CLOSE WINDOW

GT796: dpal gshin rje'i gshed dgra nag po'i sgrub thabs 'khor lo'i don rgyas par bshad pa dang bcas pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲི་ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། ས་ཙཀྲཱརྠ་བིསྟ་ར་བྱ་ཁྱཱ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ ་ལ་ཕྱག་འཚལ་ལོ།། མཁའ་ལྟར་སྤོས་མེད་ཆོས་སྐུ་རྣམ་དག་ངོངོས།། འགྲོ་མགོན་འཇམ་དབྱངས་ཁྲོ་རྒྱལ་ཕྱག་འཚལ་ཏེ། གོ་ཤིན་རྗེ་གཤེད་པོ་དཔལ་ལྡན་དུ་ཡི་ནི།། སྒྲུབ་པའི་ཐབས་བཟང་འཁོར་ལྷོར་བཅས་པར་བཤད། ་བྱང་ཆུབ་ཀྱི་སེམས་གཉིས་ཤིན་ཏུ་བརྟན་པའི་སྔགས་པས་ཐོ་རངས་ལངས་ཏེ། ལུས་ཀྱི་བྱ་བ་མ་ལུས་པར་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་དང་།། དཔལ་གཤིན་རྗེ་འཇོམས་པ་རྣམས་འོད་ཀྱིས ་བསྐུལ་པ་ལ། ཕྱག་འཚལ་བ་ལ་སོགས་པ་བདུན་དང་། ཚད་མེད་པ་བཞི་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ལ་སྟོང་པ་ཉིད་དུ་བས་མོ།། དེ་ནས་ཡུད་ཙམ་གྱིས་མ་ཧའི་སྟེང་དུ་པདྨ་དང་ཉི་མ་བལྟས་ཏེ། དེ་ཡི་དབུས་ཧཱུ~ཾ་ང་ལཾ ་གྱི་ས་བོན་གྱུར་པ་ལས་རྡོ་རྗེའོ།། དེ་གྱུར་པ་ལས་གཤིན་རྗེ་འཇོམས་པར་བདག་ཉིད་བསམ་པ་ནི། ཞལ་གསུམ་པ་ཕྱག་དྲུག་པ་མི་བཟང་བའི་ཁྲོ་བོ་སྐུ་མདོག་མཐོང་གཞལ་གཡས་གཡོན་དཀར་བ་དང་དམར་བ ་ཕྱག་གཡས་གཡོན་ན་རྡོ་རྗེ་དང་། རལ་གྲི་དང་གྲི་གུག་དང་འཁོར་ལོ་དང་། པདྨ་དང་ཐོད་པ་འཛིན་པ། གཡོན་བརྐྱང་བའི་གནས་པའོ།། དེ་ནོས་དེའི་ཕུང་པོ་ལྔ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལྷའོ།། ཁམས་བཞི་ནི ་ཙར་ཙི་ཀ་ལ་སོགས་པ་བཞིའོ།། ལག་པ་གཡས་པའི་དཔུང་པ་དང་གཡོན་པའི་དཔུང་པ་དང་ཁའི་པདྨ་དང་། གསང་བའི་གནས་རྣམས་ནི་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་བཞིའོ།། ཞེས་མོས་པར་བྱའོ།། དེ་ནས་ཡེ་ཤེས ་སེམས་དཔའ་བསྟིམ་ལ།། ཡན་ལག་དྲུག་བསམས་ཏེ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་དབང་བསྐུར་ཏེ། སྤྱི་བོ་ལ་རྡོ་རྗེ་སེམས་དཔས་བརྒྱན་པར་བྱའོ།། དེ་ནས་སྙིང་གའི་ཡཾ་ལས་སྤྲོ་བ་དང་བསྡུ་བ་སྐྱོ་བར་མ་གྱུར ་གྱི་བར་དུ་བྱའོ།། སྐྱོ་བ་ན་ཨོཾ་ཡ་མ་རཱ་ཛི་ས་དོ་མེ་ཡ། ཡ་མུ་དོ་རུ་ཎེ་ཡོ་ད་ཡ། ཡ་དྲ་ཡཽ་ནཱ། ར་ཡཀྵེ་ཡ་ཡཱཀྵེ་ཡཙྪ་ནི་རཱ་མ་ཡ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ནྱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱུ~ཾ། ཞེས་བཟླས་སོ། ཡང་ན་རིམ་པས་བཟླས་སོ།། གལ་ཏེ་འཁོར ་ལོ་བསྒྲུབ་པར་མི་འདོད་ན་ལས་ཀྱི་སྔགས་འབའ་ཞག་བཟླས་སོ།། གལ་ཏེ་ལས་ལ་མི་དམིགས་ན་སྙིང་པོའི་སྔགས་འབའ་ཞིག་ཀྱང་བཟླས་ཏེ། ཨོཾ་ཡ་མཱནྟི་ཀ་ཧཱུཾ། སྙིང་པོའོ།། བཟླས་པའི་ཚད་ནི་རེ་རེ་ལ་ཡང་བྱེ་བ་ཕྲག་གསུམ་དང་། ་རྡོརྗེའི་སྦྱོར་བས་བཟའ་བར་བྱའོ།། གྲུ་ཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འདྲ།། བྱས་པས་དག་བླ་གང་ཐོབ་པ།། འཇིག་རྟེན་ཁྱམས་ནི་མ་ལུས་པ།། ནག་པོའི་ལས་འདི་འདའ་བར་ཤོག། གཤིན་རྗེའི་དགྲ་ནག་པོ་སྒྲུབ་པའི་ཐབས་སློབ ་དཔོན་གྷོ་ཥ་བཛྲས་མཛད་པ་རྫོགས་སོ།། ། བལ་པོའི་མཁན་པོ་སུམ་ཏི་ཙནྡའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙ་བ་བནྡེ་ཚོགས་ཆག་ཆུང་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་རྒྱ་གར་སྐད་དུ། ཤྲི་ཀྲྀཉྫ་ཡ་མཱ་རི་སཱ་དྷ་ན། ས་ཙཀྲཱརྠ་བིསྟཱ་ར་བྱཱ་ཁྱཱ། བོད་སྐད་དུ། དཔལ་གཤིན་རྗེའི་གཤེད་དག་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ ་ལ་ཕྱག་འཚལ་ལོ།། མཁའ་ལྟར་སྤྲོས་མེད་ཆོས་སྐུ་རྣམ་དག་དངོས།། འགྲོ་མགོན་འཇམ་དབྱངས་ཁྲོ་རྒྱལ་ཕྱག་འཚལ་ཏེ། གཤིན་རྗེ་གཤེད་པོ་དཔལ་ལྡན་དེ་ཡི་ནི།། སྒྲུབ་པའི་ཐབས་བཟང་འཁོར་ལྷོར་བཅས་པར་བཤད།། ་བྱང་ཆུབ་ཀྱི་སེམས་གཉིས་ཤིན་ཏུ་བརྟན་པའི་སྔགས་པས་ཐོ་རངས་ལངས་ཏེ། ལུས་ཀྱི་བྱ་བ་མ་ལུས་པར་བྱོས་ལ། སྟན་བདེ་བ་ལ་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་དང་།། དཔལ་གཤིན་རྗེ་འཇོམས་པ་རྣམས་འོད་ཀྱིས ་བསྐུལ་པ་ལ། ཕྱག་འཚལ་བ་ལ་སོགས་པ་བདུན་དང་། ཚད་མེད་པ་བཞི་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ལ་སྟོང་པ་ཉིད་དུ་བས་མོ།། དེ་ནས་ཡུད་ཙམ་གྱིས་མ་ཧའི་སྟེང་དུ་པདྨ་དང་ཉི་མ་བལྟས་ཏེ། དེ་ཡི་དབུས་ཧཱུ~ཾ་ང་ལཾ ་ནི་གནས་བརྟན་ལ་དབབ་པའོ།། ། དེར་ཡང་བདག་ཅིག་པུས་བརྩམ་པ་དང་། ཡང་ན་གྲོགས་པོ་གསང་ཐུབ་པ། དམ་ཚིག་བསྲུང་བ། འཇིགས་ཤིང་བག་ཚུ་བ་མེད་པ། ལག་བཟོ་བ། ་སྒྲུབ་པ་པོ་ལ་སྙིང་ཉེ་བ། སྟོབས་ཆེ་བ། བློ་དང་ལྡན་པ་བཞི་མན་ཆད་དང་བརྩམས་ཏེ། འདི་ནི་ཟླ་གྲོགས་གཏན་ལ་དབབ་པའོ།། ། གནས་དེར་ཤ་ཆེན་པོ་དང་ཚིལ་ཆེན་པོ་ལ་སོགས་པ། གཏོར་མ་དང་ལྷ་བཤོས་སུ་བྱ་བ་དང ་མིམེ་ཏོག་ནག་པོའམ་སྔོན་པོ་དང་། བདུད་རྩི་ལྔ་དང་། ཁྲག་ཆེན་པོ་དང་། རྔ་དང་གླིང་བུ་དང་། དུང་ལ་སོགས་པའི་མཆོད་པའི་ཡོ་བྱད་དང་། གཤིན་རྗེའི་གཟུགས་ཀྱི་རྒྱུད་དང་། ལིང་གའི་རྒྱུ་དང་། སྣག་ཚ་དང་སྦུ་གུ་དང་། དུར་ཁྲོད ་ཀྱི་རས་དང་། ཐོད་པ་དང་སྐུད་པ་ནག་པོ་ལ་སོགས་པ་ཡོ་བྱད་ཐམས་ཅད་དང་ལྡན་པར་བྱས་ཏེ། འདི་ནི་རྫས་བཏན་ལ་དབབ་པའོ།། ། དེ་ནས་འཁོ་རྱ་ལོ་བྲི་བར་བྱ་སྟེ། གཏོར་མ་བྱིན་ལ་མཆོད་པ་འཇིགས་སུ ་འི་ཚོགས་ཀྱང་དབུལ་ཏེ། མཎྜལ་རབ་ཏུ་འཐས་པ་ལྕི་བས་བྱུགས་པ་བྱས་ལ། སྔགས་པ་ཁ་ལྷོར་བལྟས་ཏེ། བདག་ཁྲོ་བོར་གསལ་བས་རྩ་བའི་སྔགས་ཟློས་ཤང་ཐོང་ལ་ཀོར་གྱིས་འཁོར་ལོ་བྲི་བར་བྱ་སྟེ། གནས ་སྐབས་འདིར་ཡང་འཁོར་ལོ་བྲི་བ་དང་། ལིང་ག་བཅའ་བ་དང་། གའུར་གཞུག་པ་དང་། གེའུ་བསྲོ་བ་དང་། གཤིན་རྗེ་ལ་གཏད་པ་དང་། ནང་གི་རྣལ་འབྱོར་དང་། འཁོར་ལོ་བཅའ་བ་དང་། རྗེས་ཀྱི་རྣལ་འབྱོར་དང་། སླར ་དབྱུང་བའི་ཆོ་ག་བྱ་སྟེ། རྣམ་པ་དགུས་བསྒྲུབ་པར་བྱའོ།། དེ་ལ་འཁོར་ལོ་བྲི་བ་ནི། རི་མོ་ལྔ་བསྐོར་བ་ལྔ་སྣམ་བུ་བཞི་དང་། ལྟེ་བ་སྟེ་ལྔར་བྱའོ།། ལྟེ་བ་ལེའུ་ཚེ་དགུ་པའོ།། སྣམ་བུ་དང་པོ་ལེའུ་ཚེ་བཅུ་གཉིས་པ། གཉིས་པ་བཅུ་དྲུག ་པ། གསུམ་པ་དང་བཞི་པ་ཕྱལ་བ་འམ། སུམ་ཅུ་རྩ་གཉིས་པའོ།། དེ་ལ་ལྔ་དང་བཅུ་གཉིས་ལ་རྩ་བྲིའི་སྔགས་དགོད། བཞི་མཚམས་ལ་སྐུལ་ཚིག། བཅུ་དྲུག་ལ་ཡང་སྐུལ་ཚིག། ཕྱལ་བ་ནང་ངོས་ལ་ཨཱ་ལཱི། ཕྱི་དྲོས་ལ ་ཀཱ་ལི། ཡང་རེའུ་མིག་དང་འདྲ་བར་ཡིག་སུམ་ཅུ་རྩ་གཉིས་གཉིས་ཏེ། ཨཱི་ལི་ཉིས་འགྱུར་དང་ཀ་ལི་ལ་ངེ་ཉ་སྤང་བར་བྱ་བ་སོ།། ཡི་གེ་ངག་རི་མོ་ལཱ་མ་རེག་པོར་བྱའོ།། འདི་གཤིན་རྗེའི་ལྟོ་བར་བྲིའོ།། དེ་ནས་ཕྱིའི་འཁོར་ལོ ་ལ་དཔེ་བྱས་ཏེ། ནང་གི་འཁོར་ལོ་རོ་རསཱ་ལ་དཀར་རྩིས་བྱུགསུ་ལ། དུག་དང་ཁྲག་བསྲེས་པའི་སྣག་ཆ་བྱ་རྙོག་གི་སྒྲོ་སྨུག་གིས་བླངས་ཤིང་རྩ་བའི་སྔགས་ཟློས་པས་ཁ་ལྷོར་བལྟས་པས་བྲིས་ཏེ། གཅིག་གཡས ་བསྐོར་རོ།། གཅིག་གཡོན་དུ་བསྐོར་རོ།། ཟིན་པ་དང་ཕྱིའི་འཁོར་ལོ་ནང་གི་འཁོར་ལོ་ལ་ཐིམ་པར་བསམས་ལ་དོབྱིའོ།། འདི་ནི་འཁོར་ལོ་བྲི་བའོ།། དེ་ནས་རྗེས་ཀྱི་ས་དང་། ཆུ་འགྲམ་གྱི་ས་དང་། དུག་དང་ཁྲག་དང་དགྲལ ་བཤང་ཅི་བྱས་པའི་ས་དང་། སྤྲ་ཚིལ་རྣམས་བསྲེས་ལ་ལིང་ག་སོར་བཞི་པར་བྱ། དེའི་སྙིང་གར་ལས་ཀྱི་སྔགས་ཀྱི་མཇུག་ལ་མིང་རུས་མཱ་ར་ཡ་དང་བཅས་པར་གཞུག་གོ།། འདི་ནི་ལིང་ག་བཅའ་བའོ།། དེ་ནས་རབས་ཆད་ཀྱི ་ཐོད་པ་འམ། ཆུ་འགྲམ་གྱི་ས་དང་། དུག་དང་ཁྲག་དང་། དགྲའི་བཤང་གཅི་བྱས་པའི་ས་དང་། སྤྲ་ཚལ་རྣམས་བསྲས་ལ་ལིང་གསོར་བཞི་པར་བྱ། ག་པུར་གཉིས་ལ་གོང་མ་ལ་མེ་འབར་བ་བྲི། དབུས་སུ་ཕཊ་ཆེ ་གེ་མོ་མཱ་ར་ཡ་ཕཊ་ཅེས་པ་བྲིའོ།། འོག་མུ་ལ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྔགས་སྔ་མ་ལྟར་བྲི། གའུ་སྟེང་མའི་རྒྱབ་ཏུ་རི་རབ་ལ་དབང་ཆེན་གྱི་དབུས་སུ་རྡོ་རྗེ་རྒྱོ་གྲམ་སེར་པོ་བྲི། དེ་ནས་གའུ་གོང་མ་ལ་བུ་ག་སྨུག་མ་འབྲིང་པོ ་ཤོང་པ་ཅིག་གདོང་ངོ་།། དེ་ནས་འཁོར་ལོ་གཡོན་དུ་བསྐོར་བ་འོག། གཡས་སུ་བསྐོར་བ་སྟེང་། དེའི་དབུས་སུ་ལིང་ག་བཅུག་ལ་ལེགས་པར་དྲིལ་ནས་སྐུད་པ་ནག་པོས་བཅིངས་ཏེ་གའུ་ཁ་སྦྱར་དུ་བཅུག་ལ་གའུ་སྐུད་པ་ནག་པོས ་དཀྲིས་ཏེ། གའུའི་བུ་གནས་དུག་སྣ་ཚོགས་པའི་ཕྱེ་མ་དང་། ཁྲག་བསྲེས་པ་བླུགས་པས་གང་བར་བྱའོ།། འདི་ནི་གའུར་གཞུག་པར་བྱའོ།། དེ་ནས་རྡོ་བ་ཟུར་རྔོམ་པ་ཟུར་གསུམ་དུ་འདུག་པའི་སྐྱེད་བུ་གསུམ་གྱི་ཁར་གའུ་བཞག་ལ ་དུག་གི་མེ་ཏོག་འོག་ནས་སྤོར་ལ་དྲོས་པ་ཙམ་དུ་སྲོས་ཤིག། འདི་ནི་གའུ་བསྲོ་བའོ།། དེ་ནས་ཆུ་འགྲམ་གྱི་ས་འམ་སྒྲ་ཚལ་ལས་གཤིན་རྗེའི་རྒྱལ་པོ་གཟུགས་ཁྲུ་གང་བ། རབ་ཏུ་སྦོམ་པུ་མའུ་ཐུང་འདྲ་བ་གསུས་པ་ཆེ་བ།། ་མཚ་བ་འཚང་བ་མདོག་གནག་པ། མཆེ་བ་བཞི་པ། ཁྲོ་གཉེར་ཅན། སྐྲ་ཁམ་པ་འཛིངས་ཤིང་ཡེགས་ལ་འཕྱར་བ། ལག་པ་གཡས་ན་དབྱུག་པ་ལྕགས་ལས་བྱས་པ་ཐོགས་པ། གཡོན་ན་བསྡིགས་པའི་མཛུབ་མོ་བསྒྲེང ་བཱ་ལ་ཞགས་པ་བཀལ་བ་ཞིག་བྱས་ལ། དེའི་ལྟོ་བར་གླའུ་དེ་བཅུག་ལ་སྦ་སྟེ། འདི་ནི་གཤིན་རྗེ་ལ་གཏང་བའོ།། ད་ནི་ནང་གི་རྣལ་འབྱོར་བྱ་སྟེ། གཟུགས་དེ་ཁ་ལྷོར་བསྟན་རྣལ་འབྱོར་པ་ཁ་ལྷོར་བལྟས་ཏེ། རུས་སྦྲུལ ་གྱི་འདུག་སྟངས་སུ་གནས་པོས། ལིང་གི་དྲི་དེ་ཉིད་དུ་བསམ། འཁོར་ལོ་གཱ་ཤིན་རྗེའི་གྲོང་ཁྱེར་དུའོ།། དེ་ལ་རྣམ་ཤེས་བཀུག་ཅིང་བསྟིམས་ལ། བཅིངས་ཏེ་ཡེ་ཤེས་ཀྱི་ལྷ་དང་དཔྲལ་བཱ་དང་། ཁེའི་ཉེས ་པ་བརྩི་བ་དང་། རང་གི་དགེ་བའི་ལྗོངས་བརྩི་བ་བྱས་ལ། དེ་ནས་རང་གི་བ་སྤུའི་བུ་ག་ནས། ཁྲོ་བོ་སྲིན་པོ་འདྲ་བ་གྲངས་མེད་པ་བྱུང་བ་དང་། དེ་དག་གིས་སྤྲུལ་ཅིང་བསྐུལ་བའི་བྱ་རྒོད་དང་ཁྱི་དང་སྤྱང་ཀི་དང་། ་ཡ་མ་པུ་རུ་ཥ་རྣམས་ཀྱིས་དེ་གསོད་ཅིང་པགས་པ་བ་ཤུ་བ་དང་། རྒྱ་མ་འདྲེན་པ་དང་། ལུས་འཐུབ་པ་དང་། མིགྣ་འབྲུ་བ་དང་། གླུ་པ་འཐོགས་པ་ལ་སོགས་པ་ཏིན་ཏྲ་ནཱས་འབྱུང་བ་ལྷོར་བསམ་ཞིང་། གསང་སྡུག ་མཱ་ར་ཡ་དུང་བཅས་པར་བཟླས་པ་བྱ་སྟེ། དེ་ཡང་རང་གི་སེམས་ཚོད་དང་རྟགས་དང་། བསྙེན་པའི་ཚུལ་ལས་ཉི་མ་གཅིག་ནས་བདུན་གྱི་བར་དུ་བསྒྲིམས་ཏེ་བྱ། ཁྱད་པར་དུ་ནི་ཉིན་གླང་མཚན་གུང་ལ་བྱ་སྟེ། འདི་ནི་ནང ་གི་རྣལ་འབྱོར་རོ།། དེ་ནས་འཁོར་ལོ་སྒྲ་སྟེ། གནས་དེར་རང་ཉིད་ཁ་ལྷོར་བལྟས་ལ། དོང་ཟུར་གསུམ་པ་ཟབ་རིངས་རབ་ལ་རྒྱུར་ཁྲུ་གང་པ་ཅིག་བྲུས་ལ། དེར་གཤིན་རྗེའི་གཟུགས་དེ་ཁ་སྦུབ་ལ་མགོ་ལྷོར ་བསྟན་ཏེ་བཞག་གོ།། དེ་ནས་འབྱུང་པོ་ཐམས་ཅད་ལ་དེ་ཉིད་དུ་དྲག་པོའི་བ་ལིཾ་བྱིན་ལ་ལས་བཅོལ་དབང་གཟུགས་སོ།། དེ་ནས་དེ་མ་ཐག་ཏུ་བསྒྲུབ་བྱ་ཡ་མའི་གྲོང་ཁྱེར་ན་ཡུ་མ་རྣམས་ཀྱིས་བཟུང་སྟེ་གསོད ་པར་བསམས་ལ། ཡ་མ་རཱ་ཛ་ལ་བསྐུལ་བ་བྱ་སྟེ། བདག་ཤིན་ཏུ་ཁྲོས་ཤིང་ལྷར་གསལ་བས་འདི་སྐད་སྐུལ་ལོ།། འདི་ནས་ལྷོ་ཡི་ཕྱོགས་རོལ་ན།། དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན།། ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། ་ཡི་དགས་ཀུན་གྱི་སྡེ་དཔོན་པོ།། མ་མོ་ཀུན་གྱི་ཚོགས་རྗེ་བོ།། གསོན་གཤིན་ཀུན་གྱི་ཟམ་ཁ་བ།། གསོན་པོ་བསྐོལ་ལ་འདེབས་པ་པོ།། ཤི་བུ་རྣམས་ཀྱི་གཤིན་བུ་རྗེ། དགེ་བུ་ཅན་གྱི་སྟངས་འཛིན་པ།། སྡིག་པ་ཅན་གྱི ་ཆད་པ་མཁན།། ཉེས་ལེགས་ཆོས་བཞིན་གཅོད་པ་པོ།། ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ།། མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན།། འཁོར་བཅས་དང་འདིར་བདག་ལ་དགོངས།། བདག་ནི་རྣལ་འབྱོར་སྒྲུབ་པ་པོ།། ་འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས།། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ།། རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར།། བསམ་པ་བྱང་ཆུབ་སེམས་ཀྱིས་བརླན།། རྒྱར་ནི་ཡེ་ཤེས་རྡོ་རྗེ་འཆང་།། གྲི་ཟོ་བྱིན་སྐུ་གསུང ་ཐུགས་ཀྱིས་བསྐྱེད།། དོན་ནི་འགྲོ་བ་ཡོངས་ཀྱི་དོན།། ལས་ནི་སངས་རྒྱས་ཀུན་གྱི་ལས།། བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ།། རྒྱལ་པོ་འཁོར་དང་བཅས་པ་ལ།། དྲག་པོའི་ལས་འདི་གཏད་པར་འདོད།། ཆོ་གོ་ཞེས་བྱའི ་གདུག་པ་འདི།། གསོན་ན་འགྲོ་བ་ཡོངས་ལྔ་གནོད།། དཀོན་མཆོག་གསུམ་ལ་རྣམ་པར་འཚེ།། དམིགས་ཀྱིས་རྣལ་འབྱོར་ཡོངས་ལ་སྣང་།། འདི་དག་མྱུར་དུ་བསྒྲལ་བའི་ཕྱིར།། རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ན།། དམ་ཚིག་དབང ་གིས་གཤེགས་སུ་གསོལ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨུ་ཀཪྵ་ཡ་ཛཿཞེས་བརྗོད་པས་རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱི་འདྲ་བ་བྱུང་བས། ཡ་མ་རཱ་ཛ་འཁོར་དང་བཅས་པ་གནས་དེར ་འོངས་པར་བསམ། དེའི་ཚེ་ཕྱག་རྒྱ་སྦྱར་བ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། མཐེ་བོང་ནང་དུ་བཅུག་ནས་མཛུབ་མོ་ཆུང་ཟད་བཀྱེད་དེ། གདེངས་ཐབས་སུ་འཕངས་བསྟོད་པ་ནི་བེ་ཅོན་གྱི་ཕྱག་རྒྱ་སྟེ་དེ་སྦྱར་རོ།། ཡ་མ་རཱ་ཛ་ནི་ཛི ་ལྟར་གཟུགས་སུ་བྱས་པ་དེ་འདྲ་བ་ལཾ་མ་ཧེ་ཞོན་པ་དེ་དུས་མཚན་དང་བཅས་པ། འཁོར་མ་མོ་དང་ཡ་མོའི་སྐྱེས་བུ་མང་པོས་བསྐོར་བའོ།། དེ་ནས་ཕྱག་རྒྱ་བསྟན་ལ། ཨོཾ་ཧྲཱིཿཉྫཿཝི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཕཊ་ཡ་མ་རཱ་ཛ་ས་པ་རཱི་བཱ་ར་ས་མུ ་ཡི་སྟྭཾ་ཞེས་བརྗོད་པས། དེ་དག་གིས་བདག་ལ་གླགས་ཚོལ་མི་ནུས་པར་བསམས་ཏེ། ཕྱག་རྒྱ་རྡོ་རྗེ་བསྡོམས་པ་ལས་སྲིན་ལག་གཉིས་བརྐྱང་ནས་གོ་ཤིབས་ཏེ་བསྒྲེང་བའི།། དེ་ནས་དོང་གི་ཡི་མའི་གཟུགས་ལ་མེ་ཏོག་ནག་པོ ་གཏོར་ལ། ཡ་མ་རཱ་ཛ་འཁོར་བཅས་པ། དམ་ཚིག་དབང་གིས་འདིར་བརྟན་བཞུགས། མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་།། འཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ།། ལས་གྲུབ་པར་དུ་བཞུགས་སུ་གསོལ།། ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། ་ཞེས་བརྗོད་དོ།། དེ་ནས་ལག་པ་གཡས་པས་བེ་ཅོན་གྱི་མུ་དྲ་བཅིང་། གཡོན་པས་རཀྟ་དང་ཆང་བསྲེས་པས་བཀང་བའི་བནྡྷ་ཐོགས་ལོ་ཨརྡྷེ་དབུལ་ཏེ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ། ཨརྒྷཾ་གསོལ་བས་དམར ་གྱི་ཨརྠཱ་ཞག་གི་མེ་ཏོག་རྒྱ་མཚོ་ལྟར་མི་ཟད་པ་འབྱུང་བར་གྱུར་ཅིག། ཨོཾ་ཛྙཱཿཥྚྲྀཿཝིཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཡ་མ~ཾ་རཱ་ཛ་ས་པ་རི་བཱ་ར་ཨཙྪ་པྱ་ཏིཙྪ་ཧོ་ཞེས་པས་སོ།། ཕྱག་རྒྱ་དེ་ཉིད་ལེ་གནས་པས། གཡོན་གྱི་མེ་ཏོག་བླངས་ཏེ། ཡ་མ་རཱ་ཛ ་འཁོར་དང་བཅས་པ་ལ་མེ་ཏོག་ཕུལ་བས་མེ་ཏོག་གི་ཁང་པ་བརྩེགས་པ་ཏོག་དང་། ཁྭ་བང་དུ་ལྡན་པ་ཀ་བ་བརྒྱད་ཟུག་པ། མེ་ཏོག་གི་བླ་ར་དང་གདུགས་དང་། ཕྲེང་བས་བརྒྱན་པ། རིན་པོ་ཆེའི་རང་བཞིན་ཅན་འབྱུང་བར་གྱུར ་ཅིག། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ནཱ་ནཱ་ཧཱུཾ་ཕཊ་བཛྲ་པུཥྤ་པུ་ཛ་ས་མཱ་ཡེ་ཧཱུཾ་ཞེས་པས་སོ།། ཕྱག་རྒྱ་དེ་ཉིད་ལ་གནས་པས། གཡོན་གྱིས་བདུག་པ་བླངས་ལ། ཡ་མཱ་རཱ་ཛ་འཁོར་དང་བཅས་པ་ལ་བདུག་པ་སྣ་ཚོགས་ཕུལ་བས་གཞལ་ཡས ་ཁང་གི་མགུལ་དུ་བདུག་པའི་སྤྲིན་བཻཌཱུཪྻའི་མདོག་ལྟ་བུ་རིན་ཆེན་བརྩེགས་པ་འདྲི་བ་འབྱུང་བར་གྱུར་ཅིག།། ཨོཾ་དྷཱིཥྚྲཱིཿཀྲྀ་ཏཱ་ནན་ཧཱུཾ་ཕཊ་ཛྲ་དྷཱུ་བ་བུ་ཛ་ས་མ་གྷེཛྙཱནྡེ་བསྔོ། དེ་བཞིན་དུ་གཡོན་པས་མར་མེ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་མར ་མེ་ཕུལ་བས། གཞལ་ཡས་ཁང་གི་ཕྱོགས་མཚམོས་སུ་མུན་པ་འཇོམས་པ་ནོར་བུའི་འོད་ལ་སོགས་པའི་སྣང་བ་འབྱུང་བར་གྱུར་ཅིག། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་དཱི་པ་པཱུ་ཛ་ས་མ་ཡེ་ཧཱུ་ཞེས་པས་སོ།། དེ་བཞིན་དུ་གཡོན ་པས་བྱུག་པ་བླངས་ལ། ཡཱ་མ་རཱ་ཛ་འཁོར་དང་བཅས་པ་ལ་བྱུག་པ་ཕུལ་བས་ལུས་དང་གནས་ཀྱི་དྲི་མ་ཐམས་ཅད་དག་སྟེ། རེག་ན་བདེ་བའི་རེག་བྱ་དང་དྲི་བསྣམ་བཟོད་པ་དང་ལྡན་པས་ཚིམ་པར་གྱུར་ཅིག། ཨོཾ་ཧྲཱིཿཀྵཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ ་བཛྲ་གནྡྷ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ།། དེ་བཞིན་དུ་གཡོན་པས་བཤོས་བཏེག་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བཤོས་ཕུལ་བས་ཁ་ཟས་དཱི་དང་རོ་དང་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པ་ངཔེ་བདུད་རྩི་ངཀ་རེ་པོ་དང་། ་སེར་པོ་དང་དམར་པོ་དང་སྔོན་པོ་དང་བཅས་པ། ཁམ་གྱི་ཟས་ལ་གནས་པ་རྣམས་ཚིམ་པར་བྱེད་པའི་མཐུ་དང་ལྡན་པ་རྣམས་འབྱུང་བར་གྱུར་ཅིག། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་ནེ་ཝི་དྱེ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ།། དེ་བཞིན ་དུ་གཡོན་པས་པ་ལཾ་བཏིག་ལ་འདས་མ་ཐག་པའི་ཚིག་རྗེས་ལ། ཨོཾ་ཧྲཱིཿཥྚྲཱིཿཝིཀྲྀ་ཏཱ་ན་ན་ཧཱུཾ་ཕོཊ་མ་ཧ་བཱ་ལྀ་པཱུ་ཛེ་ས་མ་ཡེ་ཧཱུཾ་ཞེས་པས་པ་ལཾ་དབུལ་ལྷོ།། དེ་ནས་སིལ་སཱནྡེ་སྣ་ཚོགས་བསྒྲགས་ལ་ན་མཁའ་མཛོད་ཀྱི་སྔགས་བརྗོད།། ་དེ་ནས་ལག་པ་གཡས་པ་དེ་བཞིན་དུ་གནས་པཱ་ལས་གཡོན་པའི་ཁུ་ཚུ་རེ་ཐོད་པའི་ཚུལ་དུ་བྱས་ལཱ། ཚིགསུ་བཅད་པ་འདི་རྣམས་ཀྱིས་བསྐུལ་བར་བྱའོ།། བཅོམ་ལྡན་གཤིན་རྗེ་གཤེད་པའི་བཀའ།། ཆོས་ཀྱི་རྒྱལ་པོ་དགོངས་སུ ་གསོལ།། དེ་རིང་དྲག་པོའི་འཕྲིན་ལས་འདི་།། ཁྱེད་ཀྱི་ལས་སུ་འོས་པ་ཡིན།། ལྷ་དང་བཅས་པའི་འཇིག་རྟེན་ན།། ལེགས་ཉེས་ཆོས་བཞིན་གཅོད་པ་ཁྱོད།། གཤིན་རྗེ་གཤེད་ཀྱི་བཀའ་འཁོར་ན།། བཀའ་ཉན་དམོ་ཚིག་བསྲུང་བ་ཁྱོད ་ལས་དང་རྐྱེན་གྱིས་འཆི་བ་ལ།། སྲོག་ལ་དབང་བྱེད་བདག་པོ་ཁྱོད་།། དེ་ཕྱིར་ལལུས་འདི་ཁྱོད་ལ་གཏད་།། ཁྱོད་ཀྱི་འཁོར་འང་མ་བསྲུན་ཏེ།། ཐ་མལ་སེམས་ཅན་ཉེས་མེད་ཅིང་།། གཞན་གྱིས་བསྐུལ་བར ་མ་བྱས་པར།། གློ་བུར་ཕྱང་པ་འཛིན་བྱེད་ན།། ང་ཡིས་གཏང་པའི་ལས་འདི་རྣམས།། འཛམ་དཔལ་གཞོན་ནུའི་བཀའ་བཞིན་དུ།། དམ་ཚིག་ཕྱག་རྒྱ་མིག་ལ་བསྟན།། དམ་ཚིག་སྙིང་པོ་རྣམ་པར་བསྒྲགས།། རྡོ་རྗེ་ཐ་ཚིག་སྙིང ་ལ་བཞག། དམ་རྫས་མཆོད་པ་ཕུལ་ནས་ཀྱང་།། དམ་ཚིག་ཕྲིན་ལས་གཉེར་དུ་གཏང་།། ལུས་འདི་མངོན་དུ་བསྒྲུབ་པའི་རིགས།། ཁྱོད་ཀྱིས་ལ་སོ་འདི་མ་བསྒྲུབས་ནི།། དཀོན་མཆོག་གསུམ་གྱི་བཀའ་ཡང་བཅུག། གཤིན ་རྗེགཤད་པོའི་དམ་ཡང་དྲལ།། རང་གི་ཐ་ཚིག་རང་གིས་བསླུས།། དམ་ཚིག་གྲོགས་པོ་བདག་ཅག་གི། ར་བའི་བསམ་པ་གཏིང་ནས་བཅད།། དེ་བས་ལས་འདི་གྲུབ་པར་གྱིས།། ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན།། ཡ་མ ་དཱུ་ཏི་ཞེས་བྱ་བ། ལག་ན་ལྕགས་ཀྱུ་ནག་པོ་ཐོགས།། གང་ཞིག་གཟུང་བར་འདོད་པ་དེ།། བྱུགས་པ་ཙམ་གྱིས་འཛིན་པར་བྱེད།། ཁྱོད་ལ་གཉེར་དུ་གཏད་པ་ནི།། ཚ་གེ་ཞེས་བྱའི་ཡུལ་ཁམས་ན།། ཆེ་གེ་མོ་ཞེས་བྱ་བའི་མིང ་རུས་ནི་ཆེ་གོ་མོ་ཞེས་བྱ།། འདི་དག་འཁོར་དང་བཅས་པ་ཀུན།། ཁྱོད་ཀྱིས་དེ་རིང་གཟུང་བར་གྱིས།། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན།། ཀཱ་ལ་པཱི་ཤ་ཞེས་བྱ་བ།། ལག་ན་དུས་ཀྱི་ཞགས་པ་ཐོགས།། གང་ཞིག་འཛིན་པར ་འདོད་པ་དེ།། བཏབ་པ་ཙམ་གྱིས་འཛིན་པར་བྱེད།། ལྷག་མ་སྔ་བཞིན་ཡིན་ནོ།། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན།། ཡ་མ་དཾཥྚི་ཞེས་བྱ་བ།། ལག་ན་བེ་ཅོན་ནག་པོ་ཐོགས།། གང་ཞིག་བསད་པར་འདོད་པ་ཀུན།། ཕྱར་བ་ཙམ ་གྱིས་འཆི་བར་བྱེད།། ལྷག་མ་སྔ་མ་བཞིན་ཡིན་ནོ།། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན།། ཡ་མ་དྲྀགྣི་ཞེས་བྱ་བ།། ཟ་བྱེད་མ་ཆེ་བ་འབར་བ་ཅན།། གང་ཞིག་ཟ་བར་འདོད་པ་དེ།། གཙིགས་པ་ཙམ་གྱིས་ཟ་བ་རཽ་བྱེད།། ལྷག ་མ་སྔ་མ་བཞིན་ཡིན་ནོ།། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན།། ཀཱ་ལ་རཱ་ཏྲི་ལ་སོགས་པའི།། གསོད་པ་མོ་དང་ནག་མོ་དང་།། ན་གྲུ་ཤ་ཀ་ལི་ལ་སོགས།། བུད་མེད་ཚོགས་ཀྱིས་བསྐོར་བ་ནི།། ལ་ལ་ལས་ཀྱི་མེ་ལོང་ཅན།། ་ལ་ལེ་ནད་ཀྱི་རྐྱལ་པ་ཅན།། ལ་ལ་མཚོན་གྱི་གྲུ་བུ་ཅན།། ལ་ལ་བདུད་ཀྱི་ཁྲམ་བམ་ཅན།། ལ་ལ་ཤོ་རྡེའུ་དཀར་ནག་ཅན།། ལ་ལ་ལྕགས་ཀྱི་དྲེའུ་རྟ་ཅན།། ལ་ལ་བོང་བུ་ག་པ་ཞོན།། ལ་ལ་རླུང་ནག་ཚུབ་མ་ཞོན།། ལ་ལ་ཆུ་བྱ ་ནག་མོ་ཞོན།། ལ་ལ་ནཱམ་གྱི་གུང་ལ་རྒྱུ།། ལྔ་ལ་ཆུ་བོའི་གཞུང་ལ་རྒྱུ།། ལ་ལ་ཉི་མའི་ཟེར་ལ་རྒྱུ།། ཀུན་ཀྱང་གཞན་སྲོག་འཕྲོག་པ་སྟེ།། ཁྱེད་ལ་གཉར་དུ་གཏད་པ་ནི།། ལྷག་མ་སྔ་མ་བཞིན་ཡིན་ནོ།། གཞན་ཡང་འཁོར་གྱི ་དཀྱིལ་འཁོར་ན།། ཡ་བ་ཏི་དང་ཕྱཝ་སངས་དང་།། རྨིག་པ་རལ་པ་དགུ་ལ་སོགས།། ལ་ལ་རྒྱལ་པོའི་ཚུལ་དུ་གནས།། ལ་ལ་བློན་པོའི་ཚུལ་དུ་གནས།། ཁ་ཅིག་དག་ནི་སྡེ་དཔོན་ཚུལ།། ལག་ན་བེ་ཅོན་འཁོར་ལོ་དང་།། གསལ ་ཤིང་ལ་སོགས་མཚོན་ཆ་ཐོགས།། སོ་སོའི་སྡེ་དཔོར་མངག་པ་དང་།། ཕོ་ཉ་ཕྱག་བརྙན་བཅས་པ་ལ།། འཕྲིན་ལས་མྱུར་དུ་གཏད་པ་ནི།། ཆེ་གྲེ་ཞེས་བྱའི་ཡུལ་ཁམས་ན།། ཆེ་གེ་མོ་ཞེས་བྱ་བའི་མིང་།། རུས་ནི་ཚེ ་གེ་མོ་ཞེས་བྱ།། འདི་དག་འཁོར་དང་བཅས་པ་ཀུན།། ཁྱོད་ཀྱིས་དེང་འདིར་གཟུང་བར་གྱིས།། ཞེས་བསྐུལ་ཞིང་དམར་གྱི་ཨརྒྷཾ་ལན་གསུམ་གསུམ་སྟེང་ཞིང་།། གོང་གི་ཨརྒྷཾའི་སྔགས་བརྗོད་དོ།། དེ་ནས་མནའ་ཆུ་བླུད་པར་བྱ་སྟེ། དྲི ་ཆབ་ཀྱི་ནང་དུ་བདུད་རྩི་ལྔ་བླུགས་ལ་ནང་དུ་རྡོ་རྗེ་བཅུག་ལ།། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཏྲ་ཞེས་ཅི་རན་ཅིག་བཟླས་ནས།། དེ་ནས་ཡ་མའི་གཟུགས་ཀྱི་ཁྭར་རྡོ་རྗེ་བཞག་སྟེ།། སྟེང་ནས་དྲི་ཆུབ་བླུགས་ལ།། ཡ་མ་རཱ་ཛ་འཁོར་བཅོས་ཀྱི།། ་སྙིང་ཁར་ཡེ་ཤེས་ཀྱི་རྡོ་རྗེ་འོད་འབར་བཱ་རེ་རེར་གྱུར་པར་བསམས་ཏེ། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ།། དེམུ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འདྲིས་འགྲུབ།། གལ་ཏེ་དམ ་ཚིག་འདས་གྱུར་མ།། འཇམ་དཔལ་རྡོ་རྗེ་ཁྲོས་ནས་ཀྱང་།། སྙིང་ག་ནས་ནི་གཤེགས་པར་འགྱུར།། ཨོཾ་བཛྲོ་ད་ཀ་ཧཱུཾ་ཛཿསྔོན་གྱི་ཐ་ཚིག་དྲན་བྱའི་ཕྱིར།། རྡོ་རྗེའི་ཐ་ཚིག་འདི་བསྣན་པས།། མི་ཕྱེད་རྡོ་རྗེའི་དམ་ཚིག་ནི།། ་ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར།། ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཞེས་བརྗོད་དེ།། རྡོ་རྗེ་ཡ་མའི་སྙིང་གར་གཏུག་གོ།། དེ་ནས་གཟུགས་དེ་སང་རབ་ཏུ་དམ་པར་སྦས་ལ།། སུས་ཀྱང་སྦས་པརི་མི་ཤེས་པ་དེ་ལྟར་ནན་ཏན་བྱས་ལ།། དེའི ་སྟེང་དུ་ཁྲོ་བོ་ཚང་ངམ་གྱི་སྣང་སྟབས་བྱས་ལ།། རང་གི་གནས་སུ་འགྲོ་སྟེ།། འདི་ནི་འཁོར་ལོ་སྦུ་བའི་ཚུལ་ལོ།། གང་ཞིག་ཏིང་འཛིན་ཐོབ་པ་འམ།། བཟླས་པའི་མཐུ་ཁྱད་པར་ཅན་སྤྱོད་པ་དུས་ནི།། གའུ་བསྲོ་བ་དང་། གཤིན ་རྗེ་ལ་གཏད་པ་དང་། འཁོར་ལོ་སྦ་བ་དག་ལ་འབད་པ་དེ་སྐད་མི་བྱ་སྟེ། འཁོར་ལོ་བྲིས་པ་ལ་ནང་གི་རྣལ་འབྱོར་དང་བཟླས་པ་བྱས་ལ། ཐོད་པར་བཅུག་པ་དེ་ཉིད་སྤྲོས་པས་ཆོག་གི་ལས་ཀྱི་གཤིན་རྡུལ་ཚད་ཆེར་གཏད་པ ་དེ་དག་བྱ་མི་དགོས་སོ།། དེ་ནས་རྗེས་ཀྱི་རྣལ་འབྱོར་ནི།། འཁོར་ལོ་སྨྲས་པའི་རྟིང་ལ་རང་གནས་སུ་གསང་སྔགས་རྗེསུ་བསྐུལ་ཞིང་མ་མོ་དང་གིང་དང་། ཡ་མའི་སྐྱེས་བུ་རྣམས་ལ་ཡང་གཏོར་མ་བཟང་པོ་བྱིན་ལ་དྲག་ཏུ་བསྐུལ།། ་རང་གིས་བསྟེན་ཅིང་གཉེན་པའི་འཇིག་རྟེན་པོ་ཡོད་ན་དེའི་ལས་ཀྱི་སྦྱོར་བ་ཡང་བྱ་ཞིང་། དེ་ཡང་དག་ཏུ་བསྐུལ་ཏེ་གཏང་བསྲུངས་པ་འདྲ་ན་བྱར་དེར་ལྷ་དང་དཔྲལ་བ་ཡང་བྱ་སྟེ། འདི་ནི་རྫས་ཀྱི་རྣལ་འབྱོར་རོ།། སླར་དབྱུང་བའི ་ཆོ་ག་ནི་ལས་གྲུབ་ན་འཁོར་ལོ་སླར་ཕྱུང་ལ། ཡ་མཱན་ཏ་ཀ་ལ་མཆོད་པོ་བྱས་ལ། ཡ་མུ་རཱ་ཛ་ལྱ་ཡང་མཆོད་པ་སྔ་མ་ལྟར་ཕུལ་ལ། འཁོར་ལོ་འོ་མྱས་བཀྲུ་ཞིང་སངས་རྒྱས་སྤྱན་གྱི་སྔགས་བཟླས་ཏེ། ལྷ་རྣམས་ལ ་བཟོད་པར་གསོལ་ནས། རྫས་རྣམས་ཆུ་ཀླུང་ངུ་བཀྲེས་ལ་དེ་ཉིད་དུ་དོར་བོར་བྱའོ།། འདི་ནི་འཁོར་ལོའི་དོན་རྣམ་པར་བཤད་པ་ལས། དྲག་པོའི་འཁོར་ལོ་བསྟེན་པ་སྟེ།། ཞི་བ་ལ་སོགས་པ་ནི་རྟོགས་སླ་བས་བདག ་གིས་མ་བཤད་དོ།། ལས་ཀྱི་སྔགས་ལ་དམིགས་ཤིང་། རྩ་བའི་སྔགས་མ་བསྙེན་པས་ནི་འཁྲུལ་འཁོར་མི་བྱ་སྟེ། སྦྱིན་སྲེག་དང་། བཟླས་པ་དང་གཏོར་མ་དག་གིས་ལས་རྣམ་པ་བཅུ་ལ་སོགས་པ ་བསྒྲུབ་པར་བྱའོ།། མ་མོའི་གནས་ལ་སོགས་པར་མར་ངོའི་ཉིན་ཕྱེད་ན་སོང་ལ། ཐབ་ཁུང་གྲུ་གསུམ་ཟབས་སུ་སོར་བཙུ་པ་རྒྱར་སོར་ཉོ་ཤུ་པཾ། དབུས་ན་པདྨ་འདབ་བརྒྱད་ལ་རྡོ་རྗེ་རྩེ་ལྔ་པ་སྔོན་པོས་མཚན་པ། མུ་རན་ནང་ལ ་ཡང་མཚོན་ཆ། ཕྱི་མ་ལ་ཡང་སྣ་ཚོགས་པའི་མཚོན་ཆ་ཅན་དུ་དྲག་པོའི་ལྷ་དང་། མེ་ལྷའི་ཞལ་དུ་དྲག་པོའི་སྲེག་རྫས་རྣམས་དབུལ་ལོ།། སྔགས་ཀྱང་དྲག་པོ་མཱ་རཱ་ཡ་ཕཊ་ཅེས་པ་དང་ལྡན་པས་སོ།། དེ་ཡང་དང་པོར་དྲག་པོའི ་ཐབ་ཁུང་བྱས་ལ། དྲག་པོའི་བུད་ཤིང་བཅིང་། ཀུ་ཤ་དགྲམྦྷ། མཆོད་རྫས་དང་། སྲེག་རྫས་བཀྲམ་ལ་རང་ཡཱ་མཱན་ཏ་ཀར་བསྐྱེད་།། དེ་ནས་ཐེབ་ཁུང་དུ་དྲག་པོའི་མེ་སྦར་ལ། མེ་སྦར་མ་ཐག་ཏུ་ཧཱུཾ་ཞེས་བརྗོད་ལ་ཚ་བའི་མར་ཁུ ་དགང་གཟིར་བདུན་ནམ་གསུམ་དབུལ་བས་མེ་ཚར་སྥ་རཱི་རོ།། དེ་མ་ཐག་ཏུ་ཐབ་ཀྱི་དབུས་སུ་ཡི་གེ་རུ་ནག་པོ་གྱུར་པ་ལས་མེ་ལྷ་མཐིང་ནག་དྲང་སྲོང་རལ་པ་ཅན་ཕྲེང་བ་དང་། སྤྱི་བླུགས་དང་། དབྱུག་གུ་གསུམ་དང་། མི་འཇིགས ་པ་སྦྱིན་པའི་ལག་པ་ཅན་རླུང་གི་མེ་བསམ་མོ།། དེ་ནས་ཨོཾ་ཨེ་ཧྱ་ཧི་མ་ཧཱ་བྷཱུ་ཏ། དེ་བ་ར་ཥི་དྭི་ཛ་སཏྭ་མ་གྲི་ཧཱི་ཏཱ་ཧུ་ཏྱ་ཧཱ་རཱ་སྨིན་སནྣི་ཧི་ཏོ་དྷ་བ་ཞིས་ལན་གསུམ་བརྗོད་པས་ཐབ་འགྲམ་གྱི་མཁའ་ལ་བྱིན་པར་བསམ། དེ་ལ་ཨརྒྷཾ། ་དང་མཆོད་པ་དབུལ། ཨོཾ་བཛྙཱ་ནཱ་ལ་མ་ཏ་བྷཱུ་ཏ་ཛྭཱ་ལ་ཡ། སརྦ་དུཙྪ་བྷ་སྨིན་ཀུ་རུ་ཧཱུཾ་ཕཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡསྟྭཾ་ཨ་ཧཱུཾ་ཞེས་བརྗོད་པས་ཐབ་ཏུ་བསྐྱེད་པ་ལ་བསྟིམ། དེ་ནས་མེ་ལྷ་ཁྲོས་ཤིང་ཁྭ་གདངས་པ་ལ་དགང་བླུགས་ལ ་སོགས་པ་སྔགས་ཀྱི་མཐར་ཆེ་གེ་མོ་མཱ་ར་ཡ་ཕཊ་དང་ལྡན་པས་རྫས་སུམ་ཆ་ཙམ་ཕུལ་ལ། མེ་ལྷའི་སྙིང་གར་ལྷ་མཆོག་བསྐྱེད་དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམས་ལ་མཆོད་བསྟོང་བྱས་ནས་ཁྲོས་པའི་ཞལ་དུ ་རྫས་ཕལ་ཆེར་བསྲེག་གོ།། དེ་ནས་འཕྲིན་ལས་ཞུས་ལ། ཡི་གེ་བརྒྱ་པ་བརྗོད་ལ། དེ་ཨོཾ་ཨཱཿཧཱུཾ་མུཿཞེས་པར་སླར་གཤེགས་ནས། དམ་ཚིག་སེམས་དཔའ་བོ་དག་ལ་བསྡུ། རྫས་ལྷག་མ་མེ་ལྷ་ལ་དབུལ་ཏེ། ལས་བཅོལ་ཏེ། ་བཟོད་པར་གསོལ་ལ་སླར་ཡི་གེ་གསུམ་མུའི་མཐའ་ཅན་གྱིས་གཤེགསྩོལ་ལ། ཁྲག་གམ་ཆུ་ནག་པོས་མེ་གསང་ངོ་།། སྒེག་རྫས་ཐ་དད་པའི་སྔགས་དང་ཧོམ་གཟར་ལ་སོགས་པ་ནི་འདིར་མཾ་བཤད་དེ། གཞུང་གཞན་ལས ་གསལ་བྱས་དེར་བལྟའོ།། ཞི་བ་ལ་སོགས་པའི་ཡང་ཅི་རིགས་སྦྱོརརོ།། འདི་ན་ལས་ཀྱི་སྔགས་ཀྱི་བྱ་བ་མདོར་བསྟན་པའོ།། ད་ནི་སྙིང་པོའི་སྔགས་ལ་གནས་པའི་བྱ་བ་བཤད་དེ། སྔོན་བཞིན་དུ་ལྷའི་སྐུ་བསྐྱེད་མ་ཐག་ཏུ། ཨོཾ་དྷརྨ་དྷཱ་ཏུ་སྭ ་བྷ་ཨཱཏྨ་ཀོ་ཧཾ་ཞེས་པས་ཆུ་ཟླ་ལྟར་བསམས་ལ། ཡེ་ཤེས་སེམས་དཔའ་བསྟིམས་པ་ནས་དབང་བསྐུར་བའི་བར་དུ་བྱས་ལ་འགྲོ་བ་དྲུག་ཏུ་འོད་ཟེར་དྲུག་སྤྲོས་པས་རང་རང་ལ་ལྷག་པར་ཤས་ཚོ་བའི་ཉོན་མོངས་པ་དང་། ་སྡུག་བསྔལ་བསལ་བར་ཡང་དང་ཡང་དུ་བྱས་ལ། སྐྱོན་གསུང་སྔགས་བཟླས་ཏེ། ལྒང་བ་ན་དགེ་བྱ་བྱང་ཆུབ་ཆེན་པོར་དངོས་ལ་ཡན་ལག་དྲུག་གི་བསྲུང་བ་བྱས་ལ་ལྡང་ངོ་།། གཏོར་མ་དང་ཡི་གེ ་བརྒྱུ་པ་སྔོན་བཞིན་ནོ།། སྣང་བ་རྣམ་པར་དག་པའི་རྫོགས་པའི་རིམས་དང་རྟོག་ཏུ་ལྡན་པོར་བྱའོ།། ནུས་པ་ལྟ་ནི་དེ་ཁོ་ན་ཡིད་ལ་བྱེད་པའི་རྫོགས་རིམས་ལ་ཡང་གནས་པར་བྱའོ།། ད་ནི་རྣམ་པ་གསུམ་ཆར་དེང་འབྲེལ་བའི་འཆི་བའི་དུས་སུ ་ཡིད་ལ་བྱ་བའི་མན་ངག་བསྟན་པར་བྱ་སྟེ། དེས་དམ་ཚིག་དང་འགལ་བ་ཅི་བྱས་པ་རྣམས་ལེགས་པར་ཡིད་ལ་བྱས་ལ་རབ་ཏུ་འགྱོད་ཅིང་ཕྱིས་མི་བྱ་བའི་བསམ་པས། འགྲོ་བ་ཡུལ་དུ་གྱུར་པ་རྣམས་དང་འདོད་པའི་ལྷ་དང་། ཆོས་སྐྱོང་བ ་རྣམས་ལ་བཤགས་པར་བྱའོ།། དེས་དགེ་བ་ཅི་བྱས་པ་རྣམས་འགྲོ་བའི་དོན་དུ་བྱང་ཆུབ་ཏུ་བསྔོས་ལ་ཤི་མ་ཐོག་ཏུ་སངས་རྒྱས་དངོས་སུ་བཞུགས་པའི་ཞིང་དུ་རྫུས་ཏེ་འབྱུང་ཞིང་། རིགས་དང་གཟུགས་དང་གྲོགས་དང་། འཁོར་དང་། ་ལོངས་སྤྱོད་དང་། དད་པ་དང་། ཤེས་རབ་དང་། གཉེན་པོ་དང་། དྲན་པ་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་ཏེ། འཇུག་པ་བདེ་བ་ལམ་བདེ་བས་ཚོགས་རྣམ་པ་གཉིས་བདེ་བླག་ཏུ་བསགས་ཏེ། མྱུར་དུ་བྱང་ཆུབ་པར་གྱུར ་ཅིག་ཅེས་བསྔོ་བར་བྱའོ།། དེ་ནས་འདི་ལྟར་གང་རྡོ་རྗེའི་སྐུ་མངའ་བའི་སངས་རྒྱས་རྣམས་ཀྱང་སྐུ་ཆེང་དུ་འཇིག་ཅིང་། ཉན་ཐོས་དང་རང་སངས་རྒྱས་ལས་དང་ཉོན་མོངས་པ་དང་བྲལ་བ་རྣམས་ཀྱང་ཆེད་དུ་ལུས་ལ་ཡིད་བྱུང་བས་སྤང ་ན། བདག་གིས་ལུས་རྣག་ཅན་མཐོང་བའི་ཆོས་ལ་དངོས་གྲུབ་ཀྱི་སྣོད་དུ་མ་གྱུར་ཅིང་། བསྲུང་བ་བྱས་པ་ཤ་ཐང་པ་འདི་ལ་ཅི་ཞིག་ཆགས་སུ་ཡོད་ཅེས་ལུས་དང་སྲོག་ལ་ཆགས་པ་སྦྱང་བར་བྱའོ།། དེ་ནས་ཡང་དོན་དམ་པ་བྱང་ཆུབ་ཀྱི ་སེམས་ལ་དམིགས་ནས་སྐྱེ་བ་དང་། གནས་པ་དང་། འཆི་བ་ན་མཁའ་ལྟ་བུ་རྒ་བ་དང་ཀུན་ཏུ་སྐྱོ་བ་ལས་གྲོལ་བ་བློའི་བླང་ངོར་དང་འཇིགས་པ་རྣམ་པར་སྤངས་ཤིང་། འཚོ་བའི་འཇིག་རྟེན་སྨིག་རྒྱུ་ཙམ་དུ་ཤེས་པར་བྱའོ།། ་དེ་ནས་བདག་གི་ལུས་དང་གནས་པ་དང་། ལོངས་སྤྱོད་སྒྱུ་མ་ལྟ་བུ་རྣམས། བསམ་པ་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་བྱིན་ཅིང་། དེའི་འོག་ཏུ་རང་གི་ལུས་འདོད་པའི་ལྷའི་སྐུར་རྣམ་པར་བསམས་ཏེ་ཕྱོགས་བཅུ་ཐམས ་ཅད་རྣམ་པར་དག་པོའི་ཞིང་། ལྷའི་རྒྱལ་པོ་དང་བསྙེན་བསྐོར་གྱི་གནས་ལྟར་ཡིད་དུ་འོང་བར་བསམས་ལ་ལྷག་པའི་ལྷ་ལ་ཡང་དང་ཡོང་དུ་ཡིད་གཏད་དེ།། ཚེར་བ་ཐམས་ཅད་ཟིལ་གྱིས་མནན་པར་བྱའོ།། དེ་ཡི་སྣང་བའི ་ཡུལ་དུ་འོང་བ་འམ། མི་འོང་བའི་མཚན་མ་ཅི་བྱུང་ཡེང་དགའ་བ་དང་འཇིགས་པ་མི་སྐྱེད་ཅིང་དྲི་ཟའི་གྲོང་ཁྱེར་ལྟར་བསམ་མོ།། འདི་ནི་འཆི་བའི་དུས་སུ་ཡིད་ལ་བྱ་བའི་མན་ངག་གོ།། གང་ཞིག་བླ་མ་ལ་གུས་སྙིང་རྗེས ་རྒྱུད་འཇམ་པས་ཆོས་ཀུན་སྟོང་པར་ཤེས་ཤིང་ཡུལ་ལ་འདོད་པ་སྤང་། གཉེན་པོའི་མཐུ་ལྡན་བློ་གྲོསོ་དྲི་མ་རྣམས་དང་བྲལ། འགྲོ་བ་སྐྱོབས་བྱིང་གདུགས་དཀར་ལྟ་བུ་དེ་རྣམས་དང་། བདག་གི་ཡང་དག ་རྟོགས་པས་སྨྲས་པའི་གཏན་ཚུལ་འདི་།། མྱུར་དུ་བར་ཆད་མེད་པར་ཉམས་ལེན་བྱེད་བཅས་ཕྲད་གྱུར་ཅིག། ཇི་སྲིངས་ལ་འགྲོ་བའི་ལོངས་སྤྱོད་རྣམ ་འཕེལ་མ་འགགས་པ།། དེ་སྲིད་གཏམ་འདི་ཉམས་པ་མེད་པར་འགྲོ་དོན་གནས་པར་ཤོག། གཏམ་ཚུལ་འདི་ནི་གསལ་སྨྲས་པས།། འགྲོ་བ་འཇམ་དབྱངས་འདྲར་གྱུར་ཅིག། བདག་དང་ཆོས་ཀུན ་སྒྱུ་འདྲ་བར།། མྱུར་རིག་འཇམྦྷ་དཔལ་ཉིད་གྱུར་ཅིག། དཔལ་གཤིན་རྗེའི་གཤེད་དགྲ་ནག་པོའི་སྒྲུབ་པའི་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པོ་སློབ་དཔོན་མི་བསྐྱོད་པའི་རྡོ་རྗེའི་ཞལ་སྔ ་ནས་མཛད་པ་འང་ཡོངས་སུ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཨཱ་ཙཨཱརྱ་བི་ནཱ་ཡ་ཙནྡ་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཆོས ་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ཀྲ་ཤིས། ་