| Wylie | e-texts produced with BDRC’s OCR application |
དེ་ནས་བསྔོ་བ་དང་སྨོན་ལམ་བྱ། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། ། འཆི་བདག་ཡི་དྭགས་རྒྱལ་པོ་ནི། འཆི་བདག་བདུད་ཅེས་བྱ་བ་ནི། ་འགྲོ་བ་ཀུན་གྱི་ལུས་ཀྱི་བདུད།། ལུས་དང་གྲིབ་མའི་ཚུལ་བཞིན་དུ།། འགྲོ་བ་ཀུན་ལ་སྣང་བ་སྟེ།། ཕུང་པོ་ཉིད་མཚམས་སྦྱོར་བ་པོ།། འཇིགས་པ་དེ་ཡི་གཟུགས་མཐོང་ན།། ཡ་མ་དེ་ཡི་དྲི་ང་ནི་འབྱུང་།། དེ་ནས ་རང་གི་སྲོག་གི་བདུད།། ལྷག་པའི་ཕྱོགས་ན་གནག་པ་སྟེ།། གཙིགས་པ་ཅན་ལ་ཕྱག་འཚལ་ལོ།། དེ་ལ་འཆི་བདག་སྐྱེས་བུའི་གཟུགས།། ཁྲུ་གང་ཡི་དགས་གོས་ལ་བྲི།། ནག་པོ་ཞལ་གཅིག་ཕྱག་གཉིས་པ།། འཇིགས ་པ་རལ་པ་མཆེ་བཞི་གཙིགས། རྒྱན་མེད་རུས་པའི་ཕྲེང་བ་ཅན།། གཡས་པ་ཡ་མའི་དབྱུག་པ་འཛིན།། སྡིགས་མཛུབ་ཞགས་པ་གཡོན་ན་བསྣམས།། མཱ་ཧཻ་དག་ལ་གནས་པ་བྲི།། དེ་ལ་རྣལ་འབྱོར་ཆེན་པོ་ཡི།། མདུན་དུ ་གནས་ལ་ཞི་གནས་བྱ།། ཡང་ན་སམ་ཏི་རྣམ་གསུམ་ལས།། ཧཱུཾ་ལས་ནག་པོ་ཆེན་པོ་སྟེ།། ཡི་གེ་བཅུ་གཅིག་བརྗོད་བྱས་ལ།། རས་ལ་བྱིས་པ་བཞིན་དུ་བསྒོན།། ཨོཾ་ཀཱ་ལ་རུ་པཱ་ཡ་མ་རོ་ཛཱ་ཧཱུཾ་ཕཊ། དེ་ནས་བསྙེར ་པ་བྱ་བ་གསུངས།། དུར་ཁྲོད་ནགས་ཚལ་སོད་བྱས་ལ།། བཟླས་བརྗོད་བྱས་པའི་ཚུལ་དག་གིས།། ཧེ་ཧ་བཞུད་ཅིང་འོང་བར་རིགས།། མངོན་དུ་གྱུར་ནས་བ་ལཾ་སྦྱིན།། དེ་ལ་བསྙེན་པའི་སྙིང་པོ་འདྲིའོ།། ཨོཾ་ཀཱ་ལ ་རུ་པཽ་བྷཱི་མ་ཡཀྵ་ཧཱུཾ། མ་ཧ་རོ་ཥ་ཎཾ། ན་ར་སིདྡྷི་ཡཽ། སརྦ་བྷཱུཏ་ཨེ་དྷི་པ་ཏ་ཡཽ། ཡ་མ་རཱ་ཛཱ་ཡ་ཧཱུཾ་ཕཊ་པཊ?་སྭཱ་ཧཱ། ཐོག་མ་དབུས་མཐའ་ཡང་དག་ལྗིན།། བཅུ་བཞི་ཕྱེ་བ་བསྙེན་པ་ཡན།། རིམ་པ་བཞིན་དུ་མྱ་ཕྱི ་བ།། ཉེ་བའི་བསྙེན་པ་ཡིན་པར་ཤེས།། གྲུབ་སྟེ་མངོན་དུ་གྱུར་པ་ན།། ཤ་ཆེན་གཏིར་མེ་ཆེན་པོ་སྦྱིན།། ཨོཾ་ཀཱ་ལ་རུ་པ་ཡ་མ་རཱ་ཛ་ཧཱུཾ་ཨི་དཾ་པ་ལཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚོགས་ལ་སོགས་པ་མངོན་དུ ་སྦྱིན། དེ་ལྟར་གྲུབ་ན་ལས་བྱ་སྟེ།། བནྡྷ་མཚར་ངན་བཟང་པོ་བཙལ།། དུམ་བུ་གཅིག་གམ་གཉིས་པ་ལུ།། དཔྲལ་བའི་ངོས་ནས་ལྷག་པར་དྲང་།། མི་ཐོང་དག་པ་རོ་ནས་ལ།། གནོད ་སྦྱིན་བཻ་བ་སོ་ཏའི་གཟུགས།། སྣག་ཚ་བྱ་རོག་ཁྲག་དང་ནི།། དུར་ཁྲིད་སོལ་བ་གོང་བུའི་ཆུས།། མི་རྐང་སྤུ་གུས་ལེགས་པར་བྲི།། སྤྱི་བོའི་ངོས་ཀྱི་ཕྱོགས་དག་ལ།། རས་ལ་འཁོར་ལོ་བྲི་བར་བྱ།། རིམ་པ་བསྐོར ་གསུམ་ལྡན་པ་ལ།། རིམ་པ་གཉིས་པ་དག་ལ་ནི།། རྩིབས་གཉིས་གཉིས་ཀྱི་ཚད་ལ་བྲི།། དེ་ལ་གསང་སྔགས་དགོད་པ་ནི།། མ་མྲྀ་ཤ་ཛྙཱ་ཨ་མུ་ཀཾ། འཁོར་ལོ་ལྟེ་བའི་དབུས་སུ་བྲི།། ཤར་ནས་བརྩམས་ནས་འདི ་ལཱ་སྟི།། ཏྲཱ་ས་ཡ་ཏྲཱ་ས་ཡ། ཨ་ཀཌྭཱ་ཌྷཱ་ཨཱ་ཀཌཱ་ཌྷཱ། ཤོ་ཥཱ་ཡ་ཤོ་ལ་ཡ། ཧ་ན་ཧ་ན། ད་ཧེ་དྱཱ་ཧ། པ་ཙ་པ་ཙ། དནྣ་བནྡྷ། ཙུརྠ་ཙུརྡྷ། རིམ་པ་ཐིམྦ་དགོ་ལ་ནཱི།། ཤར་ནས་བརྩམས་ནས་འདི་ལྟར་བྲི།། ཙཀྵ་བཛྲ་ན་གྷོ། ་རི་ང་ཏྲི་མ་ཀྵེ་ཏྲ་པཱ་ལཻ་ཡ། ཙྪིནྡ་ཙྪནྡ་མི། བྷིནྡ་བྷིནྡི། ཐཱ་ཀཾ་བཛྲ་བཱ་དྷི། རུ་དྷཻ་ར་ཨརྒྒ་ས། ཨོཾ་མཱ་ར་ཡ་བཛྲ་ཡེ་སྟཾ་བྷ་ཡཾ་ཧཱུཾ་ཕཊ། བར་དུ་དགྲ་ཡི་མིང་རས་བྲྀ།། རྒྱད་སྲུབས་ངག་ལ་གསང་སྡིགས་བྲི།། སྐྱེད་པ་སྔོན ་པོ་ནག་པོ་ཡིས།། ཐོད་པ་དེ་ནི་བསྡམས་པར་བྱ།། རོ་ཤིན་མེ་ལ་བནྡྷ་བསྲོ།། དེ་ལ་ཞལ་གསུམ་བྱས་ནས་ཀྱང་།། ལས་ཀྱི་འཆི་བདག་ཁྲུ་གང་ལ།། ཞལ་གཅིག་མོ་ཆེ་གཙིགས་ཕྱག་གཉིས་པ།། བདུན་པོ་རི་ས་དང ་རྣམ་སྣང་དང་།། དུར་ཁྲོད་སོལ་བའི་རྒྱུ་དག་ལ།། བོང་བུའི་ཆུ་ཡིས་གཟུགས་བྱས་ཏེ།། དེ་ཡི་སྙིང་གར་ཐོད་པ་གཞུག། འཁོར་ལོ་ལ་བྲིས་སྔགས་བཟླས་ཏེ།། མར་ཚེས་བཅུ་བཞི་དང་བརྒྱད་ལ།། དུར་ཁྲོད་རོ་ཁང་དག་ཏུ ་མུན་ནི།། དེ་ལྟར་ལས་ནི་རྫོགས་གྱུར་ནས།། གང་ལ་བྱ་བའི་དངོས་པོ་དེ།། རང་གི་བདུད་ཀྱི་དབང་དུ་གྱུར།། འཆི་བདག་ཡི་དྭགས་རྒྱལ་པོ་དེ།། མེ་དྲོས་མཚོ་ཡི་འབྲི་དཀྱིལ་ལ།། རི་ནག་པོ་ཡི་ཕ་མཐའ་སྟེ།། སྤོས་དང་། ་རི་བོའི་བུར་དུག་ན།། ཆུ་དང་ཞེང་དུ་ཆ་མཉམ་མཚོ།། ངོ་འོག་དཔག་ཚང་ལྔ་བརྒྱའི་འོག། འཆི་བདག་ཡི་དགས་རྒྱལ་པོའི་གནས།། འགྲོ་བའི་ལྷག་པའི་ཕྱོགས་ན་གནས།། དེ་ཡི་ཡུམ་དེ་ཙ་མུཎ་ཌི།། རབས ་ཆད་ཕོ་མོའི་ཐོད་པ་ལ།། ཡ་གཉིས་དག་གི་བར་དུ་ཡང་།། རོ་རས་དག་ལ་གཟུགས་བྲི་བ།། ཞལ་དང་ཕྱག་ཞབས་མངོན་བཞིན་བྲི།། དེ་ལ་འཆི་བདག་ཙ་མུ་ཎ་ཌི།། ནག་མོ་མིག་གསུམ་ཁྲོ་གཉེར་ཅན།། ཁ་གདངས་སྐྲ་བརྫེས ་ནུ་མ་འཆང་།། གསུས་ཆེན་དུད་འགྲོའི་གོས་གྱོན་མ།། གཡས་ན་ཏྲི་ཤུལ་གཡོན་ཐོད་པ།། མི་ཡི་ཐོད་པ་དང་སྦྱར་བ།། མི་ཡི་རྒྱུས་པས་བསྡམས་པ་ཡི།། བར་དུ་འཁོར་ལོ་གཞུག་པར་བྱ།། དེ་ལ་འཆི་བདག་འཁོར་ལོ་ནི།། སྡེ་མ ་བཞིན་དུ་བྲི་བར་བྱ།། དེ་ལ་མ་མོའི་འཁོར་ལོ་ནི།། རས་ལ་འཆི་བདག་ཚུལ་བཞིན་དུ།། རྩིབས་བརྒྱད་གཉིས་དང་ལྡན་པ་ལ།། དབུས་ནས་བརྩམས་ཏེ་དེ་བཞིན་བྲི།། མ་མ་སརྦ་ཤ་ཏྲུ།། ལྟེ་བའི་དབུས ་བྲི་བར་བྱ།། ཤར་ནས་རིམ་པ་འདི་བཞིན་དུ།། ཨ་མུ་ཀ་སྱ། དྷུ་ན་དྷུ་ན། བནྡྷ་བནྡྷ། མ་ཐ་མ་ཐཱ། པྲ་མ་ཐཱ་པྲ་མཱ་ཐ། ཧཱུཾ་ཛཱ་ར་ཛ། ཛ་རེ་ན་བྱ། དྷི་རཱི་གཱི་ནཾ། རིམ་པ་ཐ་མ་དག་ལ་ནི།། ཤར་ནཱས་བརྩམས་ནས་འདི་ལྟ་སྟེ། ནཱི་ག་ན་ཤཾ་བ ་ཧཾ་ཡཾ་རི་ཚུ་ས་ཡ། ཨ་བིཾ་ཤྭ་ཡ། ཛཾ་བཾ་ཧྲི་ད་ཡཾ་ཆེན་ད་མ་དེ་པ་ཤི་གཽ་མཱ་ར་ཡཻ་རཱི་ཌེ་ཤ་ཡ་ཧཱུཾ་ཕཊ། འཁོར་ལོ་གཉིས་ཀྱི་བར་དུ་ཡང་།། གང་ལ་བྱ་བའི་མིང་གཟུགས་གཞུག། བླ་མས་འཆི་བདག་བསམས་བྱས་ཏེ།། སྲོག་གི་སྙིང ་པོཔོ་བཟླས་པར་བྱ།། གོས་སྔོན་གྱོན་པ་དེ་བཞིན་དུ།། ཡུམ་མམ་ལས་མཁན་དཔའ་བོ་བཞིན།། ཡུམ་གྱི་སྲོག་སྙིང་བཅུ་པོ་དགོད།། ཨོཾ་ཧྲཱིཿཙ་མུཎ་ཌཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཡབ་ཡུམ་འཁོར་ལོ་གང་ཡིན་པ།། གོང་གི་ཐོད་བར ་གཞུག་པར་བྱ།། ཤི་བའི་སྐྲ་ཡི་སྐུད་པ་ལ།། མི་རྒྱུས་ངག་གི་སྐུད་པས་བསྡམས།། མི་ཡི་རྒྱུ་མས་གཟུངས་ཐག་བྱས།། གཙོ་དང་གཟུངས་ཀྱིས་གཟུང་བྱས་ནས།། མཎྜལ་སྟེང་བཞག་བཟླས་པ་བྱ།། འཁོར་ལོ་སྟེང་འོག ་ལས་སྔགས་ལ།། གཙོ་དང་གཟུངས་ཀྱི་འབུམ་ཕྲག་བཟླས།། དེ་ནས་བཟླས་པ་རྫོགས་ནས་ཀྱང་།། དུར་ཁྲོད་ལྷ་ཁང་རོ་ཁང་དམ།། ལྷ་ཀླུ་དྲག་པོའི་གནས་སུ་མཱནན།། ལྷ་ལ་སོགས་པ་ཤི་བར་བསྟན།། དེ་ཡི་བསྒྲུབ ་པའི་གནས་རྣམས་ཀྱང་།། དབེན་པའི་གནས་སུ་བྱས་ནས་ནི།། བླ་མ་ཕ་མ་མཆོད་པ་ཡིན།། གང་བྱུང་ཡང་ནི་བསྒྲལ་བ་ཡིན།། དེ་ཚེ་བསྒྲལ་པོ་མ་བྱས་ན།། དེ་ཚེ་རང་ཉིད་འཆི་བར་འགྱུར།། གསང་བ་གཞན་ལ་བསྟན་མི་བྱ།། ་འཆི་བདག་ཡི་དགས་རྒྱལ་པོའི་སྒྲུབ་ཐབས་རྫོག་སོ།། ། བཅོམ་ལྡན་འདས་གཤིན་རྗེ་གཤེང་དམར་པོ་ལ་ཕྱག་འཚལོ།། ལག་པའི་མཆོད་པ་ནི།། ཡང་རང་ཉིད་ཡི་དམ་དུ་བསྒོམས་ལ།། ལུག་པའི་མཐིལ་ལས་ནི་པདྨ ་