| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རཱི་སཱ་དྷ་ན། བོད་སྐད་དུ། གཤིན་རྗེའི་གཤེང་ནག་པོ་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལོ།། སྙིང་རྗེས་སེམས་ཅན་ཕན་པ ་མཛད་ཅིང་དཔག་བྱས་མ་ཤིང་དང་འདྲ་བ་ཡི།། དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་མདངས་འབྱར་ཆར་སྤྲིན་གཞོན་འ་དྲ་ཡིད་འོང་བ། རྟོག་པའི་རླབས་བྲལ་ལྷན་ཅིག་སྐྱེས་པའི་སྐྱེས་པའོ་འོ་མ་ལས་འཕྲོས་དེ་ལ་ཕྱག་འཚལ་ནས། ་འདི་ཡི་དཀྱིལ་འཁོར་བསྒྲུབ་བྱ་དང་བཅས་དཔལ་ལྡན་བླ་མའི་བཀའ་ཡིས་བཤད་པར་བྱ། དང་པོར་སྤགས་པས་ཕྱི་ནང་གི་རྣམ་པར་གཡོ་བ་མ་ལུས་པ་ཡོངས་སུ་བཏང་ལོ།། བློ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པས་རིང་གི་སྙིང་གར ་ཐུགས་ཀྱི་ས་བོན་གྱི་སྔ་གོས་འོད་ཟེར་གྱི་རིགས་ཀུན་ཏུ་འཁྲིགས་པ་ལྟས་ལ།། འོད་འཕྲོས་པ་དེ་ལས་ཕྱོགས་སྐྱོང་བ་བརྒྱད།། ཤིང་བརྒྱད་ཀྱིས་བརྒྱན་ཅིང་དྲག་པོའི་དུར་ཁྲོད་།། དེའི་དཀྱིལ་དུ་འཇིགས་པ་དང་བྲལ་བས་སྟན ་པདྨོ་བ་ལྔ་ཉེ་བར་འདུག་ལ། སེམས་ཅན་ལ་ཕན་པའི་ཕྱིར་བསམ་གཏན་ལ་སྤྱད་པར་བྱ་སྟེ། ས་བོན་དེ་ལསོ་རང་གི་བོ་སྤུའི་བུ་གྲོ་ལས་ཕྱིར་བྱུང་བའི་ཁ་དོག་ལྔ་དང་ལྡན་པའི་འོད་ཀྱིས་བདག་ཉིད་རྣམ་པར་སྦྱང་བར་བྱའོ།། དེ་ཉིད་ཀྱིས ་འགྲོ་བ་རིགས་དྲུག་ན་འཁོར་བའི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་བལྟོས་པས། རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་དུ་འགྲོ་བ་བལྟའོ།། དེ་ནས་འདི་ཟེར་དེས་སྤྱན་དྲངས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་དང་། དཔལ་གཤིན་རྗེ་གཤེད་ལ་སོགས་པ་མདུན་དུ་ཟླ་བའི་གདན་ལ་བཞུགས་པར་བལྟས་ལ། ཕྱག་འཚལ་བ་དང་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། རྫོགས ་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཆེན་པོ་མཆོད་པར་བགྱིའོ།། རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བགྱིའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་སྡིག་པ་ཐམས ་ཅད་སོ་སོར་བཤགསོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་།། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ ་བར་བགྱིའོ།། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པའི་སངས་རྒྱས་ཐམས་ཅད་བསྐལ་པ་མང་པོར་བཞུགས་པར་གསོལ་བ་གདབ་པོ།། མཆོད་པའི་རང་བཞིན་རྣམ་པ་བདུན་ནམ། གཞན་ཡང་དག་ཇི་སྐད་གསུངས་པའི་དགེ ་བ་མ་ལུས་པ་དེ་དག་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ།། དེའི་རྗེས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་འདི་ལྟར་བྱའོ།། དེ་ནས་བྱང་ཆུབ་ཏུ་སེམས ་བསྐྱེད། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡངས་པ་བགྱིའོ་ཞེས་སོ།། དེ་ནས་བདག་གི་ལུས་དབུལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་ངོཔའ་རྣམས་ལོ་བདག་ཉིད་ཀྱི་ལུས ་དབུལ་བར་བགྱིའོ།། དེ་ནས་ལམུ་གཟུང་བར་བྱ་སྟེ།། ཇི་ལྟར་ཡང་བླ་ན་མེད་པའི་ལམ་རྡོ་རྗེ་སེམས་དཔའ་སྙིང་པོ་གཤིན་རྗེའི་གཤེད་བདག་གིས་གཟུང་བར་བགྱིའོ།། དེ་ནས་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཀྱི ་ངོ་བོ་ཚངས་པའི་གནས་གཞི་བསྒོམ་པར་བྱའོ།། དེའི་རྗེས་ལྔ་དངོས་པོ་ཐམས་ཅད་སེམས་ཙམ་གྱི་རང་བཞིན་པས་དངོས་པོ་ངོ་བོ་ཉིད་ཀྱིས་དག་པཱར་བལྟ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བཱ་ཤུདྡྷོ་ཧོ། ཨོཾ་ཤུནྱ་ཏཱ་ཛྙཱ་ན ་བཛྲ་སྭ་བྷ་བ་ཨཏྨ་ཀོ་ཧཾ། ཞེས་སྔགས་འདིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་ཏེ། འདི་ནི་བསྲུང་བའི་མཆོག་གོ། འདི་ལས་ལྷག་པའི་བསྲུང་བའི་དོན་ནི། ཡི་གེ་རེ་ཡོངས་སུ་གྱུར་པའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ ་ཚོགས་རྡོ་རྗེ་ལས་སྤྲོས་པའི་རྡོ་རྗེ་ར་བ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་དུར་ཁྲོད་དང་བཅས་པར་རྡོ་རྗེའི་ས་གཞི་བསྒོམ་མོ།། ཡང་དུར་ཁྲོད་རྣམས་འདི་ལྟར་འབྱུང་སྟེ། རྡོ་རྗེའི་ཕྱོགས་སུ་ཤིར་ཤ་སྟེ།། གནོད་སྦྱིན་ལག་གཡས་སྤྱི་བླུགས ་དང་། གཡོན་ན་ཐོད་པ་ཐོགས་པ་ཡི།། ཙཎྜ་ཞེས་པའི་མདོག་སེར་གནས།། གནོད་སྦྱིན་དཔལ་འཛིན་དམར་པོ་སྟེ།། གཡས་པ་ནཱན་ནི་ཕྱེང་བ་དང་།། གཡོན་ན་ཐོད་པའི་སྣོད་ཐོགས་ཏེ།། མེ་ན་ཀ་རཾ་ཛ་ཤིང་ལའོ།། གཤིན་རྗེའི ་གཤེད་ནི་ཙཱུ་ཏ་ལ།། རྣམས་འཇིགས་ཞེས་བྱའི་མདོག་ནག་པོ།། གཡས་པ་ན་ནི་དབྱུག་པ་དང་།། གཡོན་པ་ཆུ་སྐྱེས་སྣོད་ཡིན་ནོ།། བདེན་བྲལ་གཡས་ན་གྲི་གུག་དང་།། གཡོན་ན་ཆུ་སྐྱེས་སྣོད་ཐོགས་པའི།། སེར་པོ་གོ། ་རཱ་ཨནྟ་ཀཱར།། འཁྲི་ཤིང་ལ་མའི་ཤིང་ལའོ།། ཆུན་མྱ་ངན་མེད་ཤིང་ལ།། འོད་ཀྱི་ཕྲད་ཅན་མགོ་ཡིས་རུས།། དཀར་པོ་གཡས་ན་ཀླུ་ཞགས་དང་།། གཡོན་ན་ཆུ་སྐྱེས་སྣོད་ཐོགས་པའོ།། ཀྲུང་ན་ཀཾ། ་ལ་ཀི་ར་བ།། སྔོན་པོ་གཡས་ན་གོས་སྔོན་ཐོགས།། གཡོན་པ་ན་ནི་ཆུ་སྐྱེས་སྣོད་།། ཨརྫུ་ན་ཡི་ཤིང་ལ་གནས། ཀུ་བ་རཱ་ན་གྷ་བ་དར།། ལག་པ་གཡས་ན་རྡོ་རྗེ་དང་།། གཡོན་པ་ན་ནི་པདྨའི་སྙིང་།། ཨ་ཤྭདྠ་ལ་མནན་ནས་གནས།། ་གནོད་སྦྱིན་ག་མོ་ཆེར་གྲགས་པ།། དཀར་པོ་གཡས་ན་རྩེ་གསུམ་པ།། གཡོན་པ་ནི་ནི་པདྨའི་སྣོད།། དབང་ལྡན་ཤིང་ཆེན་པོ་ལ་གནས།། ཐམས་ཅད་ཤིང་ལས་ལུས་ཕྱེང་དཏོན།། དྲག་ཅིང་འབར་ལ་སྐྲ་དང་ནི།། སྨ་རཱ་སྨིན་མ ་ལྐོག་སྤུ་དང་།། རྫི་མའང་སེར་པོ་ཁྲོས་པའི་ཞལ།། སྤྱན་གསུམ་དམར་པོ་རབ་འགུལ་བ།། མཆེ་བ་དྲག་གཙིགས་པའོ།། ཤིང་འདི་རྣམས་ཀྱི་རྩ་བ་རུ།། གསལ་ཤིང་གིས་ཕུག་རོ་ཡང་བཞག། ཁ་ཅིང་ལྟུང་བའི་རོ་དག ་ངདང་། ཁྱི་དང་བྱ་རྒོད་ཟ་བའོ།། དེ་ལ་ཡང་དག་རོས་མྱོས་པའི།། རྣལ་འབྱོར་པ་དག་གླུ་ལེན་ཏེ།། ལྷན་ཅིག་སྐྱེས་ཞེས་འགྲོ་བ་གསུམ།། རྣམ་པར་སྦྱོང་ཞིང་རྣལ་འབྱོར་པས།། བདུད་རྩི་ལྔ་ལྡན་མེད་པ་དང་།། ཆགས་པས་དཔལ ་ལ་འདུད་བྱེད་ཅིང་།། འགྲོ་བ་གསུམ་པོ་ཚིམ་པར་བྱེད།། དེས་ན་རིག་པ་དང་བཅས་པའི་དཔལ་མཆོག་དང་པོ་ལས་བྱུང་བའི་ཆོས་འབྱུང་ཞེས་བྱ་བའི་ཕྱག་རྒྱ་གྲུ་གསུམ་གྱི་ནང་ན་མཁའི་ངོ་བོ་ཉིད་ཀྱི་དཀྱིལ་ན་གནས་པའི་སྣ ་ཚོགས་པདྨ་དང་།། རྡོ་རྗེ་བསྒོམ་པར་བྱའོ།། དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་སྣ་ཚོགས་པདྨ་དང་། ཟླ་བ་ལ་གནས་པའི་ཡི་གེ་བྲུཾ་ཡོངས་སུ་གྱུར་པ་ལས། འཁོར་ལོ་རྩིབས་བརྒྱད་པ། དེའི་ལྟ་བ་ལ་ཟླ་བ་ལ་གནས་པའི ་ཡི་གེ་བཾ་ཡོངས་སུ་གྱུར་པའི་རྣམ་པར་སྣང་མཛད་རིག་པ་དང་བཅས་པ་ལས་བྱུང་བའི་སྣ་ཚོགས་པར་སྣང་བའི་ནོར་བུའི་རང་བཞིན་ཁ་དོག་ལྔ་དང་ལྡན་པའི་འོད་འཕྲོ་བས། ཕྱོགས་མཚམས་མ་ལུས་པའི་འཇིག་རྟེན་གྱི་ཁམས་དཔག ་ཏུ་མེད་པར་སངས་རྒྱས་ཀྱིས་ཁྱང་བར་གནས་པ་གྲུ་བཞི་པ་སྒོ་བཞི་པ། ཀ་པ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། སེ་མོ་ངོ་དང་དོ་ཤལ་དང་། མེ་ལོང་དང་གོས་དང་ནོར་བུས་རྣམ་པར་བརྒྱན་པ། མཆོད་པའི་ལྷ་མོའི་ཚོགས་ཀྱིས་ཡོདས ་སུ་བསྐོར་བའི་གཞལ་ཡས་ཁང་བསྒོམ་པར་བྱའོ།། དེའི་དཀྱིལ་དུ་ཡི་གེ་རེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་བསྒོ་བ་བྱས་ལ། ལྷ་བཅུ་བདུན་གྱི ་གདན་སྣ་ཚོགས་པདྨ་བསྒོམ་མོ།། དེའི་ལྟོ་བོའི་ཟླ་བའི་དཀྱིལ་འཁོར་ལ་ཤེས་རབ་ཀྱི་ངོ་བོ་ཉིད་ཡི་གེ་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་པ་བཞུགས་ཏེ། མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པོར་བལྟའོ།། དེའི་སྟེང ་དུ་ར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཐབས་ཀྱི་ངོ་བོ་ཉིད་ཉིས་འགྱུར་དུ་བྱས་པ་ལས། ཌ་དྷ་ད་དྷ་ཡ་ལ་བསྣན་པའི་ཡི་གེ་ཀ་ལ་སོགས་པ་གསལ་བྱེད་རྣམས་བཅུག་ལ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པར་རྣམ ་བར་བསམས་ཏེ། དེ་དག་ཐམས་ཅད་རོ་མཉམ་པར་བྱས་ལ། དེ་གཉིས་ཀའི་ཡང་ནང་དུ་འདུས་པའི་ཙྪ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ལ་གནས་པའི་ཟླ་བའི་གདན་ལ་ཡི་གེ་རྣམ་པར་བསམས་ལ། དེའི་འོད་ཀྱིས ་རེག་པས་བྱོན་པར་བཞེད་པའི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་དང་ལྷ་མོ་རྣམས་དེའི་ནང་དུ་བྱོན་པར་བསམས་ལ། དེ་ནས་དེའི་ང་རྒྱལ་སྤང་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་སོ་དེ་ནས་དེ་ཡོང། ་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཞལ་དང་། རྒྱན་ཐམས་ཅད་གཤིན་རྗེ་གཤིང་དང་འདྲ་བ་ལ། ལྷན་ཅིག་སྐྱེས་པ་ཙམ་གྱི་རིག་མ་ཅན། སྔོན་པོ་དང་དཀར་པོ་དང་དམར་པོ་སྟེ་ཞལ་གསུམ་པ། གཡས་པའི་ཕྱག་དང་དེ་ལས་གཞན ་པའི་ཕྱག་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ། རྡོ་རྗེ་སྔོན་པོ་འབར་ཞིང་འཕྲོ་བ་དང་། རལ་གྲི་དང་། གྲི་གུག་དང་། འཁོར་ལྷོ་དང་པདྨ་དང་ཐོད་པ་འཛིན་པའོ།། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབས ་པ་བསྒོམས་པར་བྱའོ།། དེ་ནས་ས་བོན་གྱི་ལྷ་མོའི་མག་དང་། མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་རྣམས་དང་། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། རིགས་ལྔ་གཅིག་ཏུ ་བསྡུས་པས་དགོད་པར་བྱའོ།། དེའི་རྗེས་ལ་ཧཱུཾ་ཨོཾ་ཧཱུཾ་ཨཱཿཞེས་པའི་སྔགས་འདིས་གཉི་གའི་རྡོ་རྗེ་དང་པད་མ་རྣམ་པར་སྦྱང་བར་བྱའོ།། དེའི་རྗེས་ལ་ཡི་གེ་ཧོ་དམར་པོ་གཉིས་གཉི་གའི་མཐར་རྣམ་པོར་བཀོད་ལ་དགའ་བ་བརྩམ ་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་བྱ་བས་སོ།། དེ་ནས་འདོད་ཆགས་ཆེན་པོ་ངེས་པ་རི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། རང་ཡེ་ཤེས་སེམས་དཔའི་སྙིང་པོའི་ས་བོན་གྱི་འོད་ཀྱིས་བཀུ། ་པའི་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པའི་ལྷ་མོ་བཞི་དང་ལྡན་པའི་སངས་རྒྱས་ཐམས་ཅད་བདག་གི་ལུས་ཀྱི་ནང་དུ་བསྒོམས་ལ། བདག་ཉིད་ཀྱང་རིག་མ་དང་བཅས་པ། འདོད་ཆགས་ཆེན་པོའི་དབང་གི་ཡི་གེ་གསུམ་དང་ལྡན་པའི ་ཁུ་བའི་གཟུགས་སུ་བལྟའོ།། དེ་ནས་རྣམ་པར་དག་པའི་འོད་ཟེར་གྱིས་ཕྱོགས་བཅུར་ཁྱབ་པས། འགྲོ་བ་དྲུག་ན་འཁོར་བའི་སེམས་ཅན་རྣམ་པར་སྦྱངས་ནས། དེའི་ནང་དུ་ཆུད་པར་བསྒོམས་ལ། དེ་ཡང་ཁུ་བའི་གཟུགས་སུ་བལྟ ་བར་བྱའོ།། དེ་ནས་ཏིང་ངེ་འཛིན་ལས་བསླང་བའི་ཕྱིར། ལྷ་མོ་བཞིས་ཐུགས་ལ་བསྟོད་པ། སྙིང་རྗེས་ཁྲིས་པའི་ངང་སྒྲོལ་བཞེངས། ཁམས་གསུམ་ཀུན་གྱི་གཏི་མུག་སོལ།། དང་སྒྲོལ་རྩོལ་མེད་མཱ་བཞུན་བཞེད། བདུད་འདི་དག ་ལས་རྒྱལ་བར་མཛོད།། འཇིག་རྟེན་མགོན་པོས་སྟོང་ཉིད་ཅི་སྟེ་བཞུགས།། དང་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག། བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་པོས་ནས།། ཇི་ལྟར་སྟོང་པ་ཉིད་ནི་སེམས་པར་བྱེད།། ་ཅེས་བྱ་བས་བསྟོད་ནས། སྐར་མདའ་འཕོ་བ་བཞིན་དུ་དེ་ཉིད་དུ་བཞུགས་པར་གྱུར་ཏོ།། དེ་ནས་ལྷ་མོ་བཞི་ཡང་ཁུ་བ་དེར་རབ་ཏུ་ཞུགས་པས་ཡི་གེ་གསུམ་དང་ལྡན་པའི་སྔགས་ཀྱིས་རང་བཞིན་གྱིས་ལྷའི་ངོ་བོ་ཉིད་དུ་བཀོད་ལ། ་གསང་བའི་དཀྱིལ་འཁོར་འབྱུང་བའི་ལྷ་ཡི་ས་བོན་ལྔ་སྟེ། ཨཀྵེ་མ་མེད་ཡཙྪ་ནི་ནཱང་དོ་རུང་ཎ་སྣརོ་ནཱི་བ་ཞེས་བྱ་བ་འདི་ལྟ་བུ་མཚམས་ངན་དུའོ།། དེའི་དཀྱིལ་དུ་མ་ལུས་པཱ་ལཱ་རང་གི་སྱ་བྱིན་དང་ཕྱུག་མཚན ་གྱི་རླུང་དུ་འདུས་པའི་མམཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་མ་ལུས་པ་བྱོན་ནས། བྱང་ཆུབ་ཀྱི་སེམས་ཁྲོ་བྱའི་རྣམ་པ་དེར་བཞུགས་ཏེ། དེ་རྣམས་ཞུགས་ནས་རྒྱས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བོསམ་བྱུར ་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀཽ་ཧཾ་ཞེས་བྱའོ།། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་ལྡན་པ་སྟེ་རྣལ་འབྱོར་རོ།། དེའི་རྗེས་ལ་རྡོ་རྗེ་ཙར་ཙི་ཀཱ་ལ་སོགས་པ་ལྷ་མོ་བཞི་པོ་ཚངས་པའི་གནས་བཞིའི་ངོ་བོས ་བསྐུལ་བའི་དབང་དུ་བྱས་ནས། དོའི་ཁུ་བ་ལས་བྱུང་བའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ཨིནྡྲ་ནཱི་ལའི་འོད་འབར་བའི་རྡོ་རྗེའི་ལྟེ་བ་ལ་གནས་པའི་རིགས་ཀྱི་ཡི་གེས་བྱིན་གྱིས་རློབ་ཅིང་འཕྲོ་བ། ཡི་གེ་ཡཾ་ལས ་ཡང་དག་པར་བྱུང་བ། ཨིནྡྲ་ནཱི་ལ་ལྟ་བུའི་འོད་ཅན། ཞལ་གསུམ་ཕྱག་དྲུག་པ། རྩ་བ་དང་། གཡས་པ་དང་གཞན་ལ་རིམ་ཇི་ལྟ་བ་བཞིན་དུ། སྔོན་པོ་དྲང་དཀར་པོ་དམར་བའི་ཞལ་ཅན། འབར་བ་འཕྲོ་བའི་རྡོ་རྗེ་དང་། རལ ་གྲི་དང་། གྲི་གུག་དང་འཁོར་ལོ་དང་པདྨ་དམར་པོ་དང་། ཐོད་པ་འཛིན་པ་སྟེ། གཡས་པ་དང་དེ་ལས་གཞན་པ་ལ་རིམ་པ་ཇི་ལྟ་བ་བཞིན་ནོ།། འཇིགས་བྱེད་ཀྱང་འཇིགས་པར་བྱེད་པ། ཐོད་པ་དྲུག་གིས་བསྐོར་བས་མགོ་བརྒྱན ་བ། ཕྱོགས་བཅུར་ལྟ་བའི་དམར་ལ་ཟླུམ་པའི་སྤྱན་གསུམ་པ། དགའ་བོ་དང་ཉེར་དགས་གྱེན་དུ་འབར་བའི་སྐྲ་བཅིངས་པ། མཆེ་བ་ཅུང་ཟད་གཙགས་ཤིང་ལྕེ་འདྲིལ་བ་སྨ་ར་དང་སྨིན་མ་སེར་པོ་རྡོ་རྗེས་བརྒྱན་པ། སྟག་གི་བག ་པ་འཛིན་པ། མི་ཐུང་ལྟར་གསུས་པ་ཆེ་བར་འཛིན་པ་པ་སུ་ཀིས་སེ་རལ་ཉེ་བར་བརྒྱན་པ། སྟོང་དུ་སེདྨོའི་པགས་པ་བསྣམས་པ། ལུས་ཀྱི་བ་སྤུའི་བུ་གཱི་ཐམས་ཅད་གྱེན་དུ་གཡས་སུ་འཁྱིལ་ཅིང་འོང་འཕྲོ་བ།། རོལ ་པ་དང་བཅས་པའི་ལྷན་ཅིག་སྐྱེས་པའི་ཤེས་རབ་དང་གཉིས་སུ་མེད་པའི་སྐུ། ཧྲཱིཿཥྚྲཱིཿལ་སོགས་པ་མགུར་ནས་བརྗོད་ཅིང་། མ་ཧེ་ལ་གནས་པའི་གཤིན་རྗེའི་རྒྱབ་ཏུ་ཉི་མའི་གདན་ལ་གཡོན་བརྐྱང་བའི་ཞབས ་ཀྱིས་མནན་པའི་བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ།། དེའི་སྙིང་གརེ་ཉི་མ་ལ་གནས་པའི་ཡི་ལས་བྱུང་བའི་རྡོ་རྗེ་འབར་བའི་ལྟེ་བ་ལ་ཉི་མུ་དང་། དེ་ལ་ས་བོནྡ་ཡཾ་བསྒོམ་ཞིང་ཕྱག་མཚན་དང་། ས ་བྱིན་ཡོངས་སུ་གྱུར་པ་ལུས་ཡེ་ཤེས་སེམས་དཔའ་གཤིན་རྗེ་གཤེད་དང་འདྲ་བའི་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཉི་མ་ལ་གནས་པའི་རང་གི་ས་བོན་གྱིས་བརླབས་པ་སྙིང་གར་བསྒོམ་པོར་བྱའོ།། རང་གི་ས ་བོན་ལས་ཀྱང་འོད་ཟེར་སྤྲོས་ལ་འོད་དེས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་བཀུག་ལ།། མདུན་གྱི་ནམ་མཁའ་ལ་བཞུགས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ།། རང་གི་ཡེ ་ཤེས་སེམས་དཔའ་བཅུག་ལ་དེར་བྱིན་གྱིས་བརླབ་པ་ཡང་བྱ་སྟེ།། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པའོ།། དེ་ནས་སྙིང་གའི་འོག་ཏུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་ཟླ ་བ་དེ་ལས་ས་བོན་རྣམ་པར་བསམས་ཏེ། རང་གི་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་ཞེས་སྡང་གི་ཤིན་རྗེ་གཤིང་དང་འདྲ་བ་ཟླ་བ་ལ་གནས་པ་ཕྱག་མཚན་ས་བོན་གྱིས་བརླབས་པ། སྙིང་པོ་ཐུགས་རྡོ་རྗེ་རྣམ་པར ་བསམ་པར་བྱའོ།། རང་གི་ས་བོན་གྱི་འོད་ཀྱི་ཐུགས་རྡོ་རྗེའི་སངས་རྒྱས་ཐམས་ཅད་བཀུག་ལ་མདུན་དུ་ཟླ་བ་ལ་བཞུགས་ཏེ། ཡང་དག་པར་མཆོད་ནས་རང་གི་ཐུགས་རྡོ་རྗེ་ལ་བཅུག་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ ་སརྦ་ཏ་ཐཱ་གཽ་ཏ་ཌཱཌཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧོ་ཞེས་སོ།། དེ་བཞིན་དུ་སྐུ་རྡོ་རྗེ་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་འདྲ་བའོ།། གསུང་རྡོ་རྗེ་ནི་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བར་རྣམ་པར་བསྒོམས་ལོ། སྐུ་རྡོ་རྗེ ་དང་གསུང་རྡོ་རྗེའི་སངས་རྒྱས་ཐམས་ཅིང་བཀུག་ལ་ཡང་དག་པར་མཚད་དེ། ནང་དུ་བཞུགས་པ་ལ་བྱས་ལ། དེའི་བྱིན་གྱིས་བརླབ་པ་ཡང་བྱ་སྟེ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཏཾ་ཨོཾ་སརྦྦ་ཏ་ཐཱ་ག་ཏ ་བྱུགྣ་ཛྙཱ་སཱ་བྷཱ་བ་ཨཱཏྨ་ཀོ་ཧི་ཞེས་སོ།། དེའི་རྗེས་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་བལྟ་བར་བྱ་སྟྭ~ཾ། མིག་ལ་སོའི་སྙིང་པོ་ཀླེ་གི་ས་བོན་ལས། རྣ་བ་ལ་ཛཾ་ལས་ཕྱག་ན་རྡོ་རྗེ་སྣ་ལ་ཁཾ་ལས་ན་མཁའི་སྙིང་པོ། ཞལ་དུ ་གཾ་ལས་འཇིག་རྟེན་དབང་ཕྱུག། མགོ་ལ་ཝཾ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། སྙིང་གའི་འོག་ཏུ་སཾ་ལས་ཀུནྡྷ་བཟང་པོ་སྟེ། སྐྱེ་མཆེད་འདི་རྣམས་ལ། དེ་རྣམས་ཀྱི་པདྨ་དང་ཟླ་བ་ལ་གནས་པ། ཟླ་བའི་སྟེང་དུ ་ཕྱག་མཚན་དང་ས་བོན་ཡོངས་སུ་གྱུར་པས་བྱིན་གྱིས་བརླབས་ལ། ཕྱིས་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་གྱིས་བཀུག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་མི་བསྐྱོད་པས་གཙོ་བོ་བྱས ་པོ་རྣམ་པར་བསམས་ལ། དེ་ལས་འཕྲོས་པའི་ལྷ་མོ་ལྔ་རྣམས་ཀྱིས་བདུད་རྩི་ལྔའི་ཁུ་བཱ་རྣམས་ཀྱིས་བཀང་བའི་བུམ་པའི་ཁ་ནས་འབབ་པས་བདག་ཉིད་ལ་དབང་བསྐུར་ནས། ཅོད་པན་ལ་མི་བསྐྱོད་པ་བལྟ་བར་བྱའོ།། ཡང་རྡོ་རྗེ ་སེམས་དཔའ་ཁུ་བའི་གཟུགས་ལས་བྱུང་བའི་གཤིན་རྗེ་གཤེད་བཞིན་དུ་རིག་མ་རང་གི་གི་ངོ་བོ་ཡང་མདུན་དུ་བལྟས་ལ་བསྐྱེད་ཅིང་རང་གི་ལུས་སུ་འདུས་པར་བྱས་ལ། ཨོཾ་ཧཱུཾ་སྭ་སྭཱ་ཧཱ་ཞེས་བྱ་བའི་ཡི་གེ་འདི་རྣམས་མགོ ་དང་། སྙིང་ག་དང་ལྟེ་བ་དང་། གསང་བ་དང་པུས་མོ་རྣམས་ལ་རྣམ་པར་བཀོད་ལ། དེས་རིགས་ལྔ་བསྡུས་པས་བརྒྱན་པར་བྱའོ།། ཨོཾ་ཧཱུ~ཾ་ཧཱུཾ་ཨ་འདིས་ནི་རྡོ་རྗེ་དང་པདྨ་རྣམ་པར་སྦྱངས་ལ་གཉི་གའོ་མཐ་རོ་ཡི་གེ་ཧོ་དམར་པོ་གཉི་ག ་བཀོད་ལ། ཨོཾ་ཨ་ནུ་རཱུ་ག་ཡ་མི་ཞེས་བརྗོད་དེ། བླ་ན་མེད་པའི་བདེ་བ་ལ་མངོན་པར་ཕྱོགས་ནས། དགའ་བ་བརྩམ་པར་བྱ་ཞིང་དེར་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པ་ནི་རྗེས ་ཀྱི་རྣལ་འབྱོར་རོ།། དེ་ལྟར་དོན་དམ་པའི་བདེན་པ་ལ་གནས་པའི་རྣལ་འབྱོར་པའི་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་ལྷ་མོ་བཞི་དང་བཅས་པའི་སངས་རྒྱས་ལྔ་རྣམས་རང་གི་ས་བོན་གྱི་ནང་དུ་བསམས་ལ། ་འདོད་ཆགས་ཆེན་པོའི་དབང་གིས་པདྨའི་ནང་གི་ནོར་བུ་ནས་རང་གི་ལྟེ་བའི་ཟླ་བ་ལ་མངོན་པར་བྱུང་བས་བསམས་ལ། དེའི་རྗེས་ལ་དེའི་འོད་ཟེར་ལས་བྱུང་བའི་ཧཱུཾ་གི་ས་བོན་ལས་ཡང་དག་པར་བྱུང་བའི་མི་བསྐྱོད་པ་གཤིན་རྗེ་གཤེད་ད ་འདྲ་བའི་ཡི་གེ་བཅུ་པའི་སྔགས་ཀྱིས་བསྐུལ་བར། ཨོཾ་བཛྲ་དྷྲྀཀ་ཅེས་བྱ་བ་འདིས་བཏོན་ནས། སེམས་ཅན་ཐ་མལ་པའི་ཞེ་སྡང་གི་རིགས་སུ་ལྟུང་བ་སྐྱོབ་ཅིང་མཆོད་པ་ཆུན་པོ་ཞེ་སྡང་ཆེན་པོའི་རང་གི་བདག་ཉིད་བསཽ་པཱ་བྱའོ།། དེ་བཞིན་དུ་ཨུ་ཛཾ ་ནཱ་ཛཾ་ཀ་ཅེས་ཀྵེའི་ས་བོན་ལེ་གཏི་མུག་གཤིན་རྗེ་གཤེད་བཏོན་ལ་ཐ་མལ་པའི་གཏི་མུག་གི་རིགས་སུ་ལྟུང་བའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་གཏི་མུག་ཆེན་པོའི་རིགས་སུ་རབ་ཏུ་བཀོད་ནས། ཡང་ཕྱི་འོངས་ནས་སྣ་ཚོགས ་རྡོ་རྗེའི་ཤར་གྱི་རྩེ་མོ་ལ་ཟླ་བའི་གདན་ལ་དགོད་བར་བྱ་སྟེ། དཀར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་ལུས་ཐམས་ཅད་དཀར་པོ།། གཡས་ནག་པོ་གཡོན་དམར་པོའོ།། ཕྱག་གཡས་པ་ན་འཁོར་ལོ་དང་རལི་གྲི ་དང་གྲི་གུག་འཛིན་པ་གཡོན་ན་རིན་པོ་ཆེ་དང་། པདྨོ་དང་ཐོད་པ་འཛིན་པའོ།། དེ་བཞིན་དུ་ཨོཾ་རཏྣ་དྷྲྀཀ་ཅེས་པའི་ས་བོན་ལས་ཕྲ་མ་གཤིན་རྗེ་གཤེད་བཏོན་ལ།། ཕྲ་མའི་རིགས་སུ་ལྟུང་བའི་སེམས་ཅན་རྣམས་མཆོད་པ་ཆེན་པོ ་ཕྲ་མ་ཆེན་པོའི་རིགས་སུ་བཀོད་ནས་ཡང་ཕྱིར་ལྡོག་སྟེ། ལྷོ་ཕྱོགས་སུ་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མ་ལ་དགོད་པར་བྱ་སྟེ། རྩ་བའི་ཞལ་དང་ལུས་ཐམས་ཅད་སེར་པོ། གཡས་དཀར་པོ་གཡོན་ནག་པོ། དེའི་ཕྱག་གཡས་པ་རྣམས ་ལ་རིན་པོ་ཆེ་དང་། རལ་གྲི་དང་། གྲི་གུག་འཛིན་པ། གཡོན་པས་འཁོར་ལོ་དང་པདྨ་དང་ཐོད་པའི་སྣོད་འཛིན་པའོ།། དེ་བཞིན་དུ་ཨོཾ་ཨཱ་རོ་ལིཀ་ཅེས་མེའི་ས་བོན་ལས་འདོད་ཆགས་། ཤིན་རྗེ་གཤེད་བཏོན་ལ་འདོད་ཆགས ་ཀྱི་རིགས་སུ་ལྟུང་བའི་སེམས་ཅན་ལ་བལྟས་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེན་པོའི་རིགས་སུ་གནས་པར་བྱས་ནས་ཡང་ཕྱིར་ལོག་སྟེ། ནུབ་ཕྱོགས་སུ་སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མ་ལ་དགོད་པར་བྱ་སྟེ། འདོད་ཆགས ་གཤིན་རྗེ་གཤེད་དབང་ཆེན་པོ་ཅན་པདྨ་རཱ་གའི་མདངས་དང་ལྡན་པ། ཞལ་གསུམ་ཕྱག་དྲུག་པ། དམར་པོ་རྒྱན་དམར་པོ་ཙནྡྲ། ཞལ་དང་པོ་དང་ལུས་ཐམས་ཅད་དམར་པོ། གཡས་དཀར་པོ་གཡོན་ནག་པོ།། གཡས ་ཀྱི་ཕྱག་ན་པདྨ་དམར་པོ་དང་། རལ་གྲི་དང་གྲི་གུག་གཡོན་ནཱ་འཁོར་ལོ་དང་རིན་པོ་ཆེ་དང་ཐོད་པའི་སྣོད་འཛིན་པའོ།། དེ་བཞིན་དུ་ཨོཾ་པྲཛྙཱ་དྷྲྀཀ་ཙེ་ས་དྷའི་ས་བོན་ལས་ཕྲག་དོག་གཤིན་རྗེ་གཤེད་བཏོན་ལ་ཕྲག་དོག་ལ་ཞེན ་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་ཕྲག་དོག་ཆེན་པོའི་རིགས་སུ་བཀོད་ནས་ཡང་ཕྱིར་འོངས་ཏེ། བྱང་གི་སྣ་ཚོགས་རྡོ་རྗེའི་རྩེ་མོ་འི་ཉི་མ་ལ་དགོད་པར་བྱ་སྟེ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་ལུས ་ཐམས་ཅད་ལྗང་གུ། མ་ར་ཀ་ཏཱ་དང་འདྲ་བའི་མདངས་ཅན། གཡས་དཀར་པོ་གཡོན་ནག་པོ། གཡས་ཀྱི་ཕྱག་ནཱ་རལ་གྲི་དང་། འཁོར་ལྷོ་དང་གྲི་གུག་འཛིན་པ། གཡོན་པས་ནོར་བུ་དང་པདྨ ་དུང་ཐོད་པ་འཛིན་པའོ།། དེ་བཞིན་དུ་ཨོཾ་མོ་ཧཱ་ར་ཏི་བཛྲ་ཙ་ར་ཙི་ཀཱཾ་ཞེས་པ། ཛའི་ས་བོན་ལས་བཏོན་ལ། དེ་བཞིན་དུ་རང་གི་རིགས་སུ་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ནས། ཡང་ཕྱིར་ལོག་སྟེ། མེའི་ཕྱོགསུ་སཱ ་ཚོགས་རྡོ་རྗེ་རྩེ་མོ་གཉིས་ཀྱིས་ཟླ་བ་ལ་དགོད་པར་བྱ་སྟེ། གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཅུང་ཟད་བུད་མེད་ཀྱི་ཆ་བྱད་ཀྱིས་འགྱིང་ཞིང་སྒེག་པའོ།། ཡང་དེ་བཞིན་དུ་སྱའི་སེ ་བྱོན་ལས་བྱུང་བའི་རྡོ་རྗེ་ཕག་མོ་ཞེ་སྡང་གཤིན་རྗེ་གོ་ཤིང་དང་འདྲ་བ། དྭེ་ཥཱ་ར་ཏི་ཞེས་བྱ་བས་ཕྱུང་ནས། དེ་བཞིན་དུ་རང་གི་རིགས་སུ་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ནས། བདེན་བྲལ་གྱི་ཕྱོགསུ་སྣ་ཚོགས ་རྡོ་རྗེའི་རྩེ་མོ་གཉིས་ཀྱི་ཟླ་བ་ལ་དགོད་དོ།། དེ་བཞིན་དུ་རླུང་གི་ཕྱོགས་སུ་དྷིའི་ས་བོན་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་མ་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེང་དང་འདྲ་བྱ། རཱ་ག་ར་ཏི་ཞེས་བྱ་བས་ཕྱུང་ནས་དེ་བཞིན་དུ་རང ་གི་རིགས་སུ་གཏོགས་པའི་དོན་བྱས་ཏེ། སྣ་ཚོགས་རྡོ་རྗེའི་རྩེ་མོ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་ལོ་དགོད་དོ།། ཡང་དེ་བཞིན་དུ་རུའི་ས་བོན་ལས་བྱུང་བའི་རྡོ་རྗེ་གཽ་རཱི་མ་ཕྲག་དོག་གི་ཤིན་རྗེ་གཤེད་དང་འདྲ་བ ་བཛྲ་ར་ཏི་ཞེས་བྱ་བ་བཏོན་ནུས་དེ་བཞིན་དུ་རང་གི་རིགས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་དེན་བྱས་ཏེ་སྣ་ཚོགས་རྡོ་རྗེའི་དབང་ལྡན་གྱི་རྩེ་མོ་གཉིས་ལ་ཟླ་བ་ལ་དགོད་དོ།། ཐམས་ཅད་ཀྱང་རང་རང་གི་རིགས་ཀྱི་ཁ་དོག ་དང་ཕྱག་མཚན་འཛིན་པའོ།། ཡང་དེ་བཞིན་དུ་འདིར་ཡའི་ས་བོན་ལས་བྱུང་བའི་ཐོ་བ་གཤིན་རྗེ་གཤེང་རྡོ་རྗེ་ཐོ་བ་འཛིན་ཅིང་། ལྷག་མ་གཤིན་རྗེ་གཤེད་དང་འདྲ་བ། ཕུང་པོའི་བདུད་དང་། མ་དད་པ་དང་། ཤེས་པའི ་སྒྲིབ་པའི་གཉེན་པོར་གྱུར་པ། ཨོཾ་མུང་ག་ར་དྷྲྀཀ་ཙས་བྱ་བས་བཏོན་ལ། ཤཱར་ཕྱོགས་ན་གནས་པའི་བགེགས་རྣམས་ཡང་དག་པར་བཏུལ་ཏེ། དེ་བཞིན་དུ་རང་གི་རིགས་སུ་གཏོགས་པ་རྣམས་ཀྱི་དོན་བྱས་ནས། སྣ ་ཚོགས་རྡོ་རྗེའི་ཤར་གྱི་རྩེ་མེའི་ཉི་མ་ལ་དགོད་དོ།། དེ་བཞིན་དུ་འབྱུང་བ་ནི་ཙྪའི་སོ་བོན་ལས་བྱུང་བའི་དཀར་པོ་དང་དམར་པོའི་ལྟེ་ཞལ་གསུམ་པ་རྡོ་རྗེ་དབྱིག་པ་དང་། རལ་གྲི་དང་གྲི་གུག་ཕྱག་གཡས་པས་འཛིན་པ། གཡོན ་པས་འཁོར་ལོ་དང་རིན་པོ་ཆེ་དང་པདྨའི་སྣོད་འཛིན་པ། ལེ་ལྀ་དང་ཉོན་མོངས་པའི་བདུད་དང་། མཐར་འཛིན་པའི་ལྟ་བ་དང་། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དབྱིག་པ་གཤིན་རྗེ་གཤེད་ཨོཾ་ད་ཎ་ཌ་དྷིཀ་ཅེས་བྱ་བས ་ཕྱུང་ལ། ལྷོ་ཕྱོགས་ན་གནས་པའི་བགེགིས་བཏུལ་ནས། དེ་ལས་སྤྲོས་པས་སེམས་ཅན་གྱི་དོན་བྱས་ནས། སྣ་ཚོགས་རྡོ་རྗེའི་རྩེ་མོ་ལ་དགོད་དོ།། ཡང་དེ་ལྟ་བུ་ནི་ཡིའི་ས་བོན་ལས་བྱུང་བའི་སྐུ་དམར་པོ། དམར་པོ་དང་། དཀར ་པོ་དང་ནག་པོ་སྟེ། ཞལ་གསུམ་པ། ཕྱག་གཡས་པ་རྣམས་ཀྱིས་པདྨ་དམར་པོ་དང་། རལ་གྲི་དང་གྲི་གུག་འཛིན་པ། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་། རིན་པོ་ཆེ་དང་པདྨའི་སྣོད་འཛིན་པ ་སྟེ། བརྗེད་པ་དང་འཆི་བདག་གི་བདུད་དང་ལྟ་བ་ལ་ལུག་པ་དང་། སྐྱོ་བའི་སྒྲིབ་པའི་གཉེར་པོ་པདྨ་གཤིན་རྗེ་གཤད་པདྨ་དྷྲྀཀ་ཅེས་བྱ་བས་གཤིན་རྗེ་གཤེད་ཕྱུང་ནས། ནུབ་ཕྱོགས་ན་གནས་པའི་བགེགས་རྣམས་བརྟུལ ་ཏེ། དེ་བཞིན་དུ་འགྲོ་བ་རྣམས་ཀྱི་ངན་བྱས་ནས་སྣ་ཚོགས་རྡོ་རྗེའི་རྩེ་མོའི་གདན་ལ་དགོད་དོ།། དེ་ནས་དེ་བཞིན་དུ་ང་ལས་བྱུང་བའི་རའི་ས་བོན་ལས་ཡང་དག་པར་བྱུང་བའི་སྐུ་མདོག་ལྗང་གུ། ལྗང་གུ་དང་། དཀར་པོ་དང་ནག ་པོ་སྟེ་ཞལ་གསུམ་པ། རལ་གྲི་དང་འཁོར་ལྷོ་དང་གྲི་གུག་གཡས་པ་རྣམས་ཀྱིས་འཛིན་པ། གཡོན་གྱིས་འཁོར་ལོ་དང་རིན་པོ་ཆེ་དང་། པདྨའི་སྣོད་འཛིན་པ། རྨུགས་པ་དང་ལྷའི་བུའི་བདུད་དང་། ལྟ་བ་མཆོག་ཏུ་འཛིན ་པ་དང་། ལས་ཀྱི་སྒྲིབ་པ་རྣམས་ཀྱི་གཉེར་པོར་གྱུར་པ། རལ་གྲི་གཤིན་རྗེ་གཤེད། ཨོཾ་ཁཪྴ་དྷྲིཀ་ཅེས་བྱ་བས་བཏོན་ལ། བྱང་ཕྱོགས་ན་གནས་པའི་བགེགས་རྣམས་བཏུལ་ནས་དེ་བཞིན་དུ་སེམས་ཅན་གྱི་དོན་བྱས ་ཏེ། སྣ་ཚོགས་རྡོ་རྗེའི་རྩེ་མོའི་ཉི་མ་ལ་དགོད་དོ།། ཡང་སྣམ་བུ་གཉིས་པའི་མཚམས་བཞིར་ཟླ་བ་ལ་ཕྱི་རོལ་དང་། གསང་བའི་མཆོད་པའི་དོན་དུ་དེ་ལས་བྱུང་བ།། ཎ་དང་ཡོ་དང་ནི་ར་བཞིའི་ས་བོན་ལས་ཡང་དག་པར་བྱུང་བ ་རྣམས་ཀྱིས་བདུད་རྩི་ལྔས་ཡོངས་སུ་བཀང་བའི་མིའི་ཐོད་པ་སྟེ། ཤིན་ཏུ་རྣལ་འབྱོར་རོ།། འདི་ལྟ་བུར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ། སྙིང་གའི་སྔགས་ལས་སྤྲོས་པའི་འོད་ཟེར་གྱིས་ལྕགས ་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ། མདུན་དུ་བཞུགས་སུ་གསོལ་ཏེ། གང་དེ་དང་ལྷན་ཅིག་འོངས་པའི་བགེགས་རྣམས་ནི། སྒོ་སྐྱོང་བ་རྣམས་ཀྱིས་བསྐྲད་དེ་དེ་རྣམས་ཉིད་ནི་སྔགས་བཟླས་པས་བསྲུང་བ་བྱས། ་ལ། ལམ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེ་ནི་ཛཿཧཱུ~ཾ་བཾ་ཧཾཿཞེས་བྱ་བ་འདིས་བརྗོད་ལ་སྒོ་སྐྱོང་བ་དགུག་པ་དང་གཞུག་པ་དང་བཅིང་བ་དང་། མཉེས་པ་ལ་སོགས་པ་བྱའོ།། དེ་ནས་རོ་མཉམ་པའི་མཆོད་པས་ཡང་དག་པར ་མཆོད་དེ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རབ་ཏུ་བསྒྲུབ་ལ། དེ་བཞིན་དུ་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པ་རོ་མཉམ་པར་གྱུར་པས། རང་གི་བདག་པོ་དང་དཀྱིལ་འཁོར་ཐམས་ཅད་ལ་ཡེ་ཤེས་སེམས ་དཔའ་དང་། རྡོ་རྗེ་གསུམ་རྣམས་བསལ་པོར་བལྟའོ།། དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཀྱི་ས་བོན་ལས་ཕྱོགས་བཅུ་ན་བཞུགས་པའི་མི་བསྐྱོད་བ། དཀྱིལ་འཁོར་དང་བཅས་པ་སྤྱན་དྲངས་པའི་ཐུགས ་ཀའི་སྔགས་ལས་བྱུང་བའི་ལྷའི་ཚོགས་ཀྱིས་ལོ་མའི་ཁ་རྒྱན་དང་བཅས་པའི་བུམ་པའི་ཁ་ནས་འབབ་པའི་བྱང་ཆུབ་སེམས་ཀྱི་ཁུ་བས་རང་གི་དཀྱིལ་འཁོར་པ་རྣམས་མངོན་པར་དབང་བསྐུར་བའི་དབུ་ལ་གཤིན་རྗེ ་གཤེང་བལྟ་བར་བྱའོ།། གཙོ་བོའི་དབུ་རྒྱུན་ནི་མི་བསྐྱོད་པའོ།། དེའི་རྗེས་ལ་སྙིང་གའི་སྔགས་ལས་ངེས་པར་བྱུང་བའི་གཟུགས་དང་སྒྲ་ལ་སོགས་པ་རྣམ་པ་སྣ་ཚོགས་ཤིང་ཐ་དད་པས། ནམ་མཁའ་ཁྱབ་པར་མཚོན་ལ ་སྙིང་གྲོའི་ས་བོན་གྱི་འོད་ཀྱིས་བཅུག་ལ་ནོར་བུའི་ནང་གི་ལུམ་དུ་ཁུ་བར་གྱུར་པ་དེ་བལྟས་ལྔ། དེ་ནས་འདི་ལྟར་དཔེ་མེད་པའི་འདོད་པའི་ཡོན་ཏན་གྱིས། ན་མཁའི་དཀྱིལ་ཁྱབ་པས་ཁྱད་པར་དུ་ལྷག་པ་དང་། རྡོ་རྗེ ་ཙོར་ཅི་ཀ་ལ་སོགས་པ་བཞི་ཡིས་གླུ་དང་བཅས་པས་མཆོད་པ་བྱེད་པ་སྟེ། ཡང་དེའི་གླུ་ནི། ཨ་ཀྱི་ཀྱེ་གཤིན་རྗེ་གཤེད་ནག་པོ།། སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད་།། བདག་གིས་མཐོང་ན་ཤིན་ཏུ་འཇིགས། ་ཁྲོས་པའི་རང་བཞིན་འདི་ཐོང་མཛོད།། མི་དད་ས་འོག་རྒྱ་མཚེར་བཅུས།། ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད།། ཨན་ཛི་ནི་ནག་པོ་བཅས་འདྲ་ཡིས།། ཁྲོ་བོས་རོ་ལངས་བཞིན་གར་མཛོད།། རྣམ་པ་སྣ་ཚོགས་གཟུགས་སྤྲུལ ་ཞིངབ། མདངས་ནག་ཚད་ནི་ཟུང་བ་ལ།། བདེ་ཆེན་ངོ་བོའི་གར་མཛོད་ཅེས།། རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས།། ཧྲཱིཿཉྫིཿའི་སྟགས་དང་གར་གྱིས་ཁྱོད།། སྲིད་པ་གསུམ་གྱི་འཁྲུལ་བ་ཚོང་།། སྙིང་རྗེ་ཁྲོས་ནས ་གར་བྱེད་པ།། འགྲོ་བས་མཐོང་ན་ངོ་མཚར་འགྱུར།། དེའི་རྗེས་ལ་དེའི་བྱིན་གྱིས་བརླབ་པ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲཱི་སྭ་བྷཱ་བ་ཨཱཏྨ་ཀོ་ཧོ་ཞེས་པའོ།། དེའི་རྗེས་ལ་བསྟོད་པ་བྱ་སྟེ།། གཤིན་རྗེ་གཤེད་པོ ་རབ་འཇིགས་པ།། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད།། སྟོན་པ་སངས་རྒྱས་ཀུན་རང་བཞིན།། རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད།། གཤིན་རྗེ་གཤེད་པོ་རབ་འཇིགས་པ།། ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད།། རྡོ་རྗེ་ཐུགས་དང་རབ་མཚུང ་པ།། རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད།། འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད།། འདོད་ཆགས་པདྨའི་འབྱུང་གནས་བརྙེས།། ཉེས་པ་ཀུན་མཆོག་གཙོ་བོའི་གཙོ།། རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད།། ཕྲག་དོག་ངོ་བོས ་རང་བཞིན་ཁྱོད།། གཤིན་རྗེ་གཤེད་པོ་ལས་ཀུན་པ།། རྡོ་རྗེའི་སྐུ་དང་རབ་ཏུ་མཚུངས།། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད་།། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པས།། ་སངས་རྒྱས་ཀུན་མཆོག་གཙོ་ཡི་གཙོ།། དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད།། དེ་ནས་གཡོ་བའི་ངན་གཉིས་མཐའ་གཉིས་ནས་ཕྱར་བ་ཡཾ་ལས་བྱུང་བ་གཞུའི་རྣམ་པ་ལྟ་བུའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ།། ་རཾ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་པའི་མེའི་དཀྱིལ་འཁོར་མངོན་པར་བལྟས་ནས།། དེའི་སྟེང་དུ་ཀཾ་ཡོངསུ་གྱུར་པ་ལས་མིའི་མགོ་བོ་གསུམ། དེའི་སྟེང་དུ་ཡི་གེ་ཨཾ་ཡོངས་སུ་གྱུར་པ་ལས་པདྨའི་སྣོད། དེའི་སྟེང་དུ་སླ ་བའི་རྫས་ལྔ་ཨོཾ་ཧཱུཾ་སྭ་ཨཱ་ཧཱ་ཞེས་བྱ་བས་བྱིན་གྱིས་བརླབས་པས་ཁུ་བ་ལྔ་དང་བཅས་པས་བསྒོམས་ལ། འབར་བས་བསྐོལ་བར་བྱའོ།། དེ་ནས་རོ་མཉམ་པར་གྱུར་པ་དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས ་པར་བལྟའོ།། དེ་ནས་དེའི་འོད་ཀྱིས་ཟླ་བ་ལ་ཞུ་བའི་གཟུགས་སུ་གྱུར་པ་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་ནས། དེ་ནས་དེའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ།། དེ་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་ཆེན་པོ་ལ་གཤིན་རྗེ་གཤེད་ཀྱི་དཀྱི་ཁྱོར་རྣམ་པར་བཀོད་དེ། ཨ་ཡོངས་སུ་གྱུར ་པ་ལས་པདྨ་དཀར་པོ།། དེའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུ~ཾ་ལས་བྱུང་བའི་རྡོ་རྗེ་སྤྲོས་པས། རྡོ་རྗེའི་རང་བཞིན་གྱི་ལྕེས་མྱང་བས། བདག་ཉིད་འཁོར་ལོ་དང་བཅས་པའི་དངོས་པོ་ཐམས་ཅད་ཚིམ་པར་བྱའོ།། འདི་ལྟར་བྱ ་བ་ནི་རྣལ་འབྱོར་ཆེན་པོའོ།། དེ་ནས་བདག་པོས་བསྐུལ་བས་དཀྱིལ་འཁོར་པ་རྣམས་ཀྱིས་ཕྱོགས་བཅུར་སྤྲོས་པས། སེམས་ཅན་གྱི་དོན་བྱེད་པར་བལྟས་ལ་ཡི་གེའི་མཐར་ལུས་ཉེ་བར་བསྡུས་ཏེ། ཡང་སྤྲོ་བ་དང་བསྡུ ་བ་རྣལ་འབྱོར་པས། ཨཱ་ལི་དང་ཀཱ་ལི་གཉིས་སུ་མེད་པར་རོ།། དེ་ནས་ཐམས་ཅད་ཀྱི་སྙིང་གཽར་ཟླ་བ་ལ་རང་རང་གི་སྐྱ་བོན་ཡི་གེ་བཀོད་ལ། དེ་ནས་སྤྲོ་ཞིང་སྔགས་བཟླས་ཏེ། ཨོཾ་ཡ་མ་རཱ་ཛེ་ས་དོ་མེ་ཡ། ཡ་མེ་དོ་རུ ་ཎ་ཡོ་ད་ཡཾ། ཡ་ད་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་འབུམ་བཟླས་ན། དངོས་གྲུབ་ཕྲ་མོ་རབ་ཏུ་འགྲུབ་པའོ།། འདི་ནི་ཕྲེང་བའི་སྔགས་སོ།། ཡང་ན་དཀྱིལ་འཁོར་གྱི་བདག ་པོའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་བཅུ་པའི་སྔགས་བཀོད་ལ་སྔགས་སྤྲོ་ཞིང་བཟླས་པ་བྱ་སྟེ། ཨོཾ་ཧྲཱིཿཧྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་དཔལ་ནག་པོའི་སྙིང་པོ་སྔགས་ཀྱི་གཙོ་བོ་ལས་ཐམས་ཅད་བྱེད་པའོ།། ་ཡང་ན་ཡི་གེ་དྲུག་པའི་སྔགས་ཏི། ཨོཾ་ཡ་མཱནྟ་ཀ་ཧཱུཾ་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་བྲལ་པའི་སྔགས་ཏེ། སྔགསེ་རེ་རེ་ཞིང་ཡང་མཐུ་ཆེ་སྟེ། མདོར་ན་ལས་ཐམས་ཅད་བྱེད་དོ་ཞེས་བྱ་བའོ།། དེ་ལ་མི་དང་བ་ལང་དང་། ་གླང་པོ་ཆེ་དང་བོང་བུ་དང་། རྔ་མོ་དང་། རྟ་དང་། ཁྱིའི་རུས་པ་ལ་བཟླས་པའི་ཕྲེང་བ་ཡང་དག་པར་བྱས་ལ་མཉམ་པར་བཞག་པས་བཟླས་པ་བྱའོ།། ངལ་བར་མ་ཡིན་དྲག་པར་མཱ་ཡིན། ཚི་གོ་མི་གསལ་བར་མ་ཡིན། ཡིད ་ཀྱིས་བཟླས་པ་མ་ཡིན། སེམས་གཞན་དུ་མ་ཡིན། རིང་པོ་མ་ཡིན་ཐུང་ངུ་མ་ཡིན། འདི་ལྟ་བུའི་མཚན་ཉིད་ཀྱིས་ཅི་སྲིད་མི་སྐྱོ་བ་དེ་སྲིད་དུ་བཟླས་པ་བྱའོ།། གལ་ཏེ་སྐྱོ་ན་དཀྱིལ་འཁོར་ཡང་དག་པར་མཆོད་དེ་ཡེ་ཤེས ་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་བ་ནི། ཡི་གེ་མུཿམཐར་བཞག་པའི་ཡི་གེ་གསུམ་གྱི་སྔགས་ཀྱིས་སོ།། དེ་ནས་དམ་ཚིག་གི་དཀྱིལ་འཁོར་ནི་བཞག་པར་བྱའོ།། ད་ནི་སྔགས་བཟླས་པའི་ཆེ་བའི་བདག་ཉིད་དང ་གཏོར་མ་ཉེ་བར་བསྟན་པར་བྱའོ།། ཟླ་བའོ་ཅིག་གི་བཅུ་བཞི་ལ། བདུད་རྩི་ལྔ་དང་ལྡན་པ་ཡི། ཤ་ལྔ་ཡིས་ནི་བྱུག་བྱས་ནས།། བཟླས་ན་གྲུ་བའི་མཆོག་འགྲུབ་བྱེད།། གསང་སྔགས་བཟླས་པ་ཁྲི་བྱས་ན།། འབྱུང་པོ་མཉེ ་དང་དེ་བཞིན་དུ། མཁའ་འགྲོ་མ་ནི་སྟོང་གསང་བ།། མཚམས་མེད་ལྔ་པོ་བྱས་པས་ཀྱང་།། འགྲུབ་པར་འདི་ལ་ཐེ་ཚོམ་མེད།། དགེ་བ་བཅུ་ལ་གོམས་པ་དང་།། དབང་པོ་ལས་རྒྱལ་བླ་མ་གུས ་ངརྒྱལ་ཁྲོ་ལས་རྣམ་གྲོལ་བ།། དེ་ཡིས་ངེས་པར་ཆེན་པོར་འགྱུར།། སློངས་མེ་བྱེད་ཅིང་བཟླས་མི་བྱེ།། ཀུན་ཏུ་རྒྱུ་ཞིང་མ་སྨིན་ཏོ།། ཡན་ལག་མ་ཉམས་གསང་སྔགས་བཟླ།། གཙོ་བོ་དངོས་དང་དངོས་མེད་བདོག། རྟག་ཏུ་ངམ ་ཚིག་ལ་སོགས་བསྟེན།། རྩུབ་སྦོམ་པོ་བསྲུང་བར་བྱ།། སེམས་ཅན་ཀུན་ལྕེ་རྣལ་འབྱོར་ནི།། རིག་པས་བྱམས་པའི་སེམས་མི་བཏང་།། སྙིང་རྗེ་མཆོག་གི་དབང་གྱུར་པས།། ཕྱོགས་བཅུར་གཏོར་མ་སྦྱིན་པར་བྱ།། ཉིན་རེ་འམ ་ཡང་ན་ཟླ་རེ་འམ།། ལྀ་ནཻ་རེ་རེ་དག་ཀྱང་རུང་།། གཏོར་མ་དྲུག་ཅུ་རྩ་བནི་སྦྱིན།། དབྱུག་གུ་དྲུག་ཅུ་རྩ་བཞིར་བརྟག། རྟག་ཏུ་བྱུགགས་རྣམས་ཞི་བྱུ་དང་།། བསོད་ནམས་འཕྲོལ་བར་བྱ་བའི་ཕྱིར།། འབྱུང་པོ་ཀུན་ལ་གཏོར་མ ་སྦྱིན། རྟག་ཏུ་རྫོ་ག་དྷཱ་བཞིན་དུ།། དཀྱིལ་འཁོར་གླུ་གསུམ་པ་པར་བྱ།། ཆུ་དང་དྲི་རྒྱུན་བསྲེས་པས་བྱུག། གཤིན་རྗེ་ནོར་བརྣངས་རྣལ་འབྱོར་གྱིས།། དེ་ལྕེ་ཕྱོགས་སྐྱོད་བླ་རྣམས་དགོག། ཡི་གེ་ཨོཾ་གྱིས་ཚངས་པ་ཧྣི ་མོས་དབང་པོ་ཥྚྲཱི། ཡིས་མི་ལླཱི། ཝཱ་ཡིས་ག་ཤི་ནི་རྗེ། ཀྲྀ་ཡེས་བདོན་བྲ་ལ། ཏཱ་ཡིས་ཆུ་ལྷ། ན་ཡིས་ཁྱབ་འཇུག། ཡང་ན་ཡིས་རླུང་། ཧཱུཾ་གས་གནོད་སྦྱི་རོ།། ཡང་ཧཱུ~ཾ་གིས་དབང་ལྡན། ཕཊ་གྱིས་ཟླ་བ། ཡང་བཛྲ་།། ་ཉི་མ། སྭཱ་ཡིས་ནོར་འཛིན། ཧཱ་ཡིས་ཐགས་བཟངས་རིས་སོ།། དེ་བཞིན་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྔ་བོན་ལས་འོད་འབྲོས་པས་ཁམས་གསུམ་ན་གནས་པ་རྣམས་བཀུག་ལ། ཨོཾ་ཨཱཿཕྱེ་ཕེཾ་ཕཊ་ཕཊ ་ཁམས་གསུམ་ཐམས་ཅད་གནས་པའི་ལྷ་ལ་སོགས་པ་རྣམས། ལྷ་རྫས་རྡོ་རྗེ་ཡོངས་སུ་དག་པའི་གཏོར་མ་འདི།། གྲིཧྞ་གྲིཧྞ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་འདི་བཀོད་པ་ལས་བསོད ་ནམས་གང་ཐོབ་སྟོན་ཀ་ཡི།། འོ་མའི་མཚོ་བསྲུབས་ལས་སྐྱེས་ཟླ་བའི་འོད་དང་འདྲ་བ་བདག་གིས་ཅུང་ཞིག་གང་།། དེ་ཡིས་བདག་ནི་གཤིན་རྗེའི་རྒྱལ་པོའི་དགྲ་ན་ཐོབ་ནས་ན་མཁ་གནས་ཀྱི་བར། སེམས་ཅན་འགྲོ་བྱ ་དྲུག་ཏུ་འཁོར་བ་མུཾ་ལུས་གཤིན་རྗེ་གཤེད་དུ་བྱེད་པར་ཤློག།། དཔལ་ལྡན་ནག་པོའི་སྒྲུབ་ཐབས་བྲིས་པ་འདི།། གཞུང་ལུགས་སྣ་ཚོགས་དགེ་དང་མངོན་འགལ་བས།། ཡང་དག་གཞན་གྱི་དོན་དུ ་འདིང་མ་བྱས།། མཐོང་བ་ཞིག་ཙམ་འབའ་ཞིག་བསྟན་པ་ཡིན།། སྦས་པ་གོ་བར་བྱ་ཕྱིར་བྱས་ལས་བསོད་ནམས་གང་ཞིག་བསྒྲུབས་པ་ནི།། ཟླ་བའི་འོད་འདྲ་དེ་ཡིས་འགྲོ་བ་མཐའ་དག་གཤིན་རྗེ་གཤེད་ནག་པོར ་ཤོག། དཔལ་གཤིན་རྗེ་གཤེད་ནག་པོའི་རྒྱུད་བཞི་བརྒྱ་ལྔ་བཅུ་པ་ལས། མཁོས་པ་རྣམས་ཀྱིས་གསོལ་བ་བཏབ་པས། དགེ་སློང་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏི་ཞེས་བྱ་བས་བསྡུས་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱུ་གར་སྐད་དུ། མཎྜ ་