| Wylie | e-texts produced with BDRC’s OCR application |
མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ།། སློབ་དཔོན་ཆེན་པོ་ཀྲྀཉྫ་པཎྜི་ཏས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་བུདྡྷ་སཱ་དྷ་ནཾ་ནཱ་པ། བོ་སྐད་དུ། ་སངས་རྒྱས་གཤིན་རྗེ་གཤེད་ནག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ།། འཇམ་དཔལ་ག། ཞོན་ནུར་པ་ལ་ཕྱག་འཚལོ།། བླ་མ་རྗེ་བཙུན་བླ་མེད་དང་།། སྐུ་གསུམ་མགོན་པ་གཤེགས་ཉིད་ལས།། བཏད་པ་དེ་ཉྀད་སྐབ ་པའི་ཐབས།། བློ་དམན་བདག་གིས་བཤད་པར་བྱ།། སྔགས་པ་བློ་དང་ལྡན་པ་ཡིས།། སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ།། སྐད་ཅིག་དྲན་པས་གསལ་བར་བྱ།། གཉིས་པས་རྫོགས་པ་ཐིག་ལ་ཆེ།། བཟང་པོ་ཉིད་ད། ་དཔལ་གྱི་མགོན།། སོ་སོ་ལས་ཀྱང་བནི་འབྱུང་བྱ།། རྫོགས་དང་རབ་ཏུ་གནས་པ་དང་།། མངོན་པར་བཏུང་ལ་མཆོད་བྱས་ཏེ།། ཡ་ཡིག་སྤྲུལ་པའི་ལས་བྱའོ།། བཤགས་དང་རྗེ་སུ་ཡི་རང་དང་།། བསྐུལ་དང་གསོལ་བ ་གདབ་པ་དང་།། སྐྱབསུ་འགྲོ་དང་སེམས་བསྐྱེ་ཆེ།། ལུས་དབུལ་ཡོངས་སུ་བསྔོ་བ་བྱའོ།། སྨོན་ལམ་གདབ་དང་གཤེགས་གསོལ།། ཆིངས་པའི་གནས་བཞི་སྟོན་སོང་བས།། རྣམ་ཐར་གསུམ་གྱི་བདག་ཉིད་བསྒོམ ་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱཿས་བྷཱ་བ་ཤུདྡྷོ་ཧཾ། གནས་དང་དག་པའི་ངོ་བོ་དང་།། བདེ་བ་བཟང་པོ་འདི་བསྒོམ་བྱ།། ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀཾ་ཧཾ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ནི།། ཡི་གེ་གསུ ་གྱི་ངོ་བོར་བལྟ།། དག་པའི་ཐིག་ལེ་ན་མཁའ་ཡིས།། རྒྱུན་གྱིས་གནས་པའི་ཉི་མ་ཧཱུཾ། གྱུར་པ་རྡོ་རྗེ་གཞལ་མེད་ཁང་།། ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས།། ཆོས་ཀྱི་འབྱུང་གནས་རྣམ་པར་གནས།། སྣ་ཚོགས་པདྨའི་དཀྱིལ་ཉིད་དུ། ་ཟླ་བ་ཡི་གེ་བཅུ་དྲུག་བཅས།། རེ་པྲ་ལས་བྱུང་གཉིས་པ་ལས།། གསལ་བྱེད་ཡི་གེ་ཁོར་ཡུག་བལྟ།། རོ་མཉམ་པ་ལས་ས་བོན་ཉིད།། ནོར་བུ་རྡོ་རྗེ་སྒོ་དང་བསྡུ།། ང་རྒྱལ་གྱུར་པས་རྡོ་རྗེ་སེམས།། དཀར་དྲིང་གནག་དང་དམར། ་བའི་ཞལ།། ཤེས་རབ་གཉིས་མེང་སྒེག་དང་སྟངས།། གདུག་དང་དུར་ཁྲོད་རྒྱན་གྱིས་སྤྲས།། གྲི་གུག་ཐོད་པ་རྩ་བའི་ཕྱག། རྡོ་རྗེ་རལ་གྲི་གཡས་ན་བསྣམས།། གཡོན་ན་འཁོར་ལོ་ཆུ་སྐྱེས་སོ།། ས་བོན་འོད་ཀྱི་བདག་ཉིད ་དཔལ།། རྗེས་སུ་གྱུར་པས་ཁུ་བུར་བལྟ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གནས།། ཉི་མ་དམར་པོ་ཡ་གཅིག་བཅས།། གྱུར་པས་རྡོ་རྗེ་སྔོན་པོ་སྟེ།། སི་བོན་འོད་ལས་གཤིན་རྗེ་གཤེད་།། ཆར་སྤྲིན་གཞོན་ནུ་ལྟ་བུའི་མདོག། ་གཡས་པ་ཟླ་བ་ལྟེ་བུ་སྟེ།། གཡོན་པ་པདྨ་རཱ་གའི་མདོག། རང་གྲི་ཡུམ་དང་ལྡན་པའི་སྐུ།། རྩ་བའི་ཕྱག་གིས་འཁྱུད་པའི་སྔངས།། རྡོ་རྗེ་རལ་གྲི་འཁོར་ལོ་དང་།། པདྨ་འོད་ཟེར་ཆེན་པོ་འབར།། གྲི་གུག་རྡོ་རྗེ་མཚན་པ ་དང་།། ཐོད་པ་བྱང་ཆུབ་སེམས་བཀང་བ།། ཡུམ་དང་མཚུངས་པར་འཛིན་པ་སྟེ།། གཅེར་བྱེ་རྒྱན་བྲལ་སྐྲ་གྲོལ་བའོ།། སྙོམས་པར་འཇུག་པའི་སྟེངས་དང་ལྡན།། བརྒྱ་ཕྱིད་མགོ་བོའི་ཕྲེང་བ་ཅན།། པདྨ་ཟླ་བའི་གདན་སྟེང ་སུ།། མ་ཧེ་ཉི་མ་གནས་པའི་སྟངས།། རྡོ་རྗེ་གཤེང་པོ་བསྒོམ་པར་བྱ།། སྐུ་གསུང་ཐུགས་དང་ལྡན་པ་ཡིས།། སེམས་དཔའི་རྡོ་རྗེ་བདེ་བར་བསྒོམ།། སྐྱེ་མཆེད་ཟླ་བའི་དཀྱིལ་འཁོར་ཏེ།། སེམས ་དཔའི་ཡི་གེ་གསལ་བར་བྱ།། ཀྵོ་ཛྲིཾ་ཁཾ་གཾ་ཀཾ་སཾ། སྠི་གཙུག་མགྲིན་པ་སྙིང་གའི་སྟེང་།། ཟླ་བ་པདྨ་ཉི་མའི་དཀྱིལ།། དཀར་དམར་གནག་པའི་ཡི་གེ་དགོད།། ཨོཾ་ཨཱཿཧཱུཾ། སོ་བོན་ལས་འཕྲོས་གཤིན་རྗེ་གཤེད། ་ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས།། བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན།། ཕབ་སྟེ་སྤྱི་གཙུག་བྱབ་གྱུར་པས།། དྲི་མེང་དག་པས་རྡོ་རྗེ་སེམས།། སྤྲོས་དང་བསྡུས་པས་དེ་ཉིད་དོན།། མཉེས་པར་བྱས་ལ་རྒྱུད་ལ་བསྟིམ།། ་ངེས་དང་གསལ་དང་བརྟན་པ་དང་།། ཕབ་ལ་ཐིག་ལེ་ཐིག་ལེ་ཆེ།། བྱེད་པ་སྦྱོར་དང་པྲ་མོ་དང་།། གོ་རིམ་ན་མཁའི་རྡོ་རྗེའོ།། འདི་ནི་འགྲུབ་མེད་འགྲུབ་པ་མེད།། རང་བཞིན་ཉིད་ནས་རྡོ་རྗེ་སེམསོ།། རྡོ་རྗེ་ན་མཁའི་ཁམ ་སྦྱོར་བས།། གཉིས་མེད་ཡེ་ཤེས་ཆོས་ཀྱི་སྐུ།། འདི་ནི་རྣམ་པར་དག་པའོ།། ལྡང་བ་སཱ་ལུའི་འབྲས་ལྟར་དུ།། གནས་པ་རྒྱལ་པོའི་དབང་སྒྱུར་བཞིན།། དབྱིངས་ཀྱི་རྡོ་རྗེ་ཐ་མི་དད་།། སྦྱོར་བའི་བྱང་ཆུབ་སེམས་ཕབ ་པོས།། ས་སྦྲེངས་ས་འོག་ས་བླ་ཡི།། གནས་སྐྱེ་གསུང་ཐུགས་བསམས་ཏེ།། མེ་ཡེངས་དོན་གྲུབ་བཟླས་པ་བྱ།། ཨོཾ་ཀཱ་ལ་རུ་པ་ཧཱུཾ། འདིས་ནི་བརྒྱ་བྱིན་ལྀ་སོགས་པ་བརྒྱལ་བར་བྱེད་པའོ།། ཨོཾ་ཡ་མ་རཱ་ཛ། ས་ངོ ་མེ་ཡ། ཡ་མ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཱ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདིས་ནི་དངོས་གྲུབ་ཆེན་པོ་ཡང་ཐོབ་པར་འགྱུར་རོ།། ཨོཾ་ཧྲཱིཿཥྚྲྀཝིཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདིས་ནི་ལས ་ཐམས་ཅད་འགྲུབ་བོ།། ཧ་ཅང་དྲག་མིན་ངལ་བཱ་མིན།། ཅུང་ཟད་རིང་བ་མ་ཡིན་ཏེ།། ཐུང་དང་མྱི་གསལ་རྣམ་སྤངས་ཏེ།། ཚིག་གི་བར་དུ་མ་ཆོད་པའོ།། ཆེན་པོས་བཟླས་པ་འགྲུབ་པ་འགྱུར།། འདི་ནི་བསྒྲུབ་པའི་དོན ་དུ་བྱས།། ལས་ཀུན་བླ་མ་བརྒྱད་ཤེས་བྱ།། མི་ཤེས་པ་དག་དགྲོལ་བའི་ཕྱིར།། བདག་གིས་རྟོགས་པར་གྱུར་པ་བརྩམས།། འདི་ལ་འབྱུང་བའི་བསོད་ནམས་ཀྱིས།། དཔལ་ལྡན་གཤིན་རྗེ་གཤེང་འགྱུར་ཤོག། ་སངས་རྒྱས་གཤིན་རྗེ་གཤིང་ནག་པོའི་སྒྲུབ་ཐབས།། ནཱ་དཱ་ཀུ་བེ་རཾ་ལས་བྱུང་བའི་དོན།། ཀུན་ད་ན་ཀྵ་རི་ན་བཞུགས་པའི་མཁས་པ་ཆེན་པོ་རྣལ་འབྱོར་པ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ་རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་ཞེས་བྱ་བ། ་