། བྱང་དུ་རལ་གྲཱི་གཤིན་རྗེ་གཤེད།། ལྟེ ་བ་མིཆོག་འཛིན་རྣམ་དག་ཉིད།། གཡས་གནག་གཡོན་དཀར་དབུས་ལྡང་ཞལ།། གཡས་ན་རལ་གྲི་འཁོར་ལོ་བསྣམས།། མཛེས་པའི་ནོར་བུ་པདྨ་གཡོན།། ཏིང་འཛིན་སྟོབས་ཀྱི་རང་བཞིན་གྱིས།། ལྷ་ཡི་བདུད ་འཇོམས་ཕྱག་འཚལ་བསྟོད།། ཀུན་ཀྱང་སྦྲུལ་གྱིས་རྣམ་པར་བརྒྱན།། རྣམ་འཇིགས་དགོད་པས་འཛེགས་བྱེད་པ།། སྒྲ་ནི་འབར་བ་གྱེན་དུ་འགྲེང་།། བསྐལ་པའི་མེ་ལྟར་འབར་ཞིང་འཕྲོ།། ཉི་མའི་དཀྱིལ་འཁོར་ལ ་གནས་པ།། མཆེ་བ་གཙིགས་ཤིང་འཇིགས་པའི་ཞལ།། གྲི་གུག་ཟོད་པ་འཛིན་པར་མཛད།། འཁོར་བ་བརྟགས་པའི་མཐའ་འཇོམས་ཤིང་།། མི་གནས་སྒྲོལ་མཛད་ཕྱག་འཚལ་བསྟོད།། སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ།། ལྷ་མོ་ཟླ་བའི་གདན་ལ་བཞུགས།། ་ཤར་ལྷོར་ཛ་དང་འཁོར་ལོ་ལས།། ལྷ་མོ་རྡོ་རྗེ་ཙཱ་རྩི་ཀཱ།། ས་ཁམས་རྣམ་དག་ཐབས་ཀྱི་བདག། སྒེག་མོ་དཀར་མོ་ཆེར་ཁྲོམ།། གཏི་མུག་གཤིན་རྗེ་གཤེད་དང་མཚུངས།། བྱམས་པ་ཆེན་པོའི་ངོ་བོ་ཡིས།། ཉོན་མོངས་སྒྲིབ་འཇོམས་ཕྱག་འཚལ་བསྟོད།། དེ་བཞིན་སྒོ ་རུ་ས་དང་ནི།། རྡོ་རྗེ་ལས་བྱུང་རྡོ་རྗེ་ཕག། ཆུ་ཁམས་རྣམ་དག་སྟོབས་ཀྱི་བདག། ཁྲོ་ཞིང་ཕག་གི་གདོང་བ་ཅན།། ཞེ་སྡང་གཤིན་རྗེ་གཤེད་དང་མཚུངས།། སྙིང་རྗེ་ཆེན་པོའི་ངོ་བོ་ཡིས།། ལས་ཀྱི་སྒྲིབ་འཇོམས་ཕྱག་འཚལ་བསྟོད།། ནུབ་དང་བྱང་གི ་མཚམས་སུ་ནི།། འོ་སྐྱེས་གཙོ་མོ་རབ་ཏུ་དམར།། མེ་ཁམས་རྣམ་དག་སྨོན་ལམ་བདག། རབ་ཏུ་ཞི་བའི་དབྱངས་ཅན་མ།། འདོད་ཆགས་གཤིན་རྗེ་གཤེད་དང་མཚུངས།། དགའ་བ་ཆེན་པོའི་ངོ་བོ་ཡིས།། ཤེས་བྱའི་སྒྲིབ་འཇོམས་ཕྱག་འཚལ ་བསྟོད།། བྱང་དང་ཤར་གྱི་མཚམས་སུ་ནི།། རུ་སྐྱེས་གཽ་རཱི་ལྗང་གུམ།། རླུང་ཁམས་རྣམ་དག་ཡེ་ཤེས་བདག། འཇིགས་བྱེད་ཕྲག་འོག་གཤིན་རྗེ་གཤེང།། གཟུགས་དང་མཚན་མ་མཆོག་ཏུ་འཛིན།། བཏང་སྙོམས་ཆེན་པོའི་ངོ་བོ་ཡིས།། སྐྱེ་བའི་སྒྲིབ་འཇོམས ་xxx། xxx ་རབ་ཏུ་སྒྲོལ་མཛད་དེ།། རང་རིག་གཙོ་ལ་ཕན་འདོགས་ཤིང་།། ཐབས་དང་ཤེས་རབ་དབྱར་མེད་བདག། ལྷ་མོའི་ཚོགས་ལ་ཕྱག་འཚལ་བསྟོད་།། མཚམས་བཞིར་ཎ་ཡོ་ནི་ར་ལས།། ཕྱི་རོལ་གཟུགས་རྫོགས་རྣམ་ངག་ལས།། ་དཀྱིལ་འཁོར་དུ་ནི་ཐོད་པ་གནས།། ཆོས་དབྱིངས་ཀུན་ཏུ་འགྲོ་བའི་ཕྱིར།། བདུད་རྩི་རྣམ་པོ་ལྔ་ཡིས་བཀང་།། དེ་ལྟར་མི་མཐུན་ཚོགས་བཅོམ་ནས།། རབ་ཏུ་རྒྱལ་བའི་རྟགས་མཚན་ཉིད།། ཐོད་པ་བཞི་ཡི་ངོ་བོ་སྟེ།། བདེ་བ་ཚན ་པོ་ཕྱག་འཚལ་བསྟོད།། བསོད་ནམས་ཡེ་ཤེས་ཆེན་པོ་ལས་བྱུང་སྐུ་གསུང་ཡེ་ཤེས་ལྔར་ལྡན་འཇིགས་གཟུགས་ལ།། བདག་ཉིད་ངང་པའི་མཐུ་ཡི་སྐུ་ཡི་ཡོན་ཙམ་མཐོང་ངང་བའི་དབྱངས་ཀྱིས་བསྟོད་པ་ཡིས།། ཁམས་གསུམ ་འཁོར་བྱའི་རྒྱ་མཚོར་དོང་རྣམས་རྣམ་རྟོག་རླུང་གིས་ཕྱོགས་བཅུར་གཡེངས་པས་སྡུག་བསྔལ་རྣམས།། སྐྱེ་རྒྱས་ན་འཆི་སྤངས་ནས་འཁོར་བའི་རྒྱ་མཚོ་ལས་རྒལ་བླ་མེད་བྱང་ཆུབ་ཐོབ་པར་ཤོག། ་སློབ་དཔོན་དཔལ་འཛིན་གྱི་དགོངས་པ་ཉེ་བར་བསྔོས་པ་ལ། གཤིན་རྗེ་གཤིང་ནག་པོའི་དཀྱིལ་འཁོར་གྱི་བསྟོད་པ། ཨ་ཙརྱ་ཀཱིརྟིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཡ་མཱ ་