CLOSE WINDOW

GT811: las kyi rdo rje gau rI'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

སྟོབས་གྱུར་ཤོག།། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐོབས་ཞེས་བྱ་བ་རྫོགས།། ། རྒྱ་གར་སྐད་དུ། ཀརྨ་བཛྲ་ཎི་གཽ་རཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལས་ཀྱི་རྡོ་རྗེ་གཽ་རཱིའི་སྒྲུབ ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བཏང་སྙོམས་རྣམ་པར་དག་པ་ཕྱག་རྒྱ་ཆེ།། ཡིས་ཕ་རོལ་ཕྱིན་མ་ལ་ཕྱག་འཚལ།། བརྩོན་འགྲུས་ཐོགས་པ་མྱེད་པས་སེམས་ཅན་དོན། འགྲུབ་ཕྱིར་གཽ་རཱིའི། ་སྒྲུབ་ཐབས་བཻ་ཤད་པར་བྱ།། ཁྲུས་དང་རྒྱན་དང་གིས་དང་བྱུག་པ་རྣམས།། པི་ནང་རྣམ་པར་དག་པ་ཤེས་པར་བྱ།། རངཏྣ་གཱི་རྣལ་འབྱོར་དམ་པ་མཆོད་ནས་ཀྱང་།། བདེ་བའི་འཁོར་ལོ་བདག་ལ་གཞུག་པར་བྱ།། ཚད་མེད ་བ་ཞི་ལ་རྣལ་འབྱོར་སེམས་གནས་ནས།། ཆོས་ཀུན་སྙིང་པོ་འོད་གསལ་བར་བསྒོམ།། བདག་རྒྱུད་སྐུ་གསུང་ཐུགས་ཀྱི་ཡི་གེ་ནི།། རོ་གཅིག་ཐིག་ལེའི་ངོ་བར་གྱུར་པ་ལས།། ཆུང་པ་ཉི་མྱའི་སྟེང་གི་རྡོ་རྗེ་ཉིད།། ་འཕྲོས་པས་བསྲུང་བའི་འཁོར་ལོ་གསལ་བར་བྱ།། པདྨ་ཟླ་བའི་སྟེང་དུ་རུ་དག་གྱུར་པས།། ཨུ་ཏ་པལ་རལ་གྲི་ལྗང་མདོག་གི། དཀྱིལ་ནས་འཕྲོས་ཤིང་འདུས་ནིས་ང་རྒྱལ་བྱ།། ཨོཾ་བཛྲ་གཽ་རཱི་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ་གྱུར་པའི་སྐུ་ནི་མཱར་ཀཏ་ལྗང་མདོག་སྟེ།། གཡས་དང་གཡོན་པའི་ཞལ་ནི་དཀར་དང་དམར།། གྲི་གུག་རལ་གྲི་འཁོར་ལོ་ཐོད་པ་དང་།། རིན་ཆེན་ཆུ་སྐྱེས་རྣམས་ཀྱིས་མཛེས་པའི་ཕྱག། ་དབུ་སྐྲ་གྱེན་འགྲེང་ཐོད་པ་ལྔས་བརྒྱན་ཅིང་།། ཚངས་པ་བརྒྱ་བྱིན་མགྲོ་བོ་ལྔ་བཅུས་སྦྱངས།། ཀླུ་དང་མར་ཀཏྟ་རུས་པའི་རྒྱན་འཇིགས་པསྟེ།། སྡུག་ལྤགས་བསྣམས་པའི་ཞབས་ནི་གཡུས་བརྐྱང་སྟེ།། གཟི་བོརྗིད ་མེ་ཡཾ་དཀྱིལ་ན་ཆེར་འབར་བའོ།། སྐུ་གསུང་ཐུགས་དང་སྤྱན་སོགས་བྱིན་བརླབས་ལ།། ཡི་གེ་མཚན་མ་སྐུ་ནརྀ་གང་འདོད་བརྩམ།། སྙིང་གའི་ས་བོན་འཕྲོས་པས་འཁོར་ལོ་བཟང་།། གསོལ་བཏོབ་རིག་པའི་སྐྱེས་བུ ་མི་བསྐྱོད་པ།། རྗེསུ་མཐུན་པའི་ལྷ་ནི་སྤྱན་དྲངས་ནས།། མཆོང་བསྟོད་མཉེས་པར་བྱས་ནས་རླུང་ལ་ཐིམ།། མུ་ཆོད་པའི་རྣམ་གྲངས་ན་མཁའ་རྒྱས་གང་བ།། བྷ་གའི་རྣམ་འཕྲུལ་དག་གིས་ཅི་བདེར་མཆོད་།། སྔགས་པ་རྗེ ་རྗེ་དྲིལ་བུར་ལྡན་པ་ཡོས།། སྙན་པའི་གླུ་དང་ལྡན་པས་མཆོད་པར་བྱ།། རྡོ་རྗེ་ལས་ནི་ཀུན་གྲོལ་བ།། ཕྲག་དོག་རྡོ་རྗེ་དབྱེར་མེད་སྐུ།། ཐམས་ཅང་རྡོ་རྗེ་བཏང་སྙོམས་ཉིད།། རྡོ་རྗེ་ལས་མྱ་ཕྱག་འཚུལ་བསྟོད།། ཡི་གེ་གསུམ ་གྱིས་བྱིན་གྱིས་བརླབས་པའི་རྫས།། རྒྱལ་བ་ཐམས་ཅད་མཆོད་ཕྱིར་མྱང་བ་དང་།། སེམས་ཅན་ཐམས་ཅད་རྡོ་རྗེའི་སྐུར་བྱས་ནས།། སྔགས་ཀྱི་འཁོར་ལོ་ཇི་ལྟར་འདོད་པས་བཟླས།། ཨོཾ་བཛྲ་ར་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་རྒྱལ ་མཚན་གྱི་ཁམས་སུ་འོ་མ་སྒྲུབ།། ཐབས་ཀྱི་གཟུགས་ལས་རྟག་ཏུ་དང་འགྱུར་བས།། རྟག་པའི་རྒྱལ་པོ་གཤིན་རྗེ་གཤེད་ནག་ལས།། མཐོང་བའི་སྒྲུབ་ཐབས་བདག་གིས་འདི་བྱས་པས།། འགྲོ་ཀུན་སྤྲོས་བྲལ་ཞི་བ་ལ ་གནས་ཏེ།། སངས་རྒྱས་ཡེ་ཤེས་མངོན་དུ་རྟོགས་པར་ཤོག།། རྡོ་རྗེ་ལས་གཽ་རཱིའི་སྦུབས་ཐབས་ཞེས་བྱ་བ་རྫོགས་སོ།། ། རྒྱ་གར་སྐད་དུ། བྷཱནྟ་ཀཽ་མཉྫུ་ཤྲཱི་ཡ་མཱ་རི་པུ་ཛེ་ཀྲ་མ་བི་དྷི་ནཱ་པྲ ་