| Wylie | e-texts produced with BDRC’s OCR application |
རྒྱ་གྲར་སྐད་དུ། ཀཱ་ལ་ཙཀྲོ་པྱ་དེ་ཤ། བོ་ང?་སྐད་དུ། དུས་ཀྱི་འཁོར་ལོའི་མན་ངག། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། མཁའ་ལ་ཀུན་ཞེན་སེམས་ཀྱི ་མིག་མི་འཛུམས་ཤིང་རྡོ་རྗེའི་ལྕམ་ཞུགས་པས།། སྟོང་ལས་དུ་བ་སྨིག་རྒྱུ་མཁའ་སྣང་དྲི་མེད་གསལ་དང་མཱརརཱ་མེ་དང་།། འབར་བ་ཟླ་བ་ཉི་མུ་རྡོ་རྗེ་ཆེ་མཆོག་ཐིག་ལེ་མཐོང་བའོ།། དེ་དབུས་སུངས་རྒྱས་སྐུ་ནི་ཡུལ ་བྱལ་དུ་མཱ་ལོངས་སྤྱོད་རྫོགས་སྐུའོ།། ཆུ་འཛིན་དང་བྲལ་མཁའ་ལ་བརྟ་ནི་ལྷ་རྣལ་འབྱོར་པས་ནི་སྣང་བར་བྱ།། ཇི་སྲིད་དུས་ཀྱི་རྩ་ལ་རི་མོ་ནག་འོད་དྲི་མེད་འཕྲོ་མཐོང་བ།། དེ་ལ་ཀུན་མཁྱེན་སྐུ་ནི་རྙོག་མེད་སྣ་ཚོགས་ཁ ་དྲོག་ཆུ་ཉི་མཚུངས།། རྣམ་ཀུན་རང་གི་སེམས་དྲི་ཡུལ་དང་རྣམ་བྲལ་གཞན་གྱི་སེམས་ཉིད་མིན།། སྐུ་མཐོང་བ་ན་ཉི་མ་རེ་རེ་དུ་སུ་སྲོག་གི་རླུང་འགོག་བྱེད།། ཇི་ལྟར་རང་ལུས་འོད་ཟེར་འཁོར་ལྟོ་འཁོར་བཞིན་པ ་ཡིས་སོར་མཐོང་བས།། སྡོམ་བརྩོན་རྣམས་ཀྱིས་ཟླ་དྲུག་རེག་སྦྱང་སྣ་ལུམ་སེམས་ཞི་བའི་བདེ་བཱར་འགྲོ། ཚགས་དང་ཆགས་བྲལ་མཐའ་ཐོག་སྐད་ཅིག་ལ་ནི་ཁྱབ་བདག་དབུགས་གྲངས་འཕེལ།། མགོ་ཏྲ་ནང ་གི་དགའ་བྲལ་ལྷན་སྐྱེས་ཡེ་ཤེས་རྣམ་ཤེས་ངག་དབུས་སུ།། གཉིད་ལོག་དུསུ་རྡོ་རྗེ་པདྨ་དག་གིས་གཉིས་གཉིས་སྦྱོར་བ་དེ་གང་།། དེ་ཡི་འཕེལ་བྱེད་བླ་མའི་བཀའ་ཡི་དབང་གིས་འཕེལ་ལ་འདི་མཚར་མེད།། ་རྣལ་འབྱོར་པ་དུ་ཟད་ལོ་སྦྱོར་རྒྱུ་ལྔ་བདག་ལ་འཇུག་བདུད་དང་ཉོན་མོངས་འཇོམས།། ང་ནི་སེམས་འོད་གསལ་བ་ལ་འཇུག་པའི་ཕྱིར།། མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདྲིར ་སྔགས་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཐོག་པའི་ཚུལ་རྣལ་འབྱོར་རྣམ་པ་གཉིས་ལ་བསླབ་པར་བྱ་སྟེ། ནམ་མཁའ་དང་བླ་གྲབ་མེད་པ་ལ་རྣལ་འབྱོར་གོམས་པར་བྱའོ།། གང་ན་མཁའི་རྣལ་འབྱོར་ལ་སློབ་པ་དེ ་མཚན་མོ་མུན་པ་ལ་ན་མཁའ་ལྔ་ཀུན་ཏུ་ཞེན་པའི་སེམས་ཀྱི་དུ་བ་ལ་སོགས་པའི་མཚན་མ་མཐོང་།། མྱིག་མི་འཛུམས་ཤིང་རྡོ་རྗེ་ལམ་ཞུགས་པས་ཞེས་བྱ་བ་ནི་དབུ་མར་སྲོག་གི་རླུང་ཞུགས་པའོ།། སྟོང་ལྷས ་ཞེས་བྱ་བ་ནི་ནུ་མཁའ་ལ་ཀུན་ཏུ་ཞེན་པའི་སེམས་དང་མིག་མྱི་འཛུམས་པ་དང་རྡོ་རྗེའི་ལམ་དུ་ཞུགས་པས་སྟོང་པ་ལས་དུ་བ་དང་སྨིག་རྒྱུ་དང་མཁའ་སྣང་དྲི་མ་མེད་པ་གསལ་བ་དང་དེ་བཞིན་དུ་མར་མེ་ནི་མཚན་མོའི ་སྦྱོར་བས་མཐོང་ངོ་།། དེ་ནས་སྦྱིན་མེད་པའི་ནམ་མཁའ་མཐོང་ངོ་།། དེ་ནས་ཡང་ནུ་མཁའ་ལ་ཉིན་མོའི་སྦྱོར་བ་ནི། ནམ་མཁའ་ལུས་བྱུང་དང་བྱུང་བ།། ཤེས་རཱ་བུ་ཡེ་ཤེས་མེ་བྱོ་ཆེ།། ཞེས་གསུངས་ཏེ། སྤྲིན་མེད་པའི ་ན་མཁའ་ལ་འབར་བ་མཐོང་པོའོ།། རྣམ་པར་སྣང་མཛད་འོད་ཆེན་པོ།། ཡེ་ཤེས་འོད་ཟེར་ལྷང་ངེ་བ། ཞེས་པ་ནི་ཟླ་བར་སྣང་བའོ།། འགྲོ་བའི་མར་མེ་ཞེས་པ་ནི་ཉི་མར་སྣང་བའོ།། ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ནི་སྒྲ ་གཅན་དུ་སྣང་བའོ།། གཟི་བརྗིང་ཆེན་པོ་འོད་གསལ་བ་ཞེས་བྱ་བ་ནི་གློག་སྟེ་ཆ་དམ་པའོ།། རིག་པའི་རྒྱལ་པོ་སྔགས་མཆོག་མཚོ་ཞེས་བྱ་བ་ནི་ཐིག་ལེར་མཐོང་བའོ།། དེ་ལྟར་མཚན་མ་བཅུ་འདུས་པ་ལ་སོགས ་པར་མཆི་ན་མོའི་སྦྱོར་བ་གསུངས་ཤིང་། མཚན་ཡང་དག་པར་བརྗོད་པར་ཉིན་མོའི་སྦྱོར་བ་བཅོམ་ལྡན་འདས་ཀྱིས་གསུངསོ།། གསང་སྩོགས་རྒྱལ་པོ་དྲོན་ཆེན་བྱེད་པ་ནི་བུམ་པ་དང་རས་ལ་སོགས་པ་རྣམ་པ ་ཐམས་ཅུང་སྐུར་མཐོང་བའོ།། དེ་དབུས་ཞེས་བྱ་བ་ནི་ཐིག་ལེའི་དབུསུ་སངས་རྒྱས་ཀྱི་སྒོ་ཡུལ་དང་བྲལ་བ་རྫས་མེང་ཅིང་རྟོག་པའི་ལྗོངས་སྤྱོད་རྫོགས་པའི་སྐུ་དུ་མཽ་མཐོང་བའོ།། དེ་ནས་སྐུའི་སྦྱོར་བྱས་མི་ཤིགས ་པའི་སྒྲ་ཉིད་ཐོསོ།། དེ་ལྟར་སྤྲུལ་པའི་སྐུ་ནི་གཟུགསསུ་སྣང་བའོ།། ལྲྀངས་སྤྱོད་རྫོགས་སུ་ནཱཾ་སྒྲར་སྣང་བའི་དོན་ཏོ།། འདིར་ཉི་མའི་སྦྱོར་བ་ནི་ཆུ་འཛིན་དང་བྲལ་བའི་ན་མཁའ་བརྟན་པཱར་ལྟ་བའི་རྣལ་འབྱོར་པཱུས་སྣང་བར ་བྱཱ་སྟེ། སྟ་དྷོ་དང་ཕྱི་དྲོའི་ཉི་མྲྀ་ལྭ་ནྱ་བསྟན་པར་བྱའོ།། གཞན་དུ་ནཱི་ཉི་མའི་འོད་ཟེར་རྣམས་ཀྱིས་རབི་རིབ་ཏུ་འགྱུར་ཏེ། དེས་གནོད་པའི་ཕྱིར།། དེ་ལྟར་ཉི་མ་རེ་རེ་ལ་བསླབ་པར་བྱ་ཞིང་སྣང་བར་བྱའོ།། ཇི་སྲིད་དུས་ཀྱི་རྩ ་ཨོཾ་བ་དྷཱུ་ཏྲེའི་ནང་དུ་ཆུང་བའི་ཐིག་ལེའི་དབུ་སོ་རི་མོ་ནག་པོ་སྒོའི་ཚད་ཙམ་གྱི་འོད་ཟེར་དྲི་མ་མེད་པ་འཕྲོ་བ་མཐོང་བའི་བར་དུའོ།། ངོ་ལ་ཀུན་མཁྱེན་སྐུ་ཞེས་པ་ནི་ཁམས་གསུམ་མེ་ལུས་པ་རྙོག་པ་མེད་པའི ་ཆུའི་ནང་གྲི་ཉི་མ་ལྷ་བུ་མདོག་སྣ་ཚོགས་པ་ཀུན་རང་གི་སེམས་ཡུལ་དྷ་རྣར་བྲལ་བ་དེ་ཉིད་གཞན་གྱི་སེམས་མི་ཤེས་པའི་ཕྱིར་གཞན་གྱི་སེམས་མ་ཡིན་པའོ།། འདིར་དང་པོ་རང་གི་སེམས ་སྣང་བ་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་ཡིད་དག་པར་མཐོང་བའོ།། ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་སྤྱན་ལྔ་པོ་དེ་དག་ནི་ཆོས་ཡང་དག ་པར་སྡུང་བ་ལུས་གསུངསོ།། དེ་ལྟར་རིམ་པ་བཞིན་ཤའི་སྤྱན་དང་། ལྷའི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་རྣམས་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ།། དེ ་ནས་མ་གཟིགས་པས་ཅི་ཡང་མྱི་མངའ་བའི་ཐམས་ཅད་མཁྱེན་པར་འགྱུ་རོ།། དེའི་ཕྱིར་སྐུ་མཐོང་བས་ཉི་མ་རེ་རེའི་དུསུ་སྲོགཽ་གི་རླུང་འགག་པ་བུམ་པ་ཅན་གྱི་སྦྱོར་བ་བྱའོ།། ཇི་སྲིད་རང་ལུས་འོད་ཟེར་འཁོར་ལོ ་འཁོར་བཞིན་པ་ཡཱིས་སྐོར་བ་མཐོང་བྱ་ཞེས་བྱ་བླ་ནི་སྔོན་དུ་གསུངས་པའི་སྐུའི་ནང་དུ་མཐོང་བའོ།། སྡོམ་བརྩོན་རྣམས་ཞེས་བྱ་བ་ནི་ལས་དང་པོ་པ་ཚངས་པར་སྤྱོད་པ་རྣམ་སོ།། ཟླ་བ་དྲུག་ཏུ་རེག་སྤངས་ཞེས་བྱ་བ ་ནི་དབང་པོ་གཉིས་ཀྱི་སྦྱོར་བ་སྤངས་པའོ།། ལམ་གྱི་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྐུའི་སེམསོ།། ཞི་བའི་བདེ་བར་འགྲོ་ཞེས་བྱ་བ་ནི་མི་ཟད་པའི་བདེ་བ་ཐོབ་པའོ།། ཆགས་དང་ཞེས་བྱ་བ་ནི་དཀར་པོའི་ཕྱོགས ་དེའི་མཐུར་སོང་བཱ་ཞེས་བྱ་བ་ནི་བཅུ་དྲུག་པའི་ཆའི་མཚན་ཉིད་དོ།། དེ་ནས་ཆགས་བྲལ་ཞེས་བྱ་བ་ནི་ནག་པོའི་ཕྱོགསྷོ།། དེའི་ཐོག་མུ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པའོ།། སྐུད་ཅིག་ཅེས་བྱ་བ་ནི ་སྐད་ཅིག་མ་གཅིག་ལྔ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེའི་སྐད་ཅིགོ། དབུགས་གྲངས་འཕེལ་ཞེས་བྱ་བ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་གསང་བའི་རྡོ་རྗེའི་ནོར་བུའི་རྩེ་མོ་ནས་འཕེ།། བརྒྱ ་ཕྲག་སུམ་ཅུ་རྩ་དྲུག་གི་སྲོག་གི་དབུགས་དགུ་བརྒྱ་དགུ་བརྒྱའི་གྲངས་བཀག་ཅིང་སྤངས་པ་དེས་ནི་ས་གཉིས་གཉིས་ཐོབ་པར་འགྱུར་རོ།། དེ་ལྟར་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་བཞི་དང་དྲུག ་དྲུདྲང་བརྒྱུད་དཔེ་བཅུ་སྣ་ས་རྣམས་ཐོབ་པར་འགྱུར།། གཙུག་ཏོར་དུ་སྲོགས་ཐམས་ཅད་ཟད་པས་ས་བཅུ་གཉིས་འཐོབ་པར་འགྱུར་རོ།། དེ་ནས་མགོའི་དྲ་བྲའི་ནང་ནས་གསང་བར་འོངས་པ་ནྡྷ་དགའ་བ་དང་ལྷན ་ཅིག་སྐྱེས་པ་དག་གི་དབུ་མའོ།། དེ་ལྟར་ནི་གཉིད་ལྡོག་པའི་དུ་སུའོ།། སྙིང་གར་ནི་ཡེ་ཤེས་དབུ་མའོ།། མགྲིན་པར་ནི་སྐུ་དུང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་རང་བཞིན་གྱིསོ།། གང་དཔྲལ་བ ་ནས་འོངས་པ་ནི་གཉིས་ཀྱི་སྦྱོར་བའི་བདེ་བའོ།། དེའི་བདེ་བ་ནི་བླ་མའི་བཀའི་དབང་གིས་ཁུ་བའི་བདེ་བ་གྱེན་དུ་འགྲོ་བར་བྱེད།། སྔོན་དུ་གསུངས་པའི་སྲོག་འགོག་པ་དཔྲལ་བའི་བར་དུ་འཕེལ་བའི་བར་དུ ་འཕེལ་བ་ལ་ངོ་མཚར་མེད།། དེ་ལྟར་ཉོན་མོངས་པཱ་དང་། བདུང་བཅོམ་ནུས་རྒྱལ་བའི་བདག་བ་ལྟ་སྔ་རྣལ་འབྱོར་བཟུང་པོ་ཨ་བྱཱ་དྷཱ་ཏྲཱི་ཀཱནས་པས་སོ་གཅིག་གི་སྦྱོང་བྱས་གནན ་དང་གཱ་ཡཱསུ་ཆུང་པའི་སྲོག་རྣམས་བསད་ནས་རྒྱལ་བའི་བདག་པོ་སྟེང་བྱ་ཉིད་ཀྱི་སྐུ་ལ་འཇུའོ།། དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བསྟེ་བདེ་བ་ཆེན་པོའི་སྐད་ཅིག་བྷྲཱུཾ་སྒྲེང་བང་བ་འཕེལ་བ་དྲངས་པའོ།། དུས ་འཁོར་ལོའི་མན་ངག་སློབ་དཔོན་དུས་འཁོར་ཞོབས་ཆེན་པོས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་བུད་དྷ་ཀ་ར་བྷ་དྲ་དང་། ལོ་རློབ་གྱི་རྩེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། ་