CLOSE WINDOW

GT805: gshin rje gshed rin chen 'byung ldan gyi sgrub thabs zhes bya ba
Wyliee-texts produced with BDRC’s OCR application

པབྱར་གྲགས་པ་དཔལ་མར་མི་མཛད་ཀྱིས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གརརྱ་སྐད་དུ། རཏྣ་ས~ཾ་བྷཱ་བ་ཡ་མཱ་རི་སཱ་དྷཱ་ན་ནཱ་མ། ་བོད་སྐད་དུ། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། གཞན་དོན་ཡིད་བཞིན་འབྱུང་གནས་རིན་པོ་ཆེ།། རོ་འདོད་སྐོང་མཛད་རིན་ཆེན་འབྱུང་གནས ་རྒྱལ།། དུན་རྟོག་བྲལ་བ་མཉམ་པ་ཉིད་ལ་ཤེས།། སར་སྣ་འཇོམས་མཛད་དེ་ལ་ཕྱག་འཚལ་ཏེ།། ངརྒྱལ་རབ་རྒྱས་སེམས་ཅན་དངོན་དུ།། ཕྲ་མ་མཐར་མཛ་རབ་ཏུ་བཤང་པར་བྱ།། བྱང་ཆུབ ་སེམས་དང་ཤེས་རབ་ནི།། སྙོམས་འཇུག་དྲན་པའི་སྔགས་པ་ཡིས།། སྐད་ཅིག་ལྷ་ཡི་རྣལ་འབྱོར་པས།། སྤྲོ་དང་བསྡུ་བ་རབ་ཏུ་བྱ།། བླ་མ་རྗེ་དཔལ་མགོན་པོ་དང་།། སྡུ་གུ་ལྷ་སོགས་རབ་དམིགས་ཏེ།། ཕྱག་འཚལ་ལ་སོགས ་ཁྱད་པར་། མ་ལུས་ལུས་པ་མེད་པར་བྱ།། སངས་རྒྱས་ཀུན་གྱི་ལམ་གྱུར་པའོ།། གོ་རིམས་ཚངས་པའི་གནས་རྣམས་བསྒོམ།། རང་བཞིན་སྟོང་པ་རྐྱེན་གྱིས་ཏེ།། ཡེ་ཤེས་ཚོགས་རབ་བྱསགས་པར་བྱ།། མ་ཡིག་ཧཱུ~ཾ ་གོས་སྣ་ཚོགས་ལས།། བསྲུང་བའི་འཁོར་ལོ་འབར་བའོ།། ཆུ་སྐྱེས་ཐབས་དང་ཤེས་རབ་སྟེ།། མ་ལས་རིན་ཆེན་ཟུར་བརྒྱད་པ།། སྤྲོ་བསྡུའི་ང་རྒྱལ་གསོལ་བར་བྱ།། ཨོཾ་རཏྣ་སཾ་བྷཱ་བ་ཨཱཏྨ་ཀྲོ་ཧཾ། དེ་ལས་གྱུར་པའི་རྡོ་རྗེ་ནི།། ་བཙེམ་གསེར་གྱི་མདངས་མཉམ་ཞིང་།། རང་འོད་དང་མཚུངས་རོག་མར་ལྡན།། ཞལ་གསུམ་གཡས་གཡོན་སྔོ་དང་དཀར།། སྤྱན་དགུ་མཆེ་གཙིགས་ཕྱག་དྲུག་པ།། གྲི་གུག་ཐོད་པ་རྩ་བའི་ཕྱག། རིན་ཆེན་རལ་གྲི་འཁོར ་ལོ་པད།། གཡས་དང་གཡོན་ལ་རིམ་གྱིས་སྦྱར།། དབུ་སྐྲ་སེར་བརྫེས་གདུག་པའི་རྒྱན།། ལྔ་བཅུའི་ཕྲེང་དང་དུར་ཁྲོད་སྤྲས།། འོད་ཟེར་རྣོ་མནན་མེ་དཔུང་འབར།། མི་ཕྱེད་རབ་ཏུ་འཁྱུད་པའོ།། ས་བོན་རྫོགས་དང་མིག་ལ་སོགས།། ཀླི ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་