CLOSE WINDOW

GT80: dpal dus kyi 'khor lo skad cig gis bskyed pa'i lhan cig skyes pa'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གླུར་སྐད་དུ། བྷཱུ་ཀཱ་ལྱཱ་ཙག་ར་ཊི་ཏི་ས་ཏྭ་ཛ་སྭཱ་དྷཱ་ན་ནཱ་མ་ནཱཾ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསྒྲེད་པའི་ལྷན་ཅིག་སྐྱེས་པའི་སྒྲུངྒཱ་ཐབས་ཞེས ་བྱ་བ། བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལྔ་ལོ།། རྣམ་པ་དང་བཅཝས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་ངེས་རབ་ཏུ་འཁྱུད།། སྐྱེ་འཇིག་རྣམ་པརརོ་སྤངས་པའི་མི་འགྱུར་བ ་བདེ་ལ་བགོད་པ་ལ་སོགས་རྣམས་དང་བྲལ་བ་ཡི།། སངས་རྒྱས་རྣམས་ནི་སྐྱེད་པར་མཛད་པའི་སྐུ་གསུམ་དྲང་བཅས་དུས་གསུམ་ཡང་དག་མཁྱེན་པ་པོ།། ཐམས་ཅད་མཁྱེན་པ་དང་པོ་མཆོག་གྲི ་སངས་རྒྱས་གཉིས་མེད་དེ་ལ་ཕྱག་འཚ་ལོ།། དང་པོ་སྐད་ཅིག་གཅིག་གིས་སྟོང་པ་ལ་གནས་ཕྱི་ནས་དེ་བཞིན་སྐད་ཅིག་གིས་སྐྱེད་པ།། སྣ་ཚོགས་ཆུ་སྐྱེས་ཟླ་བ་ཉི་མ་སྒྲོ་གཅན་རྣམས་ཀྱི་དཀྱིལ ་འཁོར་ལ་གནས་དབང་ཕྱུག་དྲུང་།། འདོད་ལྷ་ངག་གི་སྙིང་གར་གཱཡས་བརྒྱད་ཤིན་ཏུ་སྔོ་བ་རྡོ་རྗེ་དྲིལ་བུ་དང་ལྡན་ཕྱག་གཉིས་ཀྱི།། སྣ་ཚོགས་ཡུམ་གྱི་སྐུ་ལ་ཡང་ངག་འཁྱུད་པའི་དཔལ ་ལྡན་མངའ་བདག་དུས་འཁོར་ལོ།། སྤྲིན་ནག་ལྟ་བུའི་རལ་པའི་ཚོགས་ལ་ཏ་མ་ལ་མཚུངས་མི་སྐྱོད་པ་ལ་སོགས་པས་སྤྲས།། ཕྱག་རྒྱ་དྲུག་གིས་ཀྱང་ནི་རབ་སྤྲས་ཐོད་པ་དཀར་པོའི་ཕྲེང་བས ་བརྙིངས་པ་བྱུང་།། མི་མམན་ཤལ་སྤྱན་གསུམ་གས་མཚུངས་སྐུ་མངའ་གི་ཟུག་པང་སྣོད་དང་ལྡན་ཕྱུག་གྷཉིས་ཡ།། དཔྲལ་ལྡན་སྣ་ཚོགས་ཡུམ་དང་གཉིས་ཡང་བདེ་བ་ཆེན་པོའི ་བཞིན་ལ་སོགས་བསྒོམ་པ་རུ་བྱ།། དེ་ནས་ཁམས་གསུམྦྷ་རང་དང་མཚུངས་པར་ལྡན་པ་དེ་རྣམས་མཱ་ལུས་ལྷ་མོའི་སྐུ་ལ་གཞུག། དེ་ཡང་རང་ལ་རུང་ལུས་གུང་ན་དང་བཅས་པ་ཉི་མ་ལ ་ཏཱ་ཉི་མ་ཧཱུཾ་ལའོ།། ཨུ་ནི་ཧཽ་ལ་དེ་ཡང་མགོ་བོ་ལ་ཏེ་དེ་ཉིད་ཟླ་བ་ཕྱེད་པ་ཉིད་ལའོ།། ཟླ་ཕྱེད་ཐིག་ལེ་དེ་ཉིད་ནྱ་དེ་དེ་བཞིན་ནམ་མཁའ་ཁ་རླངས་མེ་ལོང་ལ་ཕོག་མཚུངས།། དེ་ལྟར ་འོད་གསོལ་ཞུགས་ནས་སླར་ཡང་སྒྱུ་མ་དང་མཚུངས་གཟུགས་སུ་དྷན་པཱར་བྱས་པ་དང་། སྤྲུལ་པ་སྣ་ཚོགས་ཁམས་གསུམ་རྣམས་སུ་ནམ་མཁྲའ་ཁྱབ་པར་སྐད་ཅིག་གིས་ནི་སྒྲ ་བར་བྱ།། དེ་ལྟར་ཡང་ནི་དེ་བཞིན་བསྡུ་ཞིང་ཡང་ནི་ད་ལྟར་བཱི་སྐྱེད་ཅིང་སྤྲོ་བ་དེ་བཞིན་དུ།། མྱ་ཉིམ་པར་གཞག་པའི་ཟུང་འཇུག་ལམ་འདི་ཡིས་མི་སངས་རྒྱས་ཞབས་ལ ་ཡང་དག་འགྲོ་བར་འགྱུར།། དཔལ་ལྡན་དུས་འཁོར་སྒྲུབ་པའི་ཐོབས།། གང་བྱས་པ་ཡིས་བསོད་ནམས་འདིས།། འཇིག་རྟེན་པ་རྣམས་ལྷན་སྐྱེས་ཀྱི།། གཉིས་མེད ་རང་བནིན་ཞབས་ཙྪ་ཤིག་། ལ་དུས་ཀྱི་འཁོར་ལོའི་སྒྲུ་ཐབས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། ་སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ་རྫོགས་སོ།། ། པཎ་ཌི་ཏ་བཱ་གཱི་ཤ་ར་དང་། ལོ་ཙཱ་བ་ཆོས་རབ་ཀྱིས་བསྒྱུར་བའོ།། ་