CLOSE WINDOW

GT803: gshin rje gshed nag po'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

པའོ།། རྣལ་འབྱོར་པ་བསོད་སྙོམས་པ་པྲདྷཱ་ཤཱི་ཛྙཱ་ན་ཀཱནྟིས་རང་འགྱུར་དུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀྲྀཉྫ་ཡ་མཱ་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེང་ནག་པོའི་སྒྲུབ ་ཐབས་ཞེས་བྱ་བྱ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རྗེ་བཙུན་རྡོ་རྗེ་སེམས་བདག་སྔགས།། འཇིགས་བྱེད་དཔའ་བོ་དགྲ་ནག་ལ།། བཏུད་དེ་བརྒྱུད་རིམ་ལུས་རྙེད་པ།། དངོས་གྲུབ ་འབྱུང་ཕྱིར་བཤད་པར་བྱ།། རང་གཟུགས་རྫོགས་པའི་སྙིང་ག་རུ།། ཡ་ཡིག་ལས་ནི་འགྲོ་བ་སྦྱང་།། བདུན་པོ་ཡིད་ཀྱང་སྦྱང་བྱས་ནས།། ཚངས་པའི་གནས་ལ་གཞག་པར་བྱ།། སྟོང་པའི་སྙིང་པོ་གསལ་བར་བསམ།། བསྲུང ་བ་པདྨར་ལྡན་པའི་ནང་།། ཆུ་སྐྱེས་རི་བོང་ཅན་རྣོན་པོ།། བྱང་ཆུབ་རྒྱུ་ཡི་གཤིན་རྗེ་གཤེད་།། རྩ་བའི་ཞལ་གྱི་ཁྱད་པར་ཅན།། ཞུ་བའི་ཐིག་ལ་བྱང་ཆུབ་སེམས།། ཡ་ལུས་མཚན་མ་བསྡུ་བར་བྱ།། དེ་ལས་འཇམ ་དཔྲལ་གཤིན་རྗེ་གཤེད།། ཨིནྡྲ་ནཱི་ལ་ལྟ་བུ་སྟེ།། གཡས་དང་གཡོན་པ་དཀར་དང་དམར།། ཕག་མོ་དེ་མཚུངས་དམ་འཁྱུད་པ།། གྲི་གུག་ཐོད་པ་རྩ་བའི་ཕྱག། རྡོ་རྗེ་བར་དང་ཐ་མ་གྲྀ། གཞན་ན་འཁོར་ལོ་པདྨ ་འཛིན།། ཐོད་པ་ལྔ་ཡི་དབུ་རྒྱན་ཅན།། སེར་བརྫེས་སྤྱན་དགུ་བཟློག་ཅིང་འགྱུར།། ལྔ་བཅུའི་ངོ་ཤལ་མཉམ་དུ་སྦྱངས།། གདུག་པ་བརྒྱད་ཀྱིས་སྐུ་བརྒྱན་ཙོང་།། རུས་པས་བརྒྱན་ཅིང་དུམ་བུས་བསྒེགས།། མཚོན ་ཆ་བཅུ་གཉིས་འཁྲུག་པར་བསམ།། མ་ཧེ་ལ་བཞུག་ས་སྲིད་རྩེར་འབར།། སྐུ་གསུང་ཐུགས་དང་སྐྱེ་མཆེད་དང་།། དབང་དང་བྱིན་བརླབས་མཆོད་དང་བསྟོད་།། བདུད་རྩི་མྱང་དང་སྤོ་བསྡུ་དང་།། བཟླས་པའི་རིམ ་པུའི་མུན་ངག་ལྔས།། ཤེས་པས་དངོས་གྲུབ་འགྲུབ་པར་འགྱུར།། ཨོཾ་ཀཱ་ལ་རུ་པ་ཧཱུཾ། ཨོཾ་ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་དཱ་ཡ། ཡ་ང་ཡོ་ནི། ར་ཡཀྵ་ཡ། ཡུཀྵ་ཡ་ཙྪ་ནཱི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ ་ཨོཾ་ཧྲཱིཿལཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དྲུག་པས་གཏོར་མའི་བསྙེན་པ་བྱ།། སུམ་ཅུ་བརྒྱད་པས་ཉེ་བར་བསྙེན།། བཅོ་ལྔ་པུས་ནི་ཐམས་ཅང་བསྒྲུབ།། ལུསི་ཀྱི་འཁོར་ལོ་བསྐོར་བྱར་བྱ།། གཤེད་ན་གེ ་རྒྱུད་དང་འབྱུང་བ་ལས།། རྙིང་དེ་སྒྲུབ་ཐབས་འདི་བྲིས་པས།། བློ་ནི་རབ་དག་གྱུར་ནས་ཀྱང་།། ག་ཤིནྡ་རྗེ་གཤེད་དུ་འགྱུར་བར་ཤོག། གཤིན་རྗེ་གཤིང་ནག་པོའི་སྒྲུབ་ཐབས།། སློབ་དཔོན་མཁས་པ་ཆེན་པོ ་དཔལ་མར་མྱེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱཾ་ན་ཀཱིརྟ་ས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། བཻ་རོ་ཙ་ན་ཡ་མཱ་རི་ནེ། ་