| Wylie | e-texts produced with BDRC’s OCR application |
ཞེས་བྱ་བའོ་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་རཱས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་པྲདྡྷ་ཤྲཱི་ཛྙཱ་ན་ཀིརྟིསི་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། ཙཎྜ་ཁཌྒ ་ཡ་ཡ.ཱམཱ་རེ་སྭཱ་དྷ་ནོ་ནཱ་ཡ། བོད་སྐད་དུ། རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལྔ་ཕྱག་འཚལོ།། སྟོང་པ་ཞི་བ་ལས་ནི་རྡོ་རྗེའི་སྐུ།། བདུད་མཐར་མཛད་པ་རབ ་ཏུ་གཏུམ་པའི་ཞལ།། སེམས་ཅན་རྗེས་འཛིན་ཐགས་རྗེས་ཆེན་པོར་ལྡན།། རལ་གྲི་ཆེ་ལ་བཏུང་བཤད་པར་བྱ།། སྐད་ཅིག་དྲན་པའི་ལྷར་བསྐྱེད་ནས།། དམ་པ་དམིགས་ལ་ཚེགས་བསག་བྱ།། ཚངས ་པའི་གནས་བཞི་སྔོན་འགྲོ་བས།། སྟོང་པ་དང་ནི་འཁོར་ལོ་བསྒོམ།། པདྨ་འོད་ཟེར་རྣོན་པོ་སྟེ།། རང་ལས་ཤུགས་ཅན་གྱུར་པའི་སྐུ།། མར་ཀ་ཏ་ལྗང་ཁུའི་མདོག་འདྲ་ལ།། སྔོ་དང་དཀར་པོ་གཡས་གཡོན ་ཞལ།། གྲི་གུག་རཱལ་གྲི་འཁོར་ལོ་དང་།། ཐོར་པ་རིན་ཆེན་ཆུ་སྐྱེས་འཛིན།། དཔའ་བོའི་རྒྱུན་དང་ཀླུ་ཡིས་སྤྲས།། དབུ་སྐྲ་གྱེན་འགྲེང་མེ་དཔུང་དཀྱིལ།། སྟག་ལྤགས་མནབས་ཤིང་གཡོན་བརྐྱང་བ། ་བསྐྱེད་པའི་སྐུ་ལ་འདི་ལྟ་སྟེ།། སྙིང་གར་ཧཱུཾ་ལས་རྡོ་རྗེ་ཐུགས།། མགྲིན་པར་ཨཱཿལས་རྡོ་རྗེ་གསུང་།། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ།། མཐིང་དམར་དཀར་ཞིང་མཚན་ཆར་ལྡན།། ས་སྙིང་དཀར་པོ་མཽག ་ལཱ་ཀླྀ།། རྡོ་རྗེ་འཛིན་སྔོན་རྣ་བར་རྫི།། ནམེ་སྙིང་སེར་པོ་སྣ་ལ་ཁཾ།། འཇིག་དབང་དམར་པོ་ལྕེ་ལ་གོ།། སྒྲིབ་སེལ་ལྗང་གུ་དཔྲལ་བར་ཀཾ། ཀུན་བཟང་དཀར་པོ་ལྟེང་སྣར་སི།། སྤྱན་དྲངས་མཆོད་བསྟོད ་བྱིན་བརླབས་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་བཛྲི་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། རྡོ་རྗེ་སེམསེ་མ་ལ་སོགས་ཀྱིས།། དབང་བསྐུར་སྤྱི་བོར་གཤིན་རྗེ་གཤེད།། སྒོ་བཞིའི་སྔོགས་ཀྱིས་འདོད་ལྷ ་བསྐུལ།། རང་གི་ལུས་ལ་གཞུག་པར་བྱ།། མྲྀངྒི་རཱ་ཛཿདཎྜ་ཧཱུཾ། པདྨ་བཾ། ཁཌྒ་ཧོ། སྙིང་གར་ཡེ་ཤེས་ནུ་བའི་རྒྱུན།། བ་སྤུ་ཁུང་ནས་སྤྲུལ་པས་མཆོད།། ཨོཾ་སརྦ་ཏ་ཐཱ་ག་ཏ ་པཱུ་ཛ་བཛྲཱི་སྭ་བྷཱ་བ་ཨཱཏྨ་ཀ་དྷ། ཧཱུ~ཾ་རྡོ་རྗེ་ལས་ནི་བརྩོན་འགྲུས་ཆ།། སངས་རྒྱས་རྡོ་རྗེ་བཏུལ་ཞུགས་འཛིན།། ལས་མཐར་མཛད་པའི་ཐུབ་པ་པོ།། རྡོ་རྗེ་བརྩོན་འགྲུས་ཁྱད་ཕྱག ་འཚལ།། བདུད་རྩི་མྱང་བ་བྱས་ནས་ཀྱང་།། སྨྲྀ་བསྡུ་ལྡན་པས་བཟླས་པར་བྱ།། ཨོཾ་བཛྲ་ཁཌྒ་དྷྲྀཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འབྱུང་བ་རིམ་གྱི་ཐིག་པ་ལ།། ཡི་གེ་གསུམ་དུ་སྦྱངས་ནས་ཀྱང་།། བདེ་དང་སྡུག་བསྔལ ་མི་དམིགས་པའི།། རྡོ་རྗེ་ལྟོ་བུའི་ཏིང་འཛིན་བསྒོམ།། བདག་གིས་རྙེད་དང་བཀུར་སྟི་ལ།། མ་བལྟས་སེམས་ཅན་ལ་བརྩའི་ཕྱིར།། རལ་གྲི་རྡོ་རྗེའི་སྒྲུབ་ཐབས་བྱས།། འདི་ཡིས་ངེས་འབྱུང་རྙེད་གྱུར་ཅིག། རེལ ་གྲི་ག་ཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་སུ་ཁ་པདྨ་ཡ་མཱ་རི་སཱ་དྷ་ན་ནཱ་མཾ། བོད་སྐད་དུ། པདྨ་གཤིན་རྗེ་། ཤིད་རབ་བདེ་བ ་