CLOSE WINDOW

GT804: gshin rje gshed rnam par snang mdzad kyi mngon par rtogs pa zhes bya ba
Wyliee-texts produced with BDRC’s OCR application

དཔལ་མར་མྱེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱཾ་ན་ཀཱིརྟ་ས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། བཻ་རོ་ཙ་ན་ཡ་མཱ་རི་ནེ། ་པི་ཀ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་རྣམ་བྱར་སྣང་མཛད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། དཔེལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། སངས་རྒྱས་རྡོ་རྗེ་རྟག་པའི་དཔལ།། མེ་ལོང་ཡེ་ཤེས་བྱང་ཆུབ ་སེམས།། འོད་གསལ་རྡོ་རྗེ་ཀུན་ཞི་བ།། གཏི་མུག་རྡོ་རྗེ་ལི་ཕྱག་འཚལ།། ས་རྣམས་ཕ་རོལ་བགྲོད་པའི་ལམ།། རྟག་པའི་སྒྲུབ་ཐབས་བཤད་པར་བྱ།། དང་པོར་སྔགས་པས་སྙིང་རྗེ་དྲན་པས་རང་ལུས་རྫོགས་པ་དང ་སྦྱང་གར་ས་བློན་གསལ་བ་ལས་ནི་དམ་པ་རྣམས་བསམས་ནས།། སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་ཡོན་ཏན་བསམ་བྱས་ནས།། བསོད་ནམས་རྒྱུ་རྒྱུ་ཪྵ་རབ་ཏུ་རྒྱས་བུ ་ཚོགས་རབ་བསག་པར་བྱ།། བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ལྡན་པས་སྟོང་པ་བསྒོམ།། བསྲུང་བའི་འཁོར་ལོ་བྱས་ནས་པདྨ་ཟླ་བ་རྒྱས་པའི་སྟེང་།། ཀྵེ་ཡིག་གྱུར་པས་ཆོས་ཀྱི་འཁོར་ལོ་དོམར་ཞིང་འོང ་འཕྲོ་བ། བསྡུ་བའི་དེ་ཉིད་ལས་ནི་རྟག་པའི་སྐྱེར་གྱུར་པ་དེ་ཁྲོ་ལ་སྒེག། རྩ་བའི་ཞལ་དང་གཞན་གཉིས་དཀར་སྔོ་དམར་ཞིང་ཕྱག་དྲུག་ཡུམ་དང་བཅས།། གྲི་གུག་འཁོར་ལོ་རལ་གྲི་པདྨ་རིན་ཆེན་ཆུ་སྐྱེས་རབ་ཏུ ་འཁྲུགས།། གླང་ཆེན་བགས་པས་སྟོང་དང་སྨད་དཀྲིས་མི་མགོ་རློན་འཛག་པ།། ཐོད་པ་དྲུག་ལྡན་སྐྲ་ནི་དམར་སེར་གྱེན་པོརྗེས་སྦྲེལ་བརྒྱད་ཡན་ལག་སྤྲས།། མེ་དཀྱིལ་ན་བཞུགས་ཡེ་ཤེས་སེམས་དཔའ ་གསལ་ནས་ཡན་ལག་དྲུག་བྱས་ཏེ།། རླུང་དང་མེ་དང་ཐོད་པ་སྣོད་མཆོག་སྒྲོན་མ་བཅུ་ཡིག་ཁ་བཀབ་ནས།། བསྐྱོད་དང་འབར་བས་གླང་པོ་ལ་སོགས་བཅུར་གྱུར་སྦྱོར་བའི་སེམས་བྱབ་ནས།། ཨོཾ་ཨཱཿཧཱུཾ། བྱིན ་བརླབས་རྡོ་རྗེའི་བུ་གུས་རབ་དྲངས་མཉེས་བྱས་སྤྲོ་བསྡུས་ཐིམ།། རྡོ་རྗེ་རྟག་པ་རིམ་གྱིས་བསྐྱོད་ལ་རབ་ཐིམ་ནས་ནི་ལྷན་ཅིག་སྐྱེས་པའི་དགའ་བ་བསམ།། ཡོད་དང་མེང་པ་ལས་འདས་སྤྲོས་བྲལ་ན་མཁའ་ལྟ་བུའི་བྱང ་ཆུབ་སེམས་དྲན་ནས།། རྨ་ལམ་སང་བའི་རྣལ་འབྱོར་ཕུང་པོ་ཁམས་རྣམས་ཀུན་སྤངས་དེམན་ནས་ན་ལྡང་བ་བརྣམ།། ཁམས་སོགས་པདྨ་བ་ཆེན་པོར་མདོག་གྱུར་གཟུགས་བརྙན་ལྟ་བུར་རབ་རྟོགས་བྱུང་ནྱརྦྷ་ཝཱ་སྒྱུཿ ་འཛིག། སྙིང་བྷྲྀནི་ཁྱེར་ལྗང་བུར་བཟླས་པ་འགྷྲི་བཀུན་ལ་ཕནྡྷ་པཱ་རཱ་བཱ་བྷྲི་འབུམ་དུ་བྱཟླས།། རྣལ་འབྱོ་ཥྚེ་མའི་གཟུགས་ཀྱིས་སྟེང་འོག་ལ་སྤྱོད་འཇིག་རྟེན་དོན་འགྱུར་ཐམས་ཅད་གི་ཤིན་རྫོག་ཤིང་ཐོབ་ཤོག། ་ནཛིཀ་མོ་ཧ་ར་ཏི། ཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། གཤིན་རྗེ་གཤེད་པོ་རབ་འཇིགས་པ།། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད།། སྟོན་པ་སངས་རྒྱསཾ་ཀུན་རང་བཞིན།། རྡོ་རྗེ་མི་འཇིགས་ཕྱག་འཚལ་བསྟོད་།། སྒྲུབ་ཐབས་སྤངས་རྒྱས་ལ ་འཇུག་པ།། བསྐྱེད་པོ་དང་ནི་རྫོགས་པའི་རིམ།། གོང་མའི་གོ་འཕང་སྟོན་པ་པོ།། སྔགས་རྣམས་སྒྲིབ་པ་གྲོལ་གྱུར་ཅིག། གཤིན་རྗེ་གཤུང་ནག་པོར་སྣང་མཛད་ཀྱི་མངོན་རྟོགས་ཞེས་བྱ་བ།། རྒྱ་གར་གྱི་མཁན་པོ་མཁས ་པབྱར་གྲགས་པ་དཔལ་མར་མི་མཛད་ཀྱིས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གརརྱ་སྐད་དུ། རཏྣ་ས~ཾ་བྷཱ་བ་ཡ་མཱ་རི་སཱ་དྷཱ་ན་ནཱ་མ། ་