CLOSE WINDOW

GT800: gshin rje'i dgra nag po'i sgrub pa'i thabs ku mu ta kha bye ba zhes bya ba
Wyliee-texts produced with BDRC’s OCR application

ལྀ་ནྡྲ་བ་ཤྲཱི་པྲཛྙཱ་ཛྙཱ་ན་ཀཱིརྟིས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རཱི་སཱུ་དྷཱ་ནཱ་པྲྀ་ན་ཕུལླ་ཀུ་མུ་ཏ་ནཱ་མ།། བོད་སྐད་དུ། གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས ་ཀུ་མུ་ཏ་ཁ་བྱེ་བ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ།། འབར་བའི་འོད་ཟེར་ཕྲེང་འཁྲུགས་པས།། འགྲོ་བའི་མུན་སེལ་གྲི་ཤིན་རྗེའི་ངག། རབ་སྣང་བཙུན་མོ་དགའ་མཛད་ལ།། བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད ་དང་པོ་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས་ལ། དེའི་སྟེང་དུ་ཡི་གེ་ཡཾ་སྔོན་པ་བལྟའོ།། དེ་མ་ཐག་ཏུ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང ་བཏང་སྙོམས་རྣམ་པར་བསྒོམ་སྟེ། དེའི་འོག་ཏུ་སྙིང་གའི་ཡི་གེ་ཡཾ་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱིས། བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔལ་གཤིན་རྗེའི་དགྲ་ན་མཁའ་ལ་སྣང ་བར་བྱས་ལ། དེ་རྣམས་ལ་མངོན་པར་འདུད་པ་དང་། མཆོད་པ་དང་མདུན་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡཽ་རང་བ་དང་། དེ་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྨིན་པ ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རྒྱལ་པོའི་ལམ་ལ་བརྟེན་པ་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སླར་བཏང་བའི་བར་དུ་བསྒྲུབ་པོ།། དེ་ནས་ཡང་རྣམ་པར་ཐར་པའི་སྒོ་གསུམ་དྲན་པས་སྟོང་པ་ཉིད ་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བའི་སྔགས་བརྗོད་དེ།། འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔལ་གཤིན་རྗེའི་དགྲ་སྐྱེད་པར་བྱེད་པའོ།། དེ་བཞིན་དུ་རང་བཞིན་གྱི་ལུས་དང་ངག་དང་ཡི་ངག། ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་ཕི་དང་མའི་དབུས་ན་གནས་པ་སྟེང་དུ་ཟླ་བ་ལ་གནས་པ་བསམ་མོ།། མདུན་དུ་ཉི་མ་ལ་གནས་པའི་ཧཱུཾ་ནག་པོ་ལས་བྱུང་བའི་རྡོ་རྗེ་ནག་པོ་འབར་བ་ལས།། རྡོ་རྗེའི་ས་དང་གུར་རྣམས་བསྒོམ་པར ་བྱ་ཞིང་།། བགེགས་མེད་པའི་སེམས་ཀྱིས་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་དབུས་ན་པཾ་ལས་བྱུང་བའི་པད་མ་སྣ་ཚོགས་དང་། ཁམ་ལས་བྱུང ་བོའི་སྣ་ཚོགས་རྡོ་རྗེ་ཅན་བསམས་ཏེ། དེའི་ཟླ་བ་ལ་ཡི་གེ་བྷྲཱུཾ་ཝ་བྷུང་བའི་འཁོར་ལོ་རྩིབས་བརྒྱད་པ་ཡི་གེ་བྷྲཱུཾ་གྱིས་བྱིན་གྱིས་བརླབས་པའོ།། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་རིགས་མ་དང་བཅས་པའི ་ཡན་ལག་ལས་བྱུང་བའི་ཁང་པ་བརྩེགས་པ། གྲུ་བཞི་སྒོ་བཞི་པ། རྟ་བབས་བཞི་དང་ལྡན་པ་དྲ་བ་དང་དྲི་བ་ཕྱེད་པས་མཛེས་པ། སྣ་ཚོགས་པའི་རྒྱན་གནས་པ། སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་སྣ་ཚོགས་པདྨ་ལ་ཟླ་བ་དང་ཉི ་མས་མནན་པ་བཅུ་བདུན་གྱིས་མཛེས་པ་རྣམ་པར་བསྒོ་མོ།། དེའི་དབུསུ་ཟླ་བའི་གདན་ལ་གནས་པའི་ཡི་གེ་གསུམ་ལ་གཟིགས་ནས་བྱིན་པའི་སངས་རྒྱས་རྣམས། དབྱིངས་བཅུ་དྲུག་དང་ཡ་ར་ལ་ཝི་ད་དྷ་ལྷག་པའི་གསལ ་བྱེད་བཞི་བཅུའི་གཟུགས་ཉེས་འགྱུར་དུ་བྱས་པ་བྱོན་ནས། རིམ་པ་བཞིན་འོག་དང་སྟེང་དུ་ཟླ་བ་གཉིས་སུ་གྱུར་བར་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ཟླ་བ་གཉིས་དང་ཡི་གེ་གསུམ་འདྲེས ་པས་གང་བའི་ཟླ་བ་གསུམ་དུ་གྱུར་པ་ནི་མཉམ་པ་ཉིད་དོ།། དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུཾ་དཀར་པོས་མཚན་པའི་རྡོ་རྗེ་བསམས་ཏེ། ཨོཾ་བཛྲ་ཨཏྨ་ཀོ་ཧོ། ཞེས་ངར་འཛིན་པ་ནི་སོ་སོར་རྟོག་པའོ།། ཡི་གེ་ཧཱུཾ་ལས་བྱུང་བའི་ངོ ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་བྱས་ཏེ། ཡི་གེ་ཧཱུཾ་གི་ནང་དུ་སོན་པ་དང་། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་གི་ཏཱཿཏ་ཐཱ་ཨ་ཧཾ། ཞེས་ང་རྒྱལ་བྱ་བ་ནི་བྱ་བ་གྲུབ་པའོ།། ཡི་གི་ཧཱུཾ་ལས་བྱུང ་བའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་གཟུགས་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ། ཧཱུཾ་ལ་ཞུགས་པ་དང་ཧཱུཾ་དང་རྡོ་རྗེར་བཅས་པ་ཡོངས་སུ་གྱུར་པ་ལས་བྱུང་བའི། རྡོ་རྗེ་སེམས་དཔའ་ཁྲོ་བོ་སྒེག་པའི་ཉམས་ཅན། ་གཡས་བརྐྱང་བ། རྩ་བའི་ཞལ་དང་སྐུ་ཐམས་ཅད་དཀར་བ། ཞལ་གཡས་གཡོན་སྔོ་བ་དང་དམར་བ། ཕྱག་དང་པོ་གཡས་དང་གཡོན་གྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་ཤེས་རབ་མཱ་ལ་འཁྱུད་པ། ཕྱག ་ལྷག་མ་རྣམས་ནི་རྡོ་རྗེ་དང་རལ་གྲི་དང་། འཁོར་ལོ་རང་པདྨ་བསྣམས་པ། དབུ་རྒྱན་དུ་མི་བསྐྱོད་པས་མནན་པ། འདི་ལྟར་བདག་ཉིད་བསྒོམ་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ།། འདི་ནི་དཔལ་གཤིན་རྗེའི་དགྲ་སྒོ་ངར་འཇུག ་པ་རབ་ཏུ་བསྒོམ་པའོ།། དེ་ནས་རང་གི་ཡེ་ཤེས་སེམས་དཔའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་སངས་རྒྱས་སུ་བྱས་པ་དྲངས་ཏེ། རང་གི་ལུས་ལ་གཞུག་གོ། དེའི་འོག་ཏུ་ཡི་གེ་གསུམ་ཕ་དང་མའི་དབུས ་ན་གནས་པ་དྨ་ཟའི་སེམས་ཅན་ལྟ་བུ་རང་གི་ཁ་ནས་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་རྡོ་རྗེའི་ལམ་ནས་བྱུང་སྟེ། རང་གི་རིག་པོའི་པདྨར་ལྷུང་བ་དང་། དེ་ལས་བྱུང་བའི་འོད་ཟེར་དམར་པོས་དེ་ལ་རེག་པས་རིག་མ་འདོད ་ཆགས་ཆེན་པོས་ཞུ་ཞིང་། བཅོམ་ལྡན་འདས་ཀྱང་ཞུ་བར་བལྟའོ།། ཞུ་བའི་སྒོ་ང་ལས་བྱུང་བའི་ཙ་ར་ཙི་ཀ་ལ་སོགས་པ་བཞི་རང་རང་གི་སྟན་ལ་འཁོད་པས། བཅོམ་ལྡན་འདས་མི་བཞུགས་པར་མཐོང་སྟེ། ཡིད་མི་དགའ་བས་མགྲིན ་པ་བཤིབས་ཏེ། སློང་བའི་གླུས་འདི་ལྟར་བསྐུལ་ལོ།། རྗེ་བཙུན་ཐུགས་རྗེས་ཁྲོ་བ་བཞེངས་མཛོད་ལ།། ཇོ་བོ་དེ་རིང་བདུད་ལས་རྒྱལ་བའི་ཕྱིར།། སྲིད་གསུམ་ཀུན་གྱི་གཏི་མུག་མཐར་མཛོད་ཅིང་།། འཇིག་རྟེན་མ་ལུས་ཐུགས། ་ཀྱི་མགྲོན་བོས་ནས།། སྟོང་པ་ཉིད་དུ་མ་བཞུགས་རྗེ་བཙུན་བཞེངས།། འཇིག་རྟེན་བསོད་ནམས་བྱ་བའི་ཆེད་དུ་ནི།། སྟོང་པ་ཉིད་དུ་མ་བཞུགས་རྗེ་བཙུན་བཞེངས།། བྱང་ཆུབ་དངོས་ལ་འཇིག་རྟེན་མགྲོན་པོས་ནས།། ཙས་ན་བསམ་པ ་མི་མངའ་རྗེ་བཙུན་བཞེངས།། ང་མ་ཐག་ཏུ་ཙར་ཙི་ཀ་ལ་སོགས་པ་སྒོ་ང་ལ་ཞུགས་ཤིང་ཞུགས་མ་ཐག་ཏུ། སྒོ་ང་ཡོངས་སུ་གྱུར་པ་ལས། གཤིན་རྗེའི་དགྲ་མ་ཧེའི་སྟེང་ནས་སྣ་ཚོགས་པདྨ་ཉི་མ་ལ་གཡས་བརྐྱང་བས་གནས ་པ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་མཐིང་ནག། ཞལ་གཡས་དང་གཡེན་དཀར་བ་དང་དམར་བ། ཕྱག་རྣམས་རྡོ་རྗེ་སེམས་དཔའི་མཚན་མ་དད་ལྡན་པ། རུས་པའི་རྒྱུན་གྱིས ་སྨྲས་པ། འོད་ཟེར་མཐིང་གའི་ཕྲེང་བ་འཁྲུགས་པ། སྨིན་མ་འབར་ཞིང་ཁྲོ་གཉེར་བརྩེགས་པ། ཕྱག་དང་ཞབས་ཀྱི་སན་མོ་རྣོ་བ། གསུས་པ་ཆེ་བ། མི་ཐུང་གི་གཟུགས་ཅན། སྐྲ་ཁྱམ་པ་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་མཐོང ་དེའི་དུག་ཚན་ཕུཿཞེས་ཟེར་བ་རྣམས་ཀྱིས་ཡན་ལག་རྣམ་པར་བརྒྱན་པ། འདི་ལྟར་བདག་ཉིད་རྣམ་པར་བསམས་པའི་འོག་ཏུ་བདག་ཉིད་ལ་ཆུའི་ནང་གི་ཟླ་བ་ལྟར་སྦྲེང་བས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས ་བཟླས་པ་བྱའོ།། འདི་ནི་དཔལ་གཤིན་རྗེའི་ངགྲ་སྒྲོ་ང་ལས་བྱུང་བའི་སྒྲུབ་པའི་ཐབས་སོ།། དེ་ནས་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ཁ་ནས་ཞུགས་པ་དང་། རྡོ་རྗེའི་ལམ ་ནས་སོང་སྟེ། ཤེས་རབ་མའི་པདྨར་གནས་པའི་གོང་བུ་ལས། ཞེ་སྡ་ང་རྡོ་རྗེ་དང་། གཏི་མུག་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་རྣམས་ཡཾ་དང་ཀྭ་དང་ཡ་དང་མེ་དང་དེ་རྣམ་ཀྱི་ས་བོན་ལས་སྔོ་ཞིང ་དེ་བཞིན་དུ་གོང་བུ་ལས་བྱུང་བའི་ས་བོན་ཡ་དང་ཙ་དང་ནི་དང་རཱ་དང་ཛ་དང་ས་དང་། དོ་དང་རུ་རྣམས་ལས་ཐོབ་པ་དང་། བ་ཅོན་དང་པདྨ་དང་། རལ་གྲི་དང་ཙ་ཙི་ཀ་དང་། ཕག་མོ་དང་དབྱངས་ཅན་མ་དང་། མཛོད་ལྡན་མ་རྣམས ་དུ་བྱུང་བར་བྱའོ།། ཡང་གོང་བུ་ལས་བྱུང་བའི་ས་བོན། ན་དང་ཡོ་དང་ནི་དྲང་རྭ་རྣམས་ལས་གྲཝ་བཞིར་ཟད་པ་བཞི་དབྱུང་བར་བྱའོ།། དེ་ནི་འདི་ལྟར་ས་བོན་ལས་རང་རང་གི་སྟན་གྱི་སྟེང་དུ་རང་རང་གི་རྩ་བའི་མཚན་མ་དེས་མཚན་མ་དབྱུང་ཧྲཱི ་ཡོངས་སུ་གྱུ་པ་ལས་རང་རཱང་གི་ལཱུས་སུ་གནས་པའོ།། དེ་ནས་རི་མི་བྷ་བཞིན་དུ། ཨོཾ་དྷཱི་ཥྚྲཱི་ཝིཀྲྀ་ཏཱ་ནཱནྟ་ཧཱུ~ཾ་དྷཱུ་ཕཊ་ཕཊ་སྭཱནྟི། ཨོཾ་ཛི་ན་ཛི་ཀ། སྨྲྀ་ཏྭཱ་དྷྲྀཀྵཱ། ཨཽ་ཨཻ་རོ་ལ་ཀི། བཛྲཱ་དྷགྟ། ཨོཾ་མུད་ར་ཊྚེ། ཨོཾ་དཱཿ་དྷཱིཿ། ཨོཾ ་ཁཌྒ་དྷ་ཀཾ། ཨོཾ་དྭེ་ཥ་ར་ཏི། ཨོཾ་མོ་ཧ་ར་ཏི། ཨོཾ་རཱ་ག་རཱ་ཏི། ཨོཾ་བཛྲ་ར་ཏི། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་རྣམས་ཀྱིས་སྔོར་བཤད་པའི་ལྷ་རྣམས་དང་། ཐོད་པ་བཞི་སྤོས་ཏེ། འགྲོ་བའི་དོན་བྱས་ནས། རང་རེའི་སྟན་ལས་བོན ་ལས་བྱུང་བའི་ལུས་རྣམས་ལ་ཞུགས་པར་བལྟའོ།། ད་ནི་དེ་དག་གི་གནས་དང་སྟན་དང་། ཁ་དོག་དང་ལག་ཆེ་རྣམས་བཤད་པར་བྱ་སྟེ། དབུས་སུ་ནི་ཉི་མ་ལ་ཞེ་སྡང་རྡོ་རྗེ་སྔར་བཤད་པའི་མདོག་དང་ལག་ཆའོ།། ་སྣ་ཚོགས་རྡོ་རྗེའི་ཤར་ཕྱོགསུ་ན་གྲཏི་མག་རྡོ་རྗེ་ཟླ་བ་ལ་གནས་པ་དཀར་པོ།། ཞལ་གསུམ་ཕྱག་དྲུག་པ། གཡས་ན་འཁོར་ལོ་དང་རལ་གི་དང་། གཡོན་ན་རིན་པོ་ཆེ་དང་པདྨ་ཅན་ནོ།། སྣ་ཚོགས་རྡོ་རྗེའི ་ལྷོའི་ཆ་ལ་ནི། ཉི་མ་ལ་གནས་པའི་སེར་སྣ་རྡོ་རྗེ་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་པ། གཡས་ན་རིན་པོ་ཆེ་དང་རལ་གྲི་ཅན། གཡོན་དག་ནི་འཁོར་ལོ་དང་ཆུ་སྐྱེས་འཛིན་པའོ།། ་ཚོགས་རྡོ་རྗེའི་ནུབ་ཏུ་ཉི་མ་ལ་འདོད་ཆགས་རྡོ་རྗེ་མདོག་དམར་བ། ཞལ་གསུམ་ཕྱག་དྲུག་པ། གཡས་དག་ན་པདྨ་དང་རལ་གྲི་ཅན། གཡོན་དག་གིས་ནོར་བུ་དང་འཁོར་ལོ་ཐོགས་པའོ།། སྣ་ཚོགས་རྡོ་རྗེའི ་བྱང་ཕྱོགས་སུ་ཉི་མ་ལ་གནས་པའི་ཕྲག་དོག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ། གཡས་དགཽ་ན་རལ་གྲི་དང་འཁོར་ལོ་འཛིན་པ། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ།། འདི་རྣམས་ནི་རྩ་བའི་ཞལ་སྐུ་དང་འདྲ་བ།། ་ཞལ་ལྷག་མ་དག་འཆད་པར་བྱེད་པ་ལྟ་བུ། ཕྱག་དང་པོ་གཉིས་ཐོད་པ་དང་གྲི་གུག་དང་བཅས་པ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་འདུག་སྟངས་དང་། རྒྱན་ཐམས་ཅང་ཞེ་སྡང་རྡོ་རྗེ་དང་འདྲ་བ། སྣ་ཚོགས་པདྨ་ལ་བརྟེན་པའོ།། ་ཤར་གྱི་སྒོར་རྡོ་རྗེ་ཐོ་བ་མདོག་དཀར་བ། གཡས་ངག་ནཱ་ཐོ་བ་དང་རལ་གྲི། གཡོན་ངག་ན་ནོར་བུ་དང་པདྨའོ།། ལྷོར་རྡོ་རྗེ་བྱོ་ཅོན་མདོག་སརརྱ་པོ།། གཡས་དག་ན་བེ་ཅོན་དང་རལ་གྲི། གཡོན་ངག་ན་པདྨ་དང་འཁོར་ལོ་འཛིན་པའོ།། ནུབ་ཏུ་རྡོ་རྗེ ་པདྨ་མདོག་དམར་བ། གཡས་དག་ན་པདྨ་དང་རལ་གྲི། གཡོན་དག་ན་ནོར་བུ་དང་འཁོར་ལོ་ཅན་ནོ།། བྱང་གོ་སྐོར་རྡོ་རྗེ་རལ་གྲི་མདོག་ལྗང་གུ། གཡས་དག་ནཱ་རལ་གྲི་དང་འཁོར་ལོ་ཅན།། གཡོན་དག་ན་ནོར་བུ་དང་པདྨ་ཅན་ནོ།། འདི ་རྣམས་ནི་སྣ་ཚོགས་པདྨའི་ཉི་མ་ལ་བཞུགས་པ། ཞལ་རྣམས་འཆད་པར་བྱེད་པ་ལས་རྩ་བའི་ཞལ་རང་རོང་གི་སྐུ་དང་འདྲེ་བ། དང་པོའི་ཕྱག་ནི་གྲི་གུག་དང་ཐོང་པ་འཛིན་པས། རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། གཤིན་ཏུ ་འཛགས་པར་བྱེད་པའི་གཟུགས་ཅན་ནི།། དེ་བཞིན་དུ་སྣ་ཚོགས་རྡོ་རྗེའི་ཤར་ལྷོའི་མཚམས་སུ་རྡོ་རྗེ་ཙ་ར་ཙི་ཀ་ཤ་ཆུང་བ་མདོག་དཀར་བ། གཡས་དག་ན་འཁོར་ལོ་དང་རལ་གྲི་ཅན། གཡོན་དག་ན་རིན་པོ་ཆ་དང་པདྨ་འཛིན ་པའོ།། ལྷོ་ནུབ་ཏུ་རྡོ་རྗེ་པག་མོ་མདོག་སེར་བ། གཡས་ནི་རིན་པོ་ཆེ་དང་རལ་གྲི་འཛིན་པ། གཡོན་ངག་ན་འཁོར་ལེ་དང་པདྨ་འཛིན་པའོ།། ནུབ་བྱང་དུ་རྡོ་རྗེ་དབྱངས་ཅན་མ་མདོག་དམར་མོ་གཡས་ངག་ན་པདྨ་དཔར་ལ་གྲི་ཙན།། ་གཡོན་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ།། བྱང་ཤར་དུ་རྡོ་རྗེ་མཛོད་ལྡན་མ་མདོག་ལྗང་ཁུ་གཡས་ངག་ན་རལ་གྲི་དང་འཁོར་ལོ་ཅནི། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ།། འདི་རྣམས་ནི་ཤིན་ཏུ་གཏུམ་པའི་གཟུགས ་ཅན་མ་སྣ་ཚོགས་པདྨའི་ཟླ་བ་ལ་གནས་ཤིང་། དང་པོའི་ཕྱག་དག་གིས་གློ་གུག་དང་ཐེད་པ་འཛིན་ཅིང་། རང་དང་འདྲ་བའི་ཐབས་རྣམས་ལ་འཁྱུད་པ། གཡོན་བརྐྱང་བས་གནས་པ། ཞལ་གསུམ་པ་ལ་གང་གི་རྩ་བའི ་ཞལ་སྔོ་བ་ནི་གཡས་པ་དཀར་བའོ།། གཡོན་པ་དམར་བའོ།། ཡང་གང་གི་རྩ་བའི་ཞལ་དཀར་བ་དེའི་ཞལ་གཡས་སྡེ་བའོ།། གཡིན་པ་དམར་བའོ།། གང་གི་རྩ་བའི་ཞལ་སེར་བ་དེའི་ནི། གཡས་དང་གཡོན་སྔོ་བ་དང་དཀར ་བསྟེ། ལྗང་གུ་དང་དམར་བ་ཡང་དེ་བཞིན་ནོ།། གྲཝ་བཞིན་གནས་པའི་མིའི་བོང་པ་རྣམས་ནི་ཁ་དོག་དཀར་པོ་བཅུད་ཀྱིས་བཀང་བའི་པདྨ་སྣ་ཚོགས་པའི་དབུས་སུ་གནས་པའོ།། ། དེ་ནས་ཡེ་ཤེས་ཀྱི ་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་བསྟིམས་ཏེ། ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་ལ་དེ་བཞིན་དུ་ཐམས་ཅད་ཀྱི་སྐུ་དང་གསུངས་དང་ཐུགས་བྱིན་གྱིས་བརླབས་ནས་ཆོ་ག་ཇི་ལྟ་བས ་དབང་བསྐུར་ཏེ། རྗེས་སུ་མཐུན་པར་སྤྱི་བོ་ལ་རྒྱས་གདབ་པར་བྱའོ།། དེ་ནས་མན་ངག་ཇི་ལྔ་བས་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བའི་བར་དུ་བྱའོ།། དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས ་པའི་རྡོ་རྗེ་རྩེ་མོ་ལྔ་པ་གྱེན་དུ་འགྲེང་བ་ཟླ་བ་ལ་གནས་པའོ།། དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ་དབུས་སུ་ཡཾ་སྔོན་པོ་ཉིད་དོ།། ཨོཾ་ཧྲཱིཿཥྚྲྀཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་བ་ཡི་གེ་ཤིན་ཏུ་ཕྲ་བས ་གནས་པར་བལྟས་ལ། དེ་ལས་བྱུང་བའི་གཤིན་དྷའི་དགྲ་དབུགས་ལ་ཞེན་པས་འགྲེ་ཞིང་དེ་དང་ལྷན་ཅོག་འཇུག་པ་གསལ་བར་སྤོབར་བྱའོ།། གང་གི་ཚེ་སྐྱེ་བི་ནི། རུས་པའི་རང་བཞིན་གྱི་ཕྲེང་བ་བདུད་རྩི་བཅུས་ལེགས་པར ་བྱུགས་པ་བླངས་ལ། རིལ་བུ་རེ་རེ་ཞིང་ཡི་གེ་མོ་ཡོངསུ་གྱུར་པའི་འདོད་ཆགས་གཤིན་རྗེའི་དགྲའི་གཟུགས་སུ་རྣམ་པར་བསྣམ་པ་འམ། མཱིའི་མགོ་བོ་འདྲལ་དུ་བཅད་པ་ཁྲག་འཛག་པས་ཁྱབ་པར་བསམས་ཏཱཾ། གཡས ་པའི་མཐེ་བོ་དང་སྲིན་ལག་གིས་གཟུང་ལ། ཁྲོ་བོའི་བརྗོད་པ་ཁོ་ནས་གསང་སྔགས་བཟླས་པ་བྱའོ།། འདི་ལ་གང་གི་ཚེ་རིམ་གྱིས་ཟློས་པ་དེའི་ཚེ། ས་བོན་ཡཾ་ལས་ཞེ་སྡང་གཤིན་རྗེའི་ངགྲ་ལ་སོགས་པ་རེ་རེ་ལྷ་མེ་དང་བཅས ་པར་སྤྲོ་བ་དང་། གསང་སྔགས་རེ་རེའི་ཡོངས་སུ་རྫོགས་པར་བྱའོ།། འོན་ཏེ་ཙི་ཙཱར་དུ་ནི་ས་བོན་ཡཾ་ལས་ཀྱང་ཞེ་སྡང་གཤིན་རྗེའི་དགྲ་ནས། ཇི་སྲིད་མཛོད་ལྡན་མ་གཤིན་རྗེའི་བྷརྞ་དུ་དུས་གཅིག་ཏུ་སྤྲོ་ཞིང་། སྔགས་ཀྱང་རེ་རེ་ཡོངས ་སུ་རྫོགས་པར་བྱ་སྟེ། ཅིག་ཅར་པའི་ཕྱོགས་ལ་སྒོ་རྡོ་རྗེ་ལ་སོགས་པ་ཡང་ཡེ་ཤེས་སེམས་དཔའི་ས་བོན་དང་ལྷན་ཅིག་སྤྲོ་བའོ།། འདིར་ཡང་ཐོགས་པ་དང་། ཤིན་ཏུ་མྱུར་བ་དང་ཤིན་ཏུ་གསལ་བ་དང་། མི་གསལ་བ་དང ་ཡང་དག་པ་མོ་ཡིན་པའི་རྣམ་པར་རྟོགས་པ་སྤངས་པའི་སྔགས་པས་ནི་གྲངས་འབུམ་གྱི་ཕྲ་མོའི་དངོས་གྲུབ་ཏུ་འགྱུར་རོ།། བྱེ་བས་ནི་མཁའ་ལ་སྤྱོད་པའི་དབང་པོ་ཕྱག་རྒྱ་ཆེན་པོར་གནས་པའོ།། དེ་ནས་བཟླས་པས ་ཡིད་སྐྱོ་བ་ན། ཡེ་ཤེས་འཁོར་ལོ་མདུན་ན་བཞུགས་པ་ལེགས་པར་མཆོད་དེ། བསྟོད་ཅིང་བདུད་རྩི་བཅུ་ཕུལ་ལ། ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེགས་སུ་གསོལ་བར་བྱའོ།། ཡང་ངམ་ཚིག་འཁོར་ལེ་བདག་ཉིད་ཀྱི་ཡཾ ་གྱི་ས་བོན་གྱི་ནང་དུ་བཅུག་ལ།། བདག་ཉིད་ཞེ་སྡང་གཤིན་རྗེའི་དགྲའི་ངར་འཛིན་པ་དང་གནས་པར་བྱའོ།། ཐུན་མཚམས་བཞི་པོ་ཐམས་ཅད་དུ་འདི་ལྟར་སྒྲུབ་པ་འདི་ནི། དཔལ་གཤིན་རྗེ་དགྲའི་ལས་རབ་ཏུ་བསྒྲུབ་པ། ་ལས་དང་པོ་པའི་རྣལ་འབྱོར་པའི་བྱ་བའོ།། གཞན་ཡེ་ཤེས་ཅུང་ཟད་བེབས་པ་དང་། ཡེ་ཤེས་ལ་དབང་ཐོབ་པ་དང་། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་རྣམས་ཀྱི་བསྒྲུབ་པར་བྱ་བ་ནི་ལེའུ་བཅུ་བདུན་པའི་རྣམ ་པརརྱ་བཤང་པ་རྒྱ་ཆེར་བྱས་པས་འདིར་ཡང་མ་སྨྲསོ།། དེ་བཞིན་དུ་བདུད་རྩི་མྱང་བ་དང་། གཏོར་མ་སྟོན་པ་དྲུག་ཀྱང་། བདག་གིས་ལེ་རུ་གསུམ་པ་དང་དྲུག་པའི་རྣམ་པར་བཤད་པའི་སྐབས་སུ་གསལ་བ ་བྱས་པ་ཁེ་ནས་ཤེས་སོ།། ཕྱོགས་དབང་ཟླ་བ་ཞིས་གྲགས་པ།། དཔལ་ལྗིན་ཆོས་སྐྱོང་དེ་ཡི་བཀས།། གཤིན་དྷཱའི་དགྲ་གང་ནག་པོ་ཡིས།། སྒྲུབ་ཐབས་ཆོ་ག་རྣམ་གསལ་བ།། ཟླ་བའི་ཟེར་གྱིས་རེག་པ་ཡི།། ཀུ་མུད་རབ་ཏུ་རྒྱས ་འདྲ་བ།། འདི་ནི་རྣམ་སྦྱར་དགེ་གང་དེས།། འགྲོ་རྣམས་འཆི་བདག་ལས་རྒྱལ་གྱུར།། གྷ་ཤིནྡ་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས། ཀུ་མུ་ཏ་ཁི་བྱེ་བུ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས ་མཛད་པ་རྫོགས་སོ།། སྱཱ་ཤྭེནྣ་བཱ~ཾ་ནཱ་ཡ་ཙནྡྲ་དང་། ལོ་སློབ་དགེ་སློང་རྒྱས་ཀྱི་ཤེས་རབ་ཀྱིས་པ་ར་པྤ་ནུས་ཏེ་གཏྟེནཱི་ལི་ཕབ་ཛོ།། ། དྷཱུ་གར་སྐད་དུ། ཤྲཱིཀྵ~ཾརྞྞ་ཡ་མཱ་རཱི་སྱཱ་དྷཱཛྙཱ་ནཱཾ་ནཱ་མཱ། ་