| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ཡོ་གི་ནི་སཱ་དྷ་ནཱ་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐུ་མདོག་རང་བཞིན་རྣམ་ངག་བདེ་བ་སྤྱོང ་ཙཅན།། རྣམ་པར་རྟོག་པ་བྲལ་བས་ཕག་མོའི་ཞིལ་མངའ་བ།། བཏུད་དེ་རྡོ་རྗེ་མཁའ་འགྲོ་མ་ནི་རབ་བསྒྲུབ་ཕྱིར།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་རྙེད་བཤོད་པར་བྱ།། སྔགས་པ་ཤེས་རབ་སྙིང་རྗེར་ལྡན།། སྲ ་བོན་ལུས་ནི་རྐྱེན་གྱིས་བསྐྱེད།། མྱུ་གུ་རླུང་གི་ལྷར་ལྡན་པས།། ཚོགས་བསྔགས་འབྲས་བུ་རྫོགས་པའི་ཕྱིར།། དཀྱིལ་འཁོར་ཆང་གིས་བྱུགས་ནས་ཀྱང་།། རང་བྱུང་མེ་ཏཾག་ཐིག་ལེ་དགོད།། བསྐུས་པའི་མེ་ཏོག ་སྔོན་པོ་དགྲ་མོ།། ཕྱག་སོགས་བདག་གིས་ཅི་ནུས་བྱ།། དང་པོ་བྱམས་པ་བསྒོམ་བྱ་སྟེ།། གཉིས་པ་སྙིང་རྗེའི་རྣམ་པ་བསྒོམ།། གསུམ་པ་དགའ་བ་བསྒོམ་བྱ་སྟེ།། གསུམ་གྱི་ཐ་མ་བཏང་སྙོམས་སོ།། ཆོས་ཀུན ་སྟོང་པ་ཉིད་དག་ཏུ།། ཤེས་པའི་རྣལ་འབྱོར་རིག་པའི་རྒྱུན།། ཡི་གེ་མ་རུ་གནས་པ་དག། ཉི་མའི་དཀྱིལ་འཁོར་སྟེང་ཉིད་དུ།། ཐུགས་ཀྱི་ཡི་གྲེ་བསྲུང་བ་བསམ།། པདྨའི་འོད་ཟེར་བསིལ་བའི་སྟེང་།། ས་ལ ་རྡོ་རྗེ་སྔོན་པོ་སྟེ།། སྤྲོ་བསྡུས་བྱ་རྒྱལ་དྲན་པར་བྱ།། ཨོཾ་དྭེ་ཥྱ་ར་ཏི་བཛྲ་ཨཱཏྨ་ཀོ་ཧཾ། གྱུར་པས་རྡོ་རྗེ་ཕག་མོ་སྟེ།། ཨིནྡྲ་ནཱི་ལའི་མདོག་འདྲ་བ།། རྩ་བ་ཕག་གིདོང་རབ་སྔོ་ཞིང་།། དེ་ལས་གཞན་པ་དཀར་དད་དམར།། གྲི་གུག་ཐོད་པ ་རྩ་བའི་ཕྱག། རྡོ་རྗེ་རལ་གྲི་འཁོར་ལོ་པང་།། རི་མོ་བཞིན་བཀོད་པའི་སྐུ་མཆོག་ནི།། གཡོན་བསྐུམ་གཡས་པ་བརྐྱང་བས་གནས།། དབུ་དང་སྐུ་ནི་དུར་ཁྲོད་དང་།། ཀླུ་ཡིས་མཛེས་ཤིང་ཕྱེང་བར་ལྡན།། མེ་དཔུང་ནུད་ན་གཟི་བརྗིད་ཆེ ་བསྐྱེད་ལོ་གསུམ་ལ་རྡོ་རྗེ་ཚ།། དྲུག་ལ་བྱང་ཆུབ་སེམས་དཔའ་དྲུག། རིག་པའི་དབང་བསྐུར་གོ་ཤིན་རྗེ་གཤེད་།། ཡེ་ཤས་ཕག་མོས་བྱིན་གྱིས་བརླབ།། མཆོད་པའི་རྣམ་འཕྲུལ་སྙིང་ལས་སྤྲུལ།། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། ་ཞེ་སྡང་བདག་པོ་ཐུགས་དབྱེར་མེད།། མི་ཕྱེད་རྣམ་རྟོག་རབ་གཅོད་པ།། རྡོ་རྗེ་ཕག་མོ་ཁྱོད་ཕྱག་འཚ་ལྷ།། འཕྲོས་པས་སྙིང་གའི་ས་བོན་ཏེ།། སྦྱངས་པ་རང་ཡིད་ངང་བའི་ལྟར།། བྱས་ནས་བསྡུ་བ་དག་ཀྱང་བྱ།། གལ་ཏེ་སྐྱོན ་གསེང་སྔགས་བཟླས།། ཡེ་ཤེས་སེམས་ངོ་བོའི་དཀྱིལ་ཞི་སྟེ།། རྡོ་རྗེ་སྔགས་ནི་འབར་པོར་བསམ།། ཨོཾ་དྭེ་ཥ་ར་ཏི་བཛྲ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། སྟོང་དང་ཁྲི་དང་བྱེ་བར་བཟླས།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། རབ་ཏུ་ན ་པའི་བྱང་ཆུབ་སེམས།། ཡི་གེ་ཁ་དོག་དབྱིབས་ཀྱང་མེད།། རྣམ་པར་རྟོག་པ་ཀུན་སྤངས་པའི།། སྐྱེ་འཇིགས་མེད་པ་བསྒོམ་པར་བྱ།། དེ་ལ་རྟེན་ཅིང་འབྲེལ་འབྱུང་སྟེ།། ཕྱག་རྒྱ་བཀྲོལ་ལ་སྤྱོད་ལམ་བྱ།། ཨོཾ་ཨཱཿཧཱུཾ་མུཿབདག ་གིས་རྗེ་བཙུན་པ་ལ་རྒྱུད་རྙེད་པ།། རྟོག་བྲལ་ཆོས་སྐུ་གཟུགས་སྐུ་སྣང་སྒྲུབ་ཐབས།། ཕག་མོ་རྣལ་འབྱོར་མ་ཡི་སྒྲུབ་ཐབས་བྱས།། འདི་ཡིས་དགེ་ཐོབ་ཐམས་ཅད་གྲོལ་གྱུར་ཤོག།། རྡོ་རྗེ་མཁའ་འགྲོ ་རྣལ་འབྱོར་མོའི་སྒྲུབ་ཐོབས།། སློབ་དཔོན་མར་མེ་མཛད་པས་མཛད་པོ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་གཱི་ཏི་སུ་ཁཛྲ་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་ཞེས ་