| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཱ་མཎྜ་ལ་བི་དྷི་ནཱ་མ། བོང་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཀྱི་མཎྜལ་གྱི་ཆོ་ག་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ་བླབླ་མ་རྡོ་རྗེ་ཡ་ཤེས་དང་།། རྗེ་བཙུན་མགོན་ལ་ཕྱག་འཆི་ལོ།། དངོས་གྲུབ་སློབ་དཔོན་མཉེས་བྱའི་ཕྱིར།། རྗེ་བཙུན་དཀྱིལ་འཁོར་ད་མ་པ་ཡི།། ཆོ་ག་བདག་གིས་བཤད་པར་བྱ།། ཡིད་དུ་འོང་བའི་ས་ཕྱོགས་སུ།། ས་གཞི ་བཟང་པོ་ཡིད་འོང་ལ།། རིན་ཆེན་སྤོས་ཆུས་ལོགས་སྤྲས་ཏེ།། མཉམ་པའི་ས་ལ་དྲི་སོགས་སྦྱིན།། མཛེས་པའི་གཞི་ལ་ཐིག་ལེ་གཞག། ཏཱ་མ་ལའི་ལོ་མ་འམ།། རས་བལ་གཙང་མས་དགོད་པར་བྱ།། སེམས་ཅན་ཀུན ་ལ་རྗེས་བརྩེ་བས།། ཕྱི་ནང་ཁྲུས་ལ་གནས་ནས་ཀྱང་།། སྐད་ཅིག་བསྐྱེད་ལ་ཚོགས་བསགས་བྱ།། བསྲུང་དང་ཆོས་འབྱུང་གཞལ་ཡས་ཁང་།། བསང་དང་ཆོས་འབྱུང་གཞལ་ཡས་ཁང་།། བསྐྱེད་ལ་དེ་ཡི་ནང་དུ་ནི།། ་མེ་ཏོག་བཟང་པོ་དགྲམ་པར་བྱ།། ཞེ་སྡང་རྡོ་རྗེ་ནས་བརྩམས་ཏེ།། རལ་གཱི་རྡོ་རྗེ་རབ་ཏུ་བསྐྱེད།། ཚོམ་པུ་རེ་ལཾ་ལན་བདུན་ཏེ།། བཟླས་བྱས་པདྨ་ཉི་ཟླའི་སྟེང་།། བདེ་གཤེགས་སྲས་བཅུས་བསམ་པར་བྱ།། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ། ་ཏཱ་ན་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཛི་ན་ཛི་ཀ། ཨོཾ་རཏྣ་དྷྲྀཀ། ཨོཾ་ཨཱ་རོ་ལྀག། ཨོཾ་པྲཛྙཱ་དྷི་ཀཾ་སྭཱ་ཧཱ།། ཨོཾ་མུངྒ་ར་དྷྲྀ་ཀ། ཨོཾ་དཎྜ་དྷྲྀ་ཀཾ། ཨོཾ་པདྨ་དྷྲྀཀ། ཨོཾ་ཁཪྻ་དྷྲྀཀཾ། ཨོཾ་མོ་ཧ་ར་ཏི། ཨོཾ་དྭེ་ཥ་ར་ཏི། ཨོཾ་ར་ག་ར་ཏི། ཨོཾ་བཛྲ་ར་ཏི། ་སོ་སོའི་སྐུ་མདོག་ཕྱག་མཚན་དང་།། རྒྱན་དང་བཞུགས་པའི་ཕྱག་རྒྱུ་རྣམས།། མངོན་པར་རྟོགས་པའི་ཆོ་ག་ལས།། འབྱུང་བ་བཞིན་དུ་གསལ་བར་བསྐྱེད།། ཚོགས་བསག་དཀྱིལ་འཁོར་བསྟིམ་པ་དང་།། ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་བརླབ།། དབང་བླང་བ་དང་དགུག་གཞུག་བྱ།། མཆོད་པོ་སྟོང་བདུད་རྩི་མྱང་བ་དང་།། སྤྲོ་བསྡུ་དང་ནི་བཟླས་པ་རྣམས།། རྣལ་འབྱོར་པ་ཡིས་ལེགོས་བྱས་ཏེ།། འདོད་པའི་དོན་རྣམས་གསོལ་བ་གདས ་བཤགས་དང་བཟོད་པ་གསོལ་བྱས་ཏེ།། དེ་ཉིད་གསུམ་གྱི་ཆོ་ག་ཡིས།། ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ།། དམ་ཚིག་བསྐྱེད་པའི་ལྷ་རྣམས་ནི།། སྙིང་ག་ཉིད་དུ་རྣམ་པར་བསྟིམ།། གཉིས་དོན་དམ་པ་བདེན་པ ་ཡི།། ཆོས་ཀྱི་ཚུལ་ལ་གནས་པར་བྱ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བྱང་ཆུབ་ཏུ་ནི་བསྔོ་བ་དང་།། སྨོན་ལམ་ཆེན་པོ་གདབ་པར་བྱ།། དེ་ལྟར་ཉིན་མཚན་དུས་དྲུག་ཏུ།། སྙིང་བརྩེ་བརྩོན་པས་དབུལ་བར་བྱ།། ་གྷགཡེང་བ་རྣམ་པར་ཞི་དོན་དུ།། ཆོ་གས་བསག་མཎྜལ་ཏིང་འཛིན་ནོ།། སྦྱོར་པོའི་ཆོ་ག་སྔོན་སོང་བས།། གསེར་དང་པང་ཟླ་རྣམ་བསམས་ཏེ།། གྲོང་བཞིན་རིམ་པར་དཔྱོད་པར་བྱ།། ཨོཾ་བཛྲ་རེ་ཁེ་ཧཱུཾ། པདྨ་མཎྜ་ལ་ཧཱུཾ། ་ཨོཾ་བཛྲ་རེ་ཁེ་ཧཱུཾ། ཨ་ཙནྡ་མཎྜ་ལ་ཧཱུཾ། བསྙེན་པར་བྱ་བའི་གོང་བཞིན་དུ།། གཤེགས་སུ་གསོལ་དང་བསྡུ་བ་མིན།། ཁྱད་པར་བསྡུས་པའི་མཎྜལ་ནི།། ལས་ཀྱི་སྔགས་ཀྱིས་བྱིན་བརླབས་ཏེ།། མཛེས་པའི་སྔགས ་ཀྱིས་དགྲམ་པར་བྱ།། རས་སམ་བཟང་པོའི་གནི་ངག་ལ།། ཐིག་ལ་འབྲུ་སོགས་བཀོད་ནས་ཀྱང་།། བདེ་གཤེགས་སྲས་བཅས་སྤྱན་དྲངས་ཏེ།། གདན་གྱི་ཚུལ་དུ་དབུལ་བར་བྱ།། ཤིན་ཏུ་བསྡུས་པ་འདི་ལྟ་སྟེ།། ཚོམ་བུ་གཅིག ་ལ་མངོན་བརྟེན་ཏོ།། གཞལ་ཡས་ཁང་དུ་དམིགས་ནས་ཀྱང་།། དེ་ནང་སྤྱན་དྲང་བཞུགས་སུ་གསོལ།། བསོད་ནམས་ཚོགས་ཀྱིས་རྒྱུད་སྦྱངས་ནས།། གསོལ་བ་པོ་བསྔོས་ལཱ་གཤུགསུ་གསོལ།། མ་ཆགས་བརྟེན ་པའི་སྙིང་གར་བསྡུ།། སྒྱུ་མའི་བློ་ཡིས་ཟིན་པར་བྱ།། བླ་ན་མེད་པའི་མཎྜ་ལྱ་ནི།། སྙིང་གའི་པདྨ་རྣམ་དགྲ་ནད་།། ཡེ་ཤེས་ཆེན་པོའི་ཐིག་ལ་ནི།། ལྔ་ཕྲག་གཉིས་དང་དྲུག་ཕྱེད་ཀྱི།། ཡིག་འབྲུ་མཆོག་ཏུ་རྣམ་བསམས ་ཏེ། མཚན་དང་རྫོགས་པའི་སྐུར་གྱུར་ནས།། དུས་གསུམ་ཚེགས་ཀྱི་མཆོད་པ་བྱ།། རྟག་ཏུ་བསྟི་བ་མ་ཡིན་ཏེ།། དུས་མེད་རྟག་ཏུ་བརྩོན་པས་འགྲུབ།། བསམ་གྱིས་མི་ཁྱབོ་མཎྜ་ལ་ནི།། ཚེ་འདིའི་ཟུང་དུ་འཇུག་པ་ལས།། ་རང་གི་དེ་ཉིད་རྣམ་བསམས་པའོ།། སྐྱེ་མེད་མྱ་ངན་འདས་པའི་གནས།། རྟོག་དང་བྲལ་བའི་དེ་བཞིནི་ཉིད།། རྡོ་རྗེ་ལྟ་བུའི་ཕོ་བྲང་ཡིན།། དུས་གསུམ་རྟག་ཏུ་སངས་རྒྱས་ནས།། སྐྱེ་མེད་དེ་བཞིན་ཉིད་ཀྱི་བདག། ཆགས་སྡང ་དབུལ་བས་དབུལ་བར་བྱ།། མཎྜལ་ཀུན་གྱི་མཆོག་ཡོན་ནོ།། བསོད་ནམས་ཚོགས་ཀྱི་མཎྜལ་ལས།། ཡེ་ཤེས་མཎྜལ་རྣམ་པར་སྐྱེ།། ད་ཕྱིར་ཐབས་ཀྱི་མཎྜལ་ནི།། རྣལ་འབྱོར་པ་ཡིས་དབུལ་བར་བྱ།། ཐུན ་མོངས་དངོས་གྲུབ་བསྒྲུབ་པ་དང་།། མཆོག་གི་དངོས་གྲུབ་ཐོབ་བྱའི་ཕྱིར།། བདག་གིས་བསམ་པ་བཟང་པོ་ཡིས།། མཎྜལ་བྱས་པའི་དགེ་བ་གང་།། དེས་ནི་སེམས་ཅན་ཐམས་ཅད་ཀྱིས།། སངས ་རྒྱས་ཞིང་ཁམས་དག་ཐོབ་ཤོག། གཤིན་རྗེག་ཤིང་ནག་པོའི་མཎྜལ་གྱི་ཆོ་ག་ཞེས་བྱ་བ་རྫོགས་སོ།། ། ཟངས་གླེང་རྣལ་འབྱོར་ནཱ་ག་བུ་ར་ཡིས།། རྣལ་འབྱོར་མ་ཀ་ར་ཏྲི་ཏ་ཉིད་ལ།། གུ་ཚ་རྒྱལ་བའི་བུ ་ཉིད་བཏང་ནས་ཀྱང་།། ཏཱ་རུ་པ་རི་དུར་ཁྲོད་ཚལ་ཉིད་དུ།། རྣལ་འབྱོར་འདུས་པའི་ཚོགས་ཀྱིས་འཁོར་ལོ་ནང་།། གསོལ་བཏབ་རྣལ་འབྱོར་རྣམས་ཀྱི་ཞལ་དོ་རུ།། མཎྜལ་ཆོ་ག་བསོད་སྙོམས་པ་ཡིས་བྱས།། དང་སད་རྣལ ་འབྱོར་ལྔ་སྤྱད་ལྡན་པ་ཡིས།། དུས་རྣམས་རྟག་ཏུ་མཎྜལ་འབད་པར་རིགས།། ། རྒྱ་གར་སྐད་དུ། དྷརྨྨ་ཀ་ཡ་དཱི་པཾ་བི་དྷི་ནཱ་མ། བོད་སྐད་དུ། ཆོས་ཀྱི་སྐུའི་སྣང་བའི་ཆོ་ག་ཞེས་བྱ་བ།། དཔལ་གཤིན ་