| Wylie | e-texts produced with BDRC’s OCR application |
པས། ཐམས་ཅད་འབྲས་བུ་མངོན་རླུང་ཤོག། ཁྲོ་བོ་ཐོ་བ་གཤིན་རྗེ་གཤད་ཀྱི་སྒྲུབ་ཐབས་ཞེས་བྱ་བ། རྒྱུ་གཱ་རོ་གྱི་མཁན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། མཱཎྜ་དྷྲྀཀ ་བི་དཱ་ར་ཡ་མ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དབྱུག་པ་གཤིན་རྗེ་གཤེད་རྣམ་པར་འཇོམས་པོ་ཞེས་བྱ་བའི་སྒྲུབ་ཐབ་སོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཐུགས་ཀྱི་དེ་ཉིད་གཙོ་དང་མཚུངས་པ་ཡི། ་ལྷ་ནི་བདུད་དགྲ་དབྱུག་པ་གཤིན་རྗེ་གཤེད།། ལས་རྣམས་ཐམས་ཅད་མཐར་མཛད་ལ་བཏུད་དེ།། མཆོག་གི་དངོས་གྲུབ་བསྒྲུབ་ཕྱིར་བཤད་པར་བྱ།། རང་ལུས་ཕྱག་རྒྱ་ཆེན་པོར་དྲན།། ཐེག་པ་ཆེན་པོའི་བློར་བྱས་ནས།། བླ་མ། ་རྗེ་བཙུན་རྣམས་ལ་ནི།། བསོད་ནམས་ཚོགས་རབ་བསགས་པར་བྱ།། གཉིས་མེད་སངས་རྒྱས་གཉིས་སུ་མེད།། རྐྱེན་སྐྱེས་ཆོས་ཀུན་ཆུ་ཟླ་འདྲ།། དེ་ཉིད་སྐྱེ་མེད་ཤེས་བྱའི་ཕྱིར།། དག་པའི་སྔགས་ཀྱིས་བསྐུལ་ལ་བསྒོམ།། ་ཚད་མོད་རྒྱུན་ཆད་མེད་པའི་སེམས།། ན་མཁའི་ཐིག་པ་དེ་ཉིད་ལོས།། བསྲུང་བའི་འཁོར་ལོ་གདན་བསམས་ཏེ།། ཛ་ལས་དུ་བྱུག་པོ་དཀར་དང་སྐུ།། རྩ་ཞལ་དཀརོ་ལ་སྭོ་དམར་ཞལ།། རང་གི་རིག་མར་མཚུངས་པའི ་ལུས་གྲི་གུག་དབྱུག་པ་རལ་གྲི་དང་།། ཐོད་པ་འཁོར་ལོ་ཆུ་སྐྱེས་འཛིན།། གཡས་བསྐུམ་གཡོན་བརྐྱང་བ་ཡུ་ཞབས།། ཆུ་སྐྱེས་འོད་ཟེར་རྣོན་པོ་མནན།། མྱི་མགོའི་ཕྲེང་སྦྱངས་སྟག་ལྤགས་མྱནབས།། ཀླུ་དང ་རུས་རྒྱན་དབུས་མཛེས་པ།། བསྐྱེད་ལ་ལུས་ངག་ཡིད་གསུམ་དེང་།། སྐྱེ་མཆེད་རྣམས་ལ་འདིས་བྱིན་བརླབ།། ཨོཾ་ཨཱཿཧཱུཾ། ཀླྀ་ཛཾ་ཁཾ་གཾ་ཀཾ་སཾ་དབང་བསྐུར་ཅོད་པན་མི་བསྐྱོད་བསམ།། ཛཿཧཱུཾ་བཾ་ཧོཿས་བྱིན་གྱིས་བརླབ ་བྱང་ཆུབ་སེམས་ཀྱི་སྤྲུལ་པས་མཆོད།། དེ་ནས་རྡོ་རྗེ་དྲིལ་ལྡན་པས།། བསྟོད་པའི་རྒྱལ་པོ་བརྗོད་པར་བྱ།། སངས་རྒྱས་རྡོ་རྗེ་ཀུན་ཏུ་བཟང་།། མཉམ་པོའི་རྡོ་རྗེ་མཾ་བསྐྱོད་པ།། རྡོ་རྗེ་གསང་བ་དབྱིངས་ཆེན་པོ།། ཡེ་ཤེས ་རྡོ་རྗེ་ཕྱག་འཚལ་བསྟོད།། ཡིག་འབྲུ་གསུམ་གྱིས་བྱིན་དྲན་པའི།། བདུད་རྩི་རྡོ་རྗེ་ལྕེ་ཡིས་མྱང་།། སྤྱི་དང་བསྡུ་བ་བྱས་ནས་ཀྱང་།། གསང་སྔགས་ཁྲི་རུ་བཟླས་པ་བྱ།། ཨོཾ་བཛྲ་དདཱརྡྷ་དྷཱ།། ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ས་ཆུ་མེ་རླུང་འབྱུང་བའི་རིམ།། ཡེ་ཤེས་ཐིག་ལེར་བྱས་ནས་ཀྱང་།། གཟུགས་ནི་སྒྲ་ཉིད་རིང་བཞིན་དོག། བདག་མེད་སྙིང་པོ་བསྒོམ་པར་བྱ།། མ་རིག་མུན་པ་འཇོམས་བྱོད་སྒྲོན་མུའི་མཆོག། ་བདུད་དགྲ་ཁྲོ་བོའི་རྒྱལ་པོའི་སྒྲུབ་ཐིབས་འདིས།། འགྲོ་བའི་འཇིགས་ཆེན་ངོས་དགྲ་བཅོམ་ནས་ཀྱང་།། ཐམས་ཅད་གཤིན་རྗེ་གཤེད་པོ་ཉིད་མཚུངས་ཤོག། དབྱུག་པ་གཤིན་རྗེ་གཤེད་རྣམ་པར་འཇོམས་པ ་ཞེས་བྱ་བའོ་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་རཱས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་པྲདྡྷ་ཤྲཱི་ཛྙཱ་ན་ཀིརྟིསི་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། ཙཎྜ་ཁཌྒ ་