CLOSE WINDOW

GT821: gshin rje gshed kyi ro bsreg gi cho ga zhes bya ba
Wyliee-texts produced with BDRC’s OCR application

སྤྲོས་མེད་ཚུལ་གྱི་ལམ་མཆོག་འདི་།། དེང་སང་རྣལ་འབྱོར་རྣམས་ཀྱིས་གདབ་པར་རིགས།། ། རྒྱ་གར་སྐད་དུ། ཧོ་མ་བི་དྷིཥྚི་ཤེ་ཀྲྀཥྞ་ཡ་མཱ་རི་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ཀྱི་རོ ་བསྲེག་གི་ཆོ་ག་ཞེས་བྱ་བ། དཔལ་གཤིན་དྷེ་གཤེང་ལྀ་ཕྱག་འཚལ་ལོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཟབ་མོ་བཅས་པའི་རྡོ་རྗེ་ནི།། བླ་མེད་སྙིང་པོ་ལ་བཏུད་དེ།། རོ་བསྲེག་ཆོ་ག་བཤད་པར་བྱ།། སེམས་ཅན་སངས ་རྒྱས་སྙིང་པོ་ཅན།། སངས་རྒྱས་ཉིད་དུ་རབ་སྦྱོར་བའི།། ཐབོས་ཀྱི་ཁྱད་པར་རོ་བསྲེག་པརེ།། རྣམ་པ་གཉིསུ་ཤེས་བྱ་སྟེ།། བསྒྲུབས་ལ་བསྲེག་པར་བྱ་བ་དང་།། དུར་ཁྲོད་བསྲེག་པར་བྱ་བའོ།། བསྒྲུབས་ལ་བསྲེག་པ ་རྣམ་བཞི་སྟེ།། དང་པོར་ལོངས་སྤྱོད་འཁོར་ལོ་དང་།། གཉིས་པ་རབ་ཏུ་ཕྱེ་བ་ལ།། གསུམ་པ་ཉེ་བའི་བསྒྲུབ་པ་ཉིད།། བཞི་པ་མཆོད་རྟེན་ཆོ་ག་ཡི།། དང་པོ་རོ་ལ་ཁྲུས་བྱས་ནས།། བསྲུང་བའི་ཆོ་ག་རྫོགས་པ་དང་།། ་ཕྱི་ཡི་གཏོར་མ་བཏང་བར་བྱ།། དེ་ནས་ཚོགས་བསགས་ནས་བཟུང་སྟེ།། མངོན་པར་རྟོགས་པ་རྫོགས་པ་དང་།། བཟང་པོའི་ཁྲི་ལ་བཞག་ནས་ཀྱང་།། རྒྱན་གྱིས་ལོགས་པར་སྨྲས་པ་ལ།། ག་བུར་ལ་སོགས ་ཁར་བླུད་ནས།། བདུད་རྩིར་བྱིན་གྱིས་བརླབ་བྱ་སྟེ།། སྙིང་གར་གཟུངས་ཐག་བཏགས་ནས་ཀྱང་།། རྩ་བའི་སྔགས་ལ་དེ་ཉིད་གསུམ།། སྤེལ་བའི་བཟླས་པ་ཁྲི་ཙོམ་བྱ།། དེ་ནས་བྱེ་བྲག་ལས་བྱས ་ནས། ཐོད་པ་གླང་པ་དབང་པོ་ལྔ།། སྙིང་སོགས་བཞི་དང་ཉ་བཞི་དྲང་།། སྣུམ་དང་བདུད་རྩི་ལྔ་དང་གནས།། རྐང་བརྒྱད་སྡེ་པའི་བུ་གང་གུ།། རྒྱས་པའི་སྲད་བུས་བཅིངས་ནས་ཀྱང་།། ཤུན་པའི་ནང་དུ་དྲིལ་ལ་བཞག། དེ་ནས ་ཚོགས་ཀྱི་མཆོད་པ་ནི།། རྟོག་པ་དང་བཅས་རྟོག་མེད་དང་།། ཤིན་ཏུ་རྟོག་མེད་ལ་སོགས་ནི།། གང་ཟག་སེམས་ཀྱི་ཁྱད་པར་ཡིན།། དེ་ཡང་རབ་ཏུ་སྦྱར་བ་དང་།། འདོད་པ་གཞན་ལ་སྤེལ་བ་དང་།། རྟོག་མེད་རློན་པའི་རོལ ་པའོ།། དེ་ནས་ཚོགས་ཀྱི་འཁོར་ལོ་ལས།། བྱུང་བའི་བཀྲ་ཤྲིས་སྨོན་བཏབ་ནས།། ཚེ་ལས་འདས་པའི་དོན་གྱི་ཕྱིར།། བསྔོ་བ་རབ་ཏུ་ཟིན་པར་བྱ།། དེ་ནི་ལོངས་སྤྱོད་འཁོར་ལོའོ།། སྨོན་ལམ་དཀྱིལ་འཁོར་དེ་ཉིད་དང་། ་ལྷ་ཡི་དེ་ཉིད་ལས་སྦྱར་བའི།། ཚེ་ལས་འདས་པའི་དོན་གྱི་ཕྱིར།། རྒྱ་ཆེན་རབ་ཏུ་གདབ་པར་བྱ།། སྦྱང་བ་གསུམ་དུ་ཤེས་བྱ་སྟེ།། དང་པོ་ཐལ་བ་བཏགས་ལ་བཙག། དེ་ནས་དྲི་དང་སྦྱར་བྱ་སྟེ།། ཧྲཱིཿཥྛིཿལ་ནི ་ངན་འགྲོ་ཀུན།། སྦྱང་བར་བྱེད་པའི་སྔགས་བཏགས་ལ།། ཁྲི་འམ་སྟོང་དུ་བཟླས་པ་བྱ།། དེ་ནས་མཎྜལ་ངོས་བསྙེམས་ལོ།། བ་ཡི་རྣམ་ལྔས་བྱུགས་ནས་ཀྱང་།། དྲི་ཞིམ་པ་ཡིས་བསྒོས་པའི་ས།། དྲི་ཡི་ཐིག ་གདབ་པ་དག།། དེ་ནས་སྒྱོགས་ཆགས་མ་ངྒ་ཥཿ་ད།། མཉོན་སྟོང་འཇམ་ལ་དཀར་བའོས།། བླངས་ལ་དྲི་ནོམ་ཆུ་ཡོས་བླམ།། དོ་ནས་ཐལ་བྱ་དང་བསྲོས་ལ།། འཛོམ་པ་ལོགས་པའི་གོང་བུ་བྱ།། དེ་ནས་སྙིང་གའི ་བོན་ལས།། འབྲོས་པའི་འོད་ཀྱིས་ཚེ་འདས་ནི།། འོག་གི་གནས་ནས་བཀུག་བྱས་ལ།། ལུས་ངག་ཡིད་གསུམ་སྦྱང་བར་བྱ།། དེ་ནས་ཧཱུཾ་ཧཱུཾ་ཞེས་བརྗོད་པས།། ཁྱ་བའི་ཐིག་ལེར་ཞུ་གྱུར་ཏེ།། ཨ་དཀར་ཐུང་དུ་གསལ་བར་བྱ།། དེ ་ལས་འོད་ཟེར་འཕྲོས་པ་ཡིས།། དབྱངས་དང་གསལ་ཡིག་བསྡུ་བར་བྱ།། དེ་ལས་རྡོ་རྗེར་གྱུར་ནས་ཀྱང་།། ཧཱུཾ་གིས་མཚན་པ་ལས་འཕྲོས་པའི།། ཕྱག་རྒྱའི་ཚོགས་རྣམས་བསྡུ་བར་བྱ།། དེ་ནས་རང་གི་ལྷ་དང་ནི།། ཡཽད་ན ་རྡོ་རྗེ་སེམས་དཔའ་རུ།། བསྐྱེད་ལ་སྐུ་རྣམས་བསྡུ་བར་བྱ།། དེ་ཡང་བྱིན་གྱིས་བརླབ་པ་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡེ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། བཱགྣ་ཛྫ་འགྲེ། ཙཏྟ་བཛྲ་འགྲེ། དེ་ནས་བྱིན་གྱིས་བརླབ་པའི་སྔགས།། ཉི་ཤུ ་རྩ་གཅིག་བཟླས་བྱས་ལ།། རྩ་བའི་དཀྱིལ་འཁོར་བསྟིམྦྷ་ས་ནས་ཀྱོང་།། འོད་ཀྱི་ཕུང་པོར་བལྟ་བར་བྱ།། དེ་ནས་རྟེན་འབྲེལ་ལྡན་པའི་སྔགས།། བརྗོད་ཅིང་བཏབ་ལ་འཁོར་ལོར་བསྒོམ།། སྔར་གྷི་མཎྜལ་དྲང་བའི ་དཀྱིལ།། དྲི་ཡི་ཐོག་ལེས་བརྒྱན་པ་ལ།། མེ་ཏོག་ཚོམ་བུ་བཀོད་པའི་སྟེང་།། སྤྱན་དྲངས་ནས་ནི་བཞུགས་སུ་གསོལ།། དེ་ནས་འཁོར་ལོ་རྒྱལ་མཚན་དང་།། གདུགས་དང་རྒྱལ་མཚན་འཕེན་གྱིས་བརྒྱན ་དེ་ནས་ན་བཟའ་དགང་པོ་གསོལ།། དགྱོད་པ་ཤིན་ཏུ་མཛེས་བྱས་ལ།། སྐྱེ་མཚད་སྐུ་གསུང་ཐུགས་དང་དབང་།། དགུག་བཞུག་མཆོད་དང་བསྟོད་བྱས་ལ།། བདུད་རྣཾ་སྣང་དྷཱ་སྨྲྀ་བསྡུ་བཟླས། ་རྫོགས་ནས་བསྔོ་དང་སྨོན་ལམྦྷ་བཏང་།། དེ་ནས་གཞལྔ་ཡས་བཟང་པོའི་ནང་།། བཞུགས་སུ་གསོལ་ལ་རྟག་ཏུ་མཆོད།། རི་བསྲེག་གི་རུས་པའི་ཆུ་ཚྭའི་རྒྱོ་གྷེ་ཡིན།། གཱ་ཤྲཱི་ན་རྗེ་གཤེད་ཀྱི་རོ་བསྲེག་གི་ཚིག་ཞེས་བྱ ་བ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གེར་སྐད་དུ། ག་ཎ་ཙཀྲ་བི་དྷི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བཱ། རྗེ་བཙུན་མགོན་ལ་ཕྱག་འཚལ་ལོ།། ་