| Wylie | e-texts produced with BDRC’s OCR application |
རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་ཞེས་བྱ་བ། ་མགོན་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། བླ་མ་ལ་གུས་དེ་རྗེས་ལ།། གཤི་ནི་རྗེ་གཤིང་ནག་རྡོ་རྗེ་ནི།། རབ་འང་ཡན་ལག་འདུས་པ་ཡི།། བདེ་བ་རྒྱས་ལ་ཕྱག་འཚལ་ཏེ།། གཤིན་རྗེ་གཤེད་ནག ་སྒྲུབ་པའི་ཐབས།། དེ་ཉིད་བློ་ཡིས་བཤད་པར་བྱ།། བྱེདྲེ་བའི་སྟན་ལ་འདུག་ནས་ནི།། སྙིང་རྗེས་སྐད་ཅིག་ལྷར་བསྐྱེད་ལ།། སྙིང་གདྱ་པདྨ་ཡ་ཡིག་དགོད།། འོད་འཕྲོས་སྦྱངས་ཏེ་བླ་མ་དགུག།། བཀོད ་པ་བསམས་ལ་ཕྱག་དང་ནི།། མཆོད་པ་ལ་སྲོགས་ཚོགས་བསགས་ཏོ།། བློ་ཡིསུ་མཁའ་ལ་གཤེགསུ་གསོལ།། དེ་ནས་ཚངས་པའི་གནས་བཞི་བསྒོམ།། རང་བཞིན་རྣམས་དང་བྲལ་བས་རྒྱུ།། འདི་ལྟར་ཡང་ན་མཚན ་མ་ནི། རྣམ་པར་དཔྱད་པས་མེད་བྱས་ན།། འདི་ལྟར་སྨོན་ལམ་རྣམ་པར་སྤངས།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧོ། ད་ལྟར་བརྟན་པར་བསམས་ནས་ནི།། མ་ཡིག་ལས་བྱུང་ཉི་མ་ལ།། སྣ་ཚོགས་ཧཱུཾ་ལས ་རྒྱུ་གྲམ་བསམ།། ཧཱུ~ཾ་ལས་འོད་འཕྲོས་ར་བའོ།། དེ་དཀྱིལ་པོ་ལས་པདྨ་ནི།། དམར་པོའི་སྟེང་དུ་ཟླ་བ~ཾ་སྟེ།། དེ་ལ་དབྱངས་ཡིག་རྣམ་པར་བསམ།། དེ་སྟེང་རཾ་ལས་ཉི་མ་སྟེ།། གུས་ལ་བྱད་བཀོད་ལ་གསལ་བར་བྱས།། དེ་ལས ་གོང་བུ་ཧཱུཾ་དུ་གྱུར།། དེ་ལས་རྡོ་རྗེ་ཧཱུཾ་ལྡན་བསམ།། དེ་ལས་རྡོ་རྗེ་སེམས་དཔའ་ནི།། ཞལ་གཞན་གཤིན་རྗེ་གཤེང་དང་འདྲ།། རྩ་བའི་ཞལ་མི་དཀར་བར་བསྒོམ།། ཐུགས་ཀར་ས་བོན་གསོལ་བ་ལས།། འོད་འཕྲོས་བཀུག་ལ་ཞལ ་ཞུགས་པས།། སྙིང་གར་ཞུ་ནས་ཐིམ་བྱས་ལ།། མཁའ་གསང་སྦྱངས་ལ་ཧོ་དམར་བསམ།། ཞུ་བས་སྐར་མངའ་ལམ་ཞུགས་བཞིན།། མཁའ་གསང་ནང་དུ་བབས་གྱུར་པས།། བདག་ཉིད་ཡུམ་དང་བཅས་པ་གཞུ།། དེ་ལས ་ཐིག་ལེ་བཞི་འཕྲོས་པས།། ལྷ་མེ་བཞི་ཡིས་བསྐུལ་བར་བསམ།། རྗེ་བཙུན་སྟོང་ཉིད་ལ་བཞེངས་ལ།། ཁྱམས་གསུམ་ཀུན་གྱི་གཏི་མུག་སེལ།། རྗེ་བཙུན་ཆོས་ཉིད་ལ་བཞེངས་ལ།། སྙིང་རྗེས་སེམས་ཅན་དྲོན་མཛོད་ཅིག། དེ་རྗེས ་དེ་ཡང་ཐིམ་གྱུར་པས།། ཐིག་ལེའི་ངོ་བོར་བལྟ་བྱེས་ལ།། ཞུ་བས་ཡོངས་སུ་གྱུར་པ་སྐྱེས།། ཡ་ཡིག་སྔོན་པོ་ཉིད་དཀྱིལ་འཁོར།། དེ་ལས་རྡོ་རྗེ་ས་བོན་བཅུས།། འོད་འཕྲོས་བསྟིམས་ཏེ་གྱུར་པ་ལས།། བདག་ཉིད་འཇམ་དཔལ ་གཤིན་རྗེ་གཤེད།། རྩ་བའི་ཞལ་ནི་སྔོན་པོ་ལ།། གཡས་དཀར་གཡོན་པ་དམར་བ་སྟེ།། རང་གི་ཡུམ་དང་ལྡན་པའི་ལུས།། རྡོ་རྗེ་རལ་གྲི་འཁོར་ལྷོ་དང་།། ཆུ་སྐྱེས་གྲི་གུག་ཐོད་པའི་ཕྱག། མ་ཧེའི་གང་ན་བཅས་གསུས ་ཆེསགླང་པོ་སྟག་གི་པགས་པ་མན་བཱས།། མཆེ་གཙིགས་སྦྲུལ་གྱི་ཆད་ལྡན་བསྐྱེད།། སེམས་ལྡན་འོད་འཕྲོས་ཡེ་ཤེས་དགུག། ཛཿཧཱུཾ་བཾ་ཧོཿདེ་ནས་མོག་དང་རྣ་བ་སྣ།། ལྕེ་དོང་ལུས་ཡིད་རྣམས་ལ་ཡང་།། མངོན ་ཤེས་བསྒྲུབ་ཕྱིར་ལྷ་བསྒོམ་བྱ།། ཀྵཾ་ཛཾ་ཁཾ་གཱཾ་ཀཾ་སཱཾ། དེ་ནས་སྐུ་གསུང་ཐུགས་གསུམ་ལ།། ཨོཾ་ཨཱཿཧཱུཾ་གསུམ།། བཀོད་པ་ལྷ་རུ་དམིགས་པར་བྱ།། དེ་ནས་གཤུང་ལྔ་སྤྱནི་དྲངས་ཏེ།། མཆོད་ལ་གསོལ་བཏབ་དབང་བསྐུར། ་བས།། རྡོ་རྗེ་འཛིན་པ་སྤྱི་བོར་བལྟ།། དེ་ལས་ས་བོན་ཡི་གེ་ལས།། འཕྲོས་པས་ཡི་གེ་ཉི་མར་བསྡུ།། དེ་ནས་རྡོ་རྗེའི་བཟླས་པ་ནི།། ཞི་རྒྱས་དབང་དང་དྲག་ཚུལ་དུ།། གཏོར་མེ་ལྡན་པས་བཟླས་པ་བྱ།། དེ་ནས་ལྡང་བར་བརྩམ ་པ་ནཱ།། སེམས་ཅན་དོན་ལ་སེམས་པ་ཡི།། ཡེ་ཤེས་སེམས་དཔའ་གཤེགསུ་གསོལ།། ཨོཾ་ཨཱཿདྷཱུ་ཡིད་བཞིན་འཁོར་དང་རྡོ་རྗེ་བཟླས།། གཙོ་མོ་ཁྲི་ཚུལ་ལོ་མ་གཙིགས།། པྲ ་ཚུལ་གྱིས་བཟླས་པར་བྱ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། འདིས་ནི་ལས་ཀུན་བྱེད་པ་སྟེ།། འདོད་པ་ཐམས་ཅད་ཡིད་བཞིན་འགྱུར།། ཡཾ་ལས་རླུང་སྟེ་རཾ་ལས་མེ།། ཀཾ་ལས་ཐོད་པ་ཨ་ལས་སྣོད་།། འདབ་བརྒྱད ་ཤཾ་ལྔ་བདུད་རྩི་ལྔ།། ཧཱུ~ཾ་ལས་ཁ་གདབ་ཨོཾ་ཨཱཿཧཱུཾ། བསམས་ཏེ་མེ་སྦྱར་ཞུ་བས་བསྡུ།། སྦྱངས་ཏེ་ཨོཾ་ལས་འོད་འཕྲོས་པས།། ཡེ་ཤེས་བཀུག་ལ་བསྟིམ་བིན་བརླབ།། སྦུ་གུས་དྲངས་ནས་གསོལ་སྦྱིན་བྱ།། ལྷ་ལ་སོགས ་པའི་ཚོགས་བཅུས་རྣམས།། ལྷ་རྫས་རྡོ་རྗེ་ཡོངསུ་དག་པའི་གཏོར་མ་འད།། གྲྀཧྞ་ཁཱ་ཧི་གྲྀཧྞ་ཁ་ཧི་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།། འགྲོ་འཆག་ཉལ་འདུག་ལ་སོགས་ལ།། དཔའ་བོའོ་ང་རྒྱལ་གཏང་མི་བྱ།། དངོས་པོ་དངོས་བྲལ་སྐྱེ ་དང་བྲལ།། གཡོ་བ་གཡོ་མེད་བདེ་བ་ཅན།། ཐབས་དང་ཤེས་རབ་ལས་འབྱེད་ཅིང་།། དོན་གསུམ་གཉིས་སུ་མེད་ལ་བཞག། བདག་གི་སྒྲུབ་ཐབས་སྦྱར་བ་འདིས།། འགྲོ་ཀུན་གཤིན་རྗེ་གཤིང་ཐོབ་ཤོག། དཔལ་གཤིན ་རྗེགཤེད་ནག་པོ་སྒྲུབ་པའི་ཐབས་ཤེས་བྱ་བ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཀཽ་མ་ལ་རཀྵི་ཏས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱརྟས་རང་འགྱུར་དུ་མཛད་པའོ།། ་