| Wylie | e-texts produced with BDRC’s OCR application |
བསྐོར་ཏེ།། རབ་ཚ་བས་ཀྱང་གདུང་བར་བསམ།། དེ་ལ་འང་ཁྱི་དང་སེང་གེ་ཝ།། སྟག་དང་བྱ་རོག་བྱ་རྒོད་དང་།། མཆུ་རིངས་སོགས་པ་རྔས་ཚུལ་དུ།། བསྒྲུབ་བྱའི་ལུས་དེ་བཟའ་བར་བལྟ།། དེ་ནས་གཟུགས་བརྙན་དེ་ལ ་ནི།། ཚེར་མ་རྣོན་པོ་རབ་བླངས་ལ།། བར་མཚམས་མེད་པར་རབ་ཕུག་ལ།། ཚ་བའི་ལྡེ་གུས་རབ་བསྐུས་ལ།། དེ་ནས་གཤིན་རྗེའི་ལྟོ་བར་གཞུག། དེ་གསུས་བསྒྲུབ་བྱ་རབ་བསམས་ལ།། རང་སྙིང་ཁྲོ་བོ་མཚོན་ཐོགས ་སྤྲོ།། དེ་ཡིས་གཤིན་རྗེའི་གཟུགས་གནས་པའི།། བསྒྲུབ་བྱ་དེ་བསད་དེའི་ཤ་ཁྲག། ཟོས་འཐུངས་རུས་ཆོ་ག་རྐང་བཞིབས་བསམ།། སྤྲུལ་པ་བྱ་རྒོད་གཟུགས་ཅན་གྱིས། ནང་ཁྲོལ་ཕྱུང་ཁྱེར་ཁར་སོང ་བསམ།། ལས་ངན་བྱེད་དེ་དམྱལ་བར་འགྲོ།། མི་གདུང་བྱ་ཕྱིར་དེ་ཡི་སེམས།། རྒྱལ་བའི་གཟུགས་སུ་རང་སྙིང་གི། འོད་ཀྱིས་བསྡུས་ཏེ་རྒྱལ་བ་ཡི།། ཞིང་སར་ཁྱེར་ནས་བཀོད་པར་བསམ།། དེ་ལྟར་ལས་ཀྱི་ཚུལ་དྲ་ནི།། སྡིག ་ཅན་ལ་དགོངས་པས་གསུངས།། ཡང་ར་གཤིན་རྗེའི་བསྒོམ་ལུགས་གཞན།། ཞལ་གཅིག་ཕྱག་གཉིས་གཡས་ཞགས་པ།། གཡོན་པ་སྡིགས་མཛུབ་ལྡན་པ་ལ།། དབུ་རྒྱན་རང་དང་རིགས་བདག་གོ། སོ་སོའི་སྔགས ་ཀྱི་དབྱེ་བ་ནི།། གསལ་བར་བྲིས་པ་འདི་ཡིན་ནོ།། ཨོཾ་ཧྲཱིཿཥྛཿཝིཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་པཊ་སྭཱ་ཧཱ། ཆེ་གེ་མོ་ཤཱནྟི་ཀུ་རུ་སྭཱཧཱ། འདི་ནི་ལས་ཀྱི་བཟླས་པ་དང་། འཁོར་ལོ་རྩིབས་བཅུ་དྲུག་པ་སྤེལ་ལ། དགོད་པའི་སྔགས་སོ།། ་ཨོཾ་ཧཱུ~ཾཿཥྚྲྀཿཝི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་པཊ་པཊ་བཱི་ལཊ་ཆེ་གེ་མོ་པུཥྤཾ་ཀུ་རུ་བཻ་ཥཊ་དིང་། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏྲ་ན་ན་ཧཱི་ཧཱུཾ་ཕཊ་ཕཊ། ཧོ་ཆེ་གེ་ཛ་ཉྫ་ཛ་ཧ་ཝ་ཤཾ་ཀུ་རུ་ཧོ། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱི་ནི་ནེ་ཧཱུཾ་ཧཱུཾ་ཕཊ་པཊ་བཽ་ཥཊ་ཆེ་གཱི་མོ་བ་ཤ ་ན་ཡ་བ་ཤ་ན་ཡ། ཨོཾ་ངྒེ་ཥྞཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧྲཱིཿབུད་མེད་ཆེ་ག་མོ་ཨཱ་ཀཪྵ་ཡ་ཧྲཱིཿཧྲཱིཝིཀྲྀ་ཏཱ་ན་ན་ཧཱུཾ་པཱུཊ་ཕཊ་ཛཾ་སྐྱེས་པ་ཆེ་གེ་མོ་ལ་ཨཱ་ཀཪྵ་ཡཻ་ཛེཿོཾ་ཧཱིཿཥྚེཝིཀྲྀ་ཏཱ་ན ་ཙྪིནཱ་པཱནྡྷ་པཱཿ། ལཆེ་ག་དང་གྷྲི་གནས་དང་བཿསྭཱ་པ། སྱཱ་བྷཱ་ཡཱ་ལཱྀ། དྲག་པོའི་འཁོར་ལོ་འོག་མ་ནི། ཨོཾ་ཛྷཻཾ། ཧྲཱི། ཝཱིཀྵ~ཾ་དྷཱ་ནཱ་ནཱ་ཛྙཱ་ཧཱུ~ཾ་ཕཊ་ཕཊྚ་དྲཱ་ཆེ་ག་མོ་མྦྷ་རྱཱ་ཡ་པཱཿ། སྟེང་མན། ཨོཾ་ཧྲཱིཿཥྚྲྀཝཀྲ་དྷཱ་ན་ནཎྜ ་པཊེ། ཧཱུ~ཾ་ཆེ་གི་མོ་མཱ་ར་ཡ་ཧཱུཾ། ཨོཾ་ཆེ་གཱི་མོ་སྭཱ་ཧཱ། བཽ་ཥཊ་ཆེ་ག་མེ་བཽ་ལ་ཊེ། ལཾ་ཆེ་གེ་མོ་ལ། ཧོ་ཆེ་གེ་མོ་ཧོ། ཆེ་གེ་མོ་ཆེ་གེ་མོཾ་ཧཱུ~ཾ། དབུས་ཀྱི་རེའུ་མིག་གྷུ་བནྟི་དང་།། གསུམ་པ་བཅུ་དྲུག་པ་ལ ་སྤེལ་བའི་སྔགས་སུ་ཤེས་པར་བྱ།། རིང་པོ་དག་ནི་སྤེལ་བ་སྟེ།། ལས་དུས་བཟླས་པ་དེ་ལྟར་རོ།། གྲུ་བཞི་དང་གསུམ་པའི་ཕྱོགས་བཅུ་དྲུག་སྤེལ་ལོ།། གཤེད་ནག་འཁོར་ལོའི་མན་ངག། སློབ་དཔོན་ཆེན་པོ་ནཱ་ག་པོ ་དྷིས་མཛད་པ་རྫོགས་སོ།། ། ལོ་ཙྪ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར།། ། དཔལ་གེ་ཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། སྦྱིན་སྲེག་གི་རིམ་པ་ནི། སའི་ཆོ་ག་ང ་སྟ་གོན་དང་། ཐིག་རྣམས་ཚུལ་བཞིན་བྱས་ལ། ཐབ་ཁུང་དང་། ལུགས་མཐུན་པར་བྷས་ཏཱི། ས་ནག་པས་བྱུག་གོ། རྔ་མོ་དང་བོང་བུའི་སྐངས་དང་། ཐོབ་མ་དང་མེ་ཏོག་ནག་པོ་དྲི་མི་ཞིམ་པས་བྱུགས་ལ། ་ཤིན་ཏུ་རྩུབ་པ་དང་ཚ་བ་དེང་དུར་ཁྲོད་ཀྱི་ཐལ་བས་ཀྱང་བྱུགས་ལ། ཡམ་ཤིང་ཡང་དེ་ཉིད་ལས་བྱུང་བ། རྩེ་མོ་ཁྲག་དང་དུག་དང་ཡུངས་མར་ལ་སོགས་པ་དང་། དྲག་པོའི་སྲེག་རྫས་ཇི་ལྟར་འོས་པ་བསག། ་བདག་ཉིད་ཀྱི་ཆོས་གོས་ཀྱང་དུར་སར་དང་གཡང་གཞི་དང་གྱོས་ནག་པོ་ལ་སོགས་པ་བཤམ། དེ་ནས་རྫས་རྣམས་གཡོན་དུ་གཞག། མཆོད་ཡོན་ལ་སོགས་པ་ག་ཡས་སུ་གཞག། ་དེ་ནས་བདག་ཉིད་སྟན་མང་ཅིང་སྲ་བ་ལ་རུས་སྦལ་གྱི་འདུག་སྟངས་ཀྱིས་འདུག་ལ་ཁ་ལྷོར་བལྟས་ཏེ། རྒྱན་ཆ་གྱོན་ཏེ། ཁྲོས་པའི་སེམས་ཀྱིས་སོ།། བཅའ་ཞིང་རྣལ་འབྱོར་གཉིས་བྱས་ལ།། རྗེས་སུ་རྣལ་འབྱོར་ལ ་རང་འང་གཞུག། རྫོགས་པའི་རྣལ་འབྱོར་བྱ་བ་དེ་ལ། རྣལ་འབྱོར་ཆེན་པོ་རྫོགས་བྱས་ལ།། དེ་ནས་ཐབ་ཡིག་ཨ་ལས་བྱུང་བ་ནག་པོ་འོད་ནག་པོ་འཕྲོ་བ། མཐོང་བ་ཙམ་གྱིས་ཀྱང་གསོད་པར་ནུས་པར་བསམ།། ཡཽ་བྱད་ཀུན ་ཀྱང་ཡ་ཡིས་བྱིན་གྱིས་བརླབ་ལ།། རྫས་རེ་རྀའང་འོང་ནག་པོ་འཕྲོ་བ།། གང་གིས་མཐོང་བ་འམ། རེག་ནའང་གསོད་ཅིང་འཇིགས་པ། ལྷ་རྣམས་ལ་ཕུལ་བས་ཀྱང་ཁྲོ་བ་དང་གཏུམ་པར་འགྱུར་བར་བསམ། ཡི་གེ་བཅུ་བཞི ་པས་ཐབ་དང་རྫས་ཀུན་བསངས་ལ། ཐབ་ཏུ་ཤིང་རྩིག། དེ་ནས་མེ་གཉེར་ཏེ། རིགས་ངན་གྱི་ཁྱིམ་ནས་བྱུང་བ་འམ། རྡོ་བྲུང་པ་ལས་བྱུང་པ། ཡམ་ཤིང་ལ་མ་སྦར་ཏེ། ཡི་གེ་བཅུ་བཞི་པས་བསངས་ལ་ཐབ་ཏུ་མེ་སྦར ་དེ་ལ་ཡུངས་མར་གང་ཕུལ་ལ་རླུང་གཡབ་ཀྱིས་གཡབ་ཅིང་བཟླས་ཏེ། ཛྭ་ལ་རཾ་ཛཱ་ལ་རཾ། དེ་ལས་མཚོན་མ་བརྟག་པར་བྱ། ལྷས་བཟང་བ་དང་མེ་ལྷ་བསྐྱེད་དེ། དང་པོར་མངོན་པར་བྱང་ཆུབ་པས་རྡོ་རྗེ་སེམས་དཔའ་བསྐྱེད་འོད། ་བའི་གོང་བུ་ལས་ལྷ་མོ་བཞི་ཆད་ང། དེས་བསྐུལ་བས། རཾ་ནག་པོ་དེ་ལས་བྱུང་བའི་རྡོ་རྗེ་ལས། མ་ལྷ་ཁྲོས་པ་ཞེས་བྱ་བ་ཞལ་ལ་སོགས་པ་གཙོ་བོ་ཉིད་འདྲ་བ་ཅིག་བསམ། དེ་ནས་ཡ་ཤེས་ཀྱི་མེ་ལྷ་ཙར་ཙ་ཀས་དགུག ་སྟེ། དད་པ་དང་ནི་དམ་ཚིག་གིས། ཚུར་ཤེག་ཚུར་ཤེག་འབྱུང་པོ་ཆེ།། ལྷ་ཡི་དྲང་སྲོང་བྲམ་ཟེའི་མཆོག། སྲེག་བླུགས་ཞལ་ཟས་བཞེས་སླད་དུ།། འབར་བའི་ནང་དུ་བཞུགས་སུ་གསོལ།། སྔགས་ནཾ། ཀྲོ་དྷ་ཨ་ག་ནརྀ་ཚི ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་དེ་ལ་ཞབས་བསིལ་ཕུལ་ལ། ཡི་གེ་བཅུ་བཞི་པའི་གཞུག་ལ། ཨརྒྷཾ་པྲ་ཏི་ཙཱ་ཆེ་གེ་མོ་མཱ་ར་ཡ་ཧཱུ~ཾ་ཕཊ། ཅེས་སོ།། ཞབས་བསིལ་ཡང་སྔགས་ཀྱི་མཇུག་ལ།། རི་རྀ་ཁམ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མཐོར ་འཐུང་ཡང་སྔགས་ཀྱི་མཇུག་ལྔ། པྲ་བར་སཏ་ཀཱ་ར་པྲ་ཏིཙྪ་ཚ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བརྗོད་དོ།། དེ་ནས་སྒོ་བ་བཞིས་དགུག་གཞུག་བྱ།། དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ལུས་ངག་སེམས་ཀྱང་བྱིན ་གྱིས་བརླབ། དེ་ནས་དབང་བྱིན་དེ་ནས་ཞབས་བསིལ་ལྀ་སྩོགས་པ་དང་། རྣམ་པུ་ལྔ་དང་། རང་གི་སྔགས་ཀྱི་མཇུག་ལ་བསྐུལ་ཚིག་དང་བཅས་པས་སོ།། དེ་ནས་མར་དང་ཡམ་ཤིང་དེ་ནས་ཏིལ། དེ་ནས་འབྲས་དེ་ནས ་དུག་དང་། རྫས་ཀུན་ཡི་གེ་བཞི་པའི་མཇུག་ལ་བསྐུལ་ཚིག་དང་བཅས་པས་སོ།། དེ་ནས་མཆོད་དང་བསྟོད་བདུད་རྩི་མྱང་བ་བྱ། དེ་ནས་ཁ་ལག་བཤལ། དེ་ནས་མེ་ལྷ་མེ་འབར་བའི་རྣམ་པར་འགྱུར་བར་བསམས ་ལ། ཡང་ཐབ་དང་རྫས་བསངས་ལ། འབར་བའི་ནང་དུ་དཀྱིལ་འཁོར་རྫོགས་པའི་རྣལ་འབྱོར་གྱི་ཚུལ་དུ་སྟོན་ཏེ། དེའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ལུས་ལ་སོགས་པ་བྱིན ་གྱིས་བརླབས་ཏེ། དབང་སྐུར་ལ་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱས་ལ་དང་པོ་ཞེ་སྡང་རྡོ་རྗེ་ལ་མཐུན་མོང་གི་མཆོད་པོ་བྱས་ལ། དེ་ནས་བསྲེག་རྫས་ཀུན་ཡི་གེ་བཅུ་བཞི་པའི་སྔགས་བསྐུལ་ཚིག་དང་བཅས་པས ་དབུལ་ཏེ། དེ་ནས་མཆོད་བསྟོད་བདུད་རྩི་མྱང་བར་བྱ།། དེ་ནས་ཡང་ཐབས་བསངས་ལ། ཡང་གཏི་མུག་རྡོ་རྗེ་དང་། དེ་དེ་བཞིན་དུ་རིམ་པས་དབུལ། ཐ་མར་ལྡིང་ག་ལ་བཀུག་འདྲེན་བྱས་ལ། དེ་ནས་གཏུབ་ཅིང་བསྲེག ་དེ་ནས་ཡེ་ཤེས་གཤེགས་སུ་གསེལ། ངམ་ཚིག་བྱདག་ལ་བསྡུ། ཡང་མ་ལྷ་བསྐྱེད། བསྲེག་རྫས་ལྷག་མ་ཀུན་དབུལ་ཏེ། དེ་ནས་ཁ་ལགེ་བཤལ།། ཡེ་ཤེས་ཀྱི་མེ་ལྷ་གཤོགས། བསྐྱེད་པ་བདག་ལ་བསྡུ།། ་དེ་ནས་བསྔོ་བ་དང་སྨོན་ལམ་བྱ། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ།། ། འཆི་བདག་ཡི་དྭགས་རྒྱལ་པོ་ནི། འཆི་བདག་བདུད་ཅེས་བྱ་བ་ནི། ་