| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་ན་མ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེང་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས།། དཔལ་ཁྲོ་བོ་འཇིགས་པ་ཅན་ལ་ཕྱག་འཚལ་ལོ།། དཔལ་ལྡན་འཇམ་པའི་རྡོ་རྗེ ་མཆོག། དྲག་ཤུལ་ཆེ་ཞིང་འཇིགས་པར་བྱེད།། ཁྲོ་ཚན་དེ་ལ་ཕྱག་འཚལ་ཏེ།། དེ་ཡི་སྒྲུབ་པའི་ཐབས་བཤད་བྱ།། དེ་ལ་སྔགས་པ་དབང་དང་དམ་ཚིག་དང་ལྡན་པ། སྙིང་རྗེ་ཆེ་བ། བརྟུལ་ཕོད་པ། ཤེས་རབྱེ་དང་ལྡན་པ་དེས། ་གནས་དུར་ཁྲོད་ལ་སོགས་པ་ཡིད་དགའ་བའི་གནས་སུ་གནས་ཏེ།། བརྟུལ་ཞུགས་མཆོག་སྤྱད་པར་བྱའོ།། བདག་ཉིད་རྫོགས་པའི་ཚུལ་གྱིས་ལྷར་བསྐྱེད་དེ།། སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་བསམ། དེ་ལ་འོད་ཟེར་གྱིས་བསྐུལ ་ནས་སྤྱན་དྲངས་ཏེ།། བཞུགས་པ་ལ། ཕྱི་ནང་གི་མཆོད་པའི་བྱེ་བྲག་དབུལ།། དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བྱ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཚངས ་བའི་གནས་བཞི་བསྒོམས་ནས། དེ་ནས་སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། གང་གི་རྣམ་པར་ཡང་མི་བསྒོམ་མོ།། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཨཱཏྨ་ཀོ་ཧཾ། དེར་རྗེས་ཧཱུཾ་ལས་འོད་འཕྲོས་པོས།། སྡང་བ་ཐབས་ཅད་བསྲེག་པར་བྱ།། ་བསྡུས་པས་རྡོ་རྗེ་གུར་དུ་གྱུར།། ར་བ་དྲ་བ་བསམ་པར་བྱ།། དེ་ནོས་ན་མཁའི་དབྱིངས་བསམ་བྱ།། དེ་ཡི་ནང་དུ་གན་ལོ་ཡས་ཁང་།། རྡོ་རྗེ་རྒྱུ་གྲིམ་ཡང་དག་ལྡན།། རྟ་བབས་བཞི་དང་ལྡན་པར་བསྒོམ།། ཉི་གདན་མ་ཧེ་ལི ་དགས་ཏེ།། རྣམ་པ་ལྔ་པོ་བསྒོམ་པ་ནི།། ཨཱ་ལི་བསྒོམས་པས་ཟླ་བ་སྟེ།། ཀཱ་ལི་བསྒོམས་པས་རྟ་བདུན་ཉིད།། གཉིས་ཀྱི་བར་དུ་ཧཱུཾ་བསམས་ཏེ།། དེ་ནས་རྡོ་རྗེ་རྩེ་ལྔ་པ།། དེ་ལ་སྙིང་པོས་ཡང་དག་བརྒྱན།། དེ་ལས་འོད ་བྱུང་དོན་བྱས་ནས།། སླར་འདུས་དེ་དག་འོད་དུ་ཞུ།། དེ་ལས་རྡོ་རྗེ་སེམས་དཔའ་ནི།། ཞལ་གསུམ་ཕྱག་ནི་དྲུག་པ་ལ།། གཡས་དཀར་གཡོན་པ་དམར་བ་སྟེ།། རྩ་བའི་ལུས་མདོག་ནག་པོའོ།། རྡོ་རྗེ་རལ་གྲི་གྲི་གུག་གཡས།། འཁོར་ལོ་པདྨ ་ཐིང་པ་གཡོན།། རྡོ་རྗེ་རྒྱན་གྱིས་རྣམ་པར་བརྒྱན།། གཡོན་པ་བརྐྱང་བའི་ཞབས་ཀྱིས་གནས།། རང་རིག་ལྡན་པར་རབ་ཏུ་བསྒོམ།། རྡོ་རྗེ་པདྨ་དག་བྱ་སྟེ།། བདེར་གཤེགས་ཐིག་ལེ་ཟླ་བར་གྱུར།། དེ་ལས་ཡཀྵེ་མ་མེ་ད། ཡ་ཙ་ནི་རཱ་ཛཱ་ས་ངོ་།། ་རུ་ཎ་ཡོ་ནརྀ་ར་དག་སྟེ།། སོ་སོའི་ས་བོན་དག་ཏུ་གྱུར།། དེ་ལས་སོ་སོའི་སྐུ་བསྐྱེད་དེ།། སྔགས་ཆེན་གྱིས་ནི་དབྱུང་བར་བྱ།། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན~ཾ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འཁྲུགས་པ་ཞལ་གསུམ་ཕྱག་དྲུག་སྟེ།། ཁ་དོག་ཨིནྡྲ་ནཱི་ལེ་འདྲ།། ་ལག་ན་རྡོ་རྗེ་ཆེན་པོ་སྟེ།། ཞེ་སྡང་ཆེན་པོའི་དོན་མཛད་ནས།། སླར་འདུས་བདག་ཉིད་ལྔ་ཐིམ་བྱ།། ཛཾ་ན་ཛིཀ་གིས་གཏི་མུག་གཙོ།། ཞལ་གསུམ་ཕྱག་དྲུག་པ་ལ་ཞི།། དད་པའི་ཆུ་ཟླ་དང་མཚུངས་པའོ།། ལྷག་ཏུ་འཁོར་ལོ་ཐོགས་བུ་དབྱུང་།། ་གཏི་མུག་ཆེན་པོས་དོན་བྱས་ནས།། མདུན་གྱི་ཟླ་དཀྱིལ་དག་ལ་དགོད།། རཏྣ་དྷཀ་གིས་སེར་སྣའི་བདག། བཅོ་མ་གསེར་མཚུངས་ཕྱག་དྲུག་སྟེ།། རིན་ཆེན་ཐོགས་པ་དབྱུང་བར་བྱ།། སེར་སྣ་དག་བྱས་རིན་ཆེན་བྱས།། གཡས་ཀྱི་ཉི་དཀྱིལ ་ངག་ལ་བསམ།། ཨཱ་རོ་ལིཀ་གིས་འདོད་ཆགས་གཙྪ།། ཞལ་གསུམ་ཕྱག་དྲུག་པདྨ་འདྲ།། ལག་ནཱ་པདྨ་ཐོགས་པ་དབྱུང་།། འདོད་ཆགས་ཆེན་པོའི་དོན་བྱས་ཏེ།། གཙོ་བོའི་རྒྱབ་ཏུ་བསམ་པར་བ།། པྲཛྙཱ་དྷྲིཀ་གིས་ཕྲག་དོག་བདག། ཞལ ་གསུམ་ཕྱག་དྲུག་མར་གཏ་མཚུངས།། ཕྱག་ན་རལ་གྲི་ཐོགས་པ་དབྱུང་།། ཕྲག་དོག་དོན་བྱས་རྡོ་རྗེར་གྱུར།། གཡོན་གྱི་ཉི་དཀྱིལ་དག་ལ་བྱསམ།། མུང་གུར་དྷྲིཀ་གིས་ཐོ་བྱ་དག། མདོག་གན་ག་ཕྱག་དྲུག་ཐོ་བ་བསྣམས།། ་དྲག་པོ་ཆེན་པོས་དོན་བྱས་ནས།། ཤར་གྱི་སྒོ་ལ་བསམ་པར་བྱ།། དཎ་ཌ་དྷིཀ་གིས་བེ་ཙེན་ཅན།། གསེར་མདོག་ལག་ན་བེ་ཅོན་ཐོགས།། ཁྲོ་བ་ཆེན་པོས་དོན་བྱས་ནས།། ལྷོ་ཡི་ཉི་དཀྱིལ་དག་ལ་བཞུགས།། པད་མ་དྷི་ཀི་གིས་པདྨོ ་སྟེ།། མདོག་དམར་ཞལ་གསུམ་ཕྱག་དྲུག་པ།། པདྨ་ཐོགས་པས་དོན་བྱས་ཏེ།། ནུབ་ཀྱི་སྒོར་ནི་བསམ་པར་བྱ།། ཁནྟ་དྷིཀ་གིས་རལ་གྲི་དབྱུང་།། ཞལ་གསུམ་ཕྱག་དྲུག་ལྗང་གུའོ།། ཕྱག་ནཱ་རལ་གྲི་ཕྱོགས་པཱ་སྟེ།། བྱང་གི་སྒོར་ནི ་བསམ་པར་བྱ།། དྭེ་ཥ་ར་ཏིས་ཙ་ར་ཙི་དབྱུང་།། འཁོར་ལོ་ལག་འཛིན་དཀར་མོ་སྟེ།། བྱམས་པ་ཆེན་པོས་དོན་བྱས་ཏེ།། མེ་ཡི་ཟླ་དཀྱིལ་བསམ་པར་བྱ།། མོ་ཧ་ར་ཏིས་ཕག་མོ་དུ་བྱུང་།། རྡོ་རྗེ་ལག་འཛིན་ནག་མོ་སྟེ།། སྙིང་རྗེས་དོན་བྱས་སླར ་བསྡུས་ལ།། ལྷོ་ནུབ་ཟླ་དཀྱིལ་བསམ་པར་བྱ།། རཱ་ག་ར་ཏིས་དབྱངས་ཅན་དབྱུང་།། དམར་མོ་ལག་ན་པདྨ་བསྣམས།། དགའ་བ་ཆེན་པོས་དོན་བྱས་ནས།། ནུབ་བྱང་ཟླ་དཀྱིལ་བསམ་པར་བྱ།། བཛྲ་ར་ཏིས་མཛོད་ལྡན་དབྱུང་།། ལྗང་གུ ་ལག་ནཱ་རཱལྨ་གྷོ་ཥྚ་ཛིམ།། བྱུང་སྦྱིན་ས་རྒྱནུ་པོས་སྨྱོན་བྱས་ནཱས།། བྷྱ་ཤཱརཱ་ཊྚ་ལ་བསྣམ་པར་བྱ།། བདག་དེའི་ཕྱུག་འརྒྱན་འདྱཱ་ལཱ།། རྟགས་གང་ཡིན་དང་བར་སྤྱམྦྷ།། སྦྲུལ་སདོག་རིགས་ཀྱིསུ་ཤྩ ་པར་བྱ།། ཡང་དག་དོན་གྱི་འོད་དུཧཱ།། འོད་ཀྱི་གོང་བུར་དེ་ཉིད་གྱུརྱ།། ཙ་ཙི་ཀ་སོག་སོ་ལེགས་པོའི་གླུ། འོད་ཀྱི་གྲོང་བུ་སང་པར་བྱེད།། ཀྱེ་རྫོ་བཙུན་སྙིང་རྗེས་ཁྲོ་བའངས་ལ།། གནས་གསུམ་ཀུན་གྱི་གཏི་མུག་སྦྱངས།། བདུད་པནི་རྣམ ་ལས་གཙོ་བོ་རྒྱ་ལ།། ཀྱེ། འཁྲུགས་པའི་སེམས་ཀྱིས་གཙོ་བོ་བཞེངས།། སྣོད་གནས་འཇིག་རྟེན་མགྷོནྟ་གྷཉེར།། འཇིག་རྟེན་སྒྲ་མཆོག་རྗེ་བཙུན་པནས།། ཀྱེ། སྤྱོད་པར་བསྣམས་ནས་ཅི་སྟེ་བཞུགས། བྱང་ཆུབ་རང་བཞིན་འཇིག ་རྟེན་བཞེངས།། དངོས་རྣམས་སྒྱུ་མར་བསམས་ནས་མཾ།། འོད་ལས་ཡི་གེ་ཧཱུཾ་དུ་བཞེངས།། དེ་ལས་གཏུམ་པོ་ཁྲོ་བོའི་གཟུགས།། འཇིག་ས་བྱེད་གསུས་པོ་ཆེ་བ་ཡི།། གོ་ཤིན་རྗེ་ནག་པོའི་གཟུགས་སུ་གྱུར།། ཞལ་གོསུམ་ཕྱུག་དྲུག་གོང་ད ་མཐུན།། གྱེན་དུ་སྐྲ་འབར་འཇིགས་པ་ཆེ།། དུམ་དང་དུམ་བུར་རྣམ་པར་བརྒྱན།། ཤིན་ཏུ་ཁྲོས་པའི་སྐུར་བསམས་ཏེ།། བ་སྤུའི་བུ་ག་རྣམས་ལས་ནི།། རང་གི་ཁྲོ་བོ་འཕྲོ་བར་བསུམ།། འཇིགས་པའི་མཆེ་བྱ་གཙིགས་པའི་ཞལ།། ཏ་ཧཱ་འབྱིན ་པས་ཟ་བར་བྱེད།། བསྐལ་པ་མ་འབར་ལྟ་བུ་སྟེ།། བདག་ཉིད་དེ་ལྟར་བསམ་པར་བྱ།། དཀྱིལ་འཁོར་གསལ་བར་བསམས་ནས་ནི།། མིག་ལ་སོགས་པ་བྱིན་གྱིས་བརླབ།། རྡོ་རྗེ་གསུམ་ནི་གསུམ་བསྒོམ།། སོ་སོའི་ཐུགས་ལས་འོད་བྱུང ་སྟེ། སྤྱན་དྲངས་མཆོད་པ་ཡང་དག་སྷོ།། སོ་སོའི་རིག་པའི་རིམྦྷ་པ་དང་།། སྐུ་གསུང་ཐུགས་ཀྱི་སྔགས་བརྗོད་བྱ།། ཨོཾ་སརྦ་ཏྭ་བྷཱུ་ཏ་གཱ་ཀཱ་ཡ་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ་ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱགྷྲ་ཏྲཱ་ས་བྷཱ་བ་ཨཱཏྨ་ཀྲྀ་ཧྣེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙ། ་བིཛྲཱི་སྲྀ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཡེ་ཤེས་སདེའི་སྙིང་བསམས་ཏེ། དེ་ལ་སྙིང་གར་ཉིམ་བསག་དེ་ལེས་ངྱས་ཧེ་རུ་ཀ། དབང་བསྐུར་གཤིན་གཤེད་དངུལ་བྱས་མ།། ཡང་། དེ་ལས་འོད་ཟེར་འཕྱོས་པས་བསྐུལ།། ཐོ་བཱ་ལ་སོགས་བཞི་པོ་ཡིས།། དགུག་དང་གཞུག ་དང་བཅང་བ་དང་།། དབང་དུ་བྱས་ཏེ་མགུ་བར་བྱའོ།། ཟླ་བ་ཉི་མ་ཆུ་དང་སྨན།། དེ་ནི་རླུང་མེའི་འཁོར་ལོར་གནས།། དེ་ལ་དཔའ་བོ་འབྲུ་ལྟར་བསམ།། དེ་སྟེང་ཧཱུཾ་ལས་རྡོ་རྗེ་བསྣམ།། ཨོཾ་གྱིས་བྱིན་བརླབས་བདུད་རྩི་བསྒོམ།། དེ་ཉིད་གསུམ་ནི ་མངོན་པར་བཟླས།། ལྕེ་དག་བས་ནི་བཏུང་བྱར་བྱ།། དེ་ནས་འདོད་པའི་ལྷ་མོ་བསྡུ།། གཤིན་རྗེ་གཤེད་དེ་འཇིགས་པ་པོ།། སྟོན་པ་སངས་རྒྱས་ཀུན་གྱི་བདག། བདག་གིས་བ་སྤུའི་བུ་གོ་ལས།། མཆོད་པ་སྨོས་ཏེ་བདག་ཉིད་མཆོད།། ་དེ་ནས་འཁོར་རྣམས་མཆོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛུ་བཛྲ་སྭ་བྷཱ་བཱ་ཨཏྨ་ཀོ་ཧཾ། ཆོས་རྣམས་ཀུན་གྱིས་དེ་ལ་བསྟོད།། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེ་གཤེད་དེ་འཇིགས་པ་པོ།། སྟོན་པ་སངས་རྒྱས་ཀུན་གྱིས ་བདག། མགོན་པ་འཇིགས་བྱེད་ཕྱག་འཚལ་བསྟོད།། སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེའི་དགྲར་གྲགས་འཇིགས་པ་པོ།། ཐུགས་ཀྱི་རྡོ་རྗེར་རབ་སྣང་བ།། རིམ་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད།། འདོད་ཆགས་རྡོ་རྗེའི་རང་བཞིན ་ཁྱོད། མངའ་བདག་འདོད་ཆགས་ལས་བྱུང་བ།། དབྱངས་ཀུན་གྱི་ནི་མཆོག་གི་མཆོག། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད།། ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད།། གཤིན་རྗེ་གཤེད་དེ་ལས་ཀུན་མཛད།། སྐུ་ཡི་རྡོ་རྗེར ་རབ་སྣང་བ།། རལ་གྲིའི་ཕྱག་ལྔ་ཕྱག་འཚལ་བསྟོད།། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད།། སངས་རྒྱས་རྣམས་ནི་ཀུན་བསྡུས་པ།། སངས་རྒྱས་ཀྱི་ནི་མཆོག་གི་མཆོག། དཀྱིལ་འཁོར་བདག་ལ་ཕྱག་འཚལ་ལོ།། དེ་ནས་རྫོགས་པའི ་རིམ་པ་བསྒོམ།། རྣལ་འབྱོར་འདི་ལ་རྟག་གནས་བྱ།། བསམ་གཏན་མི་ནུས་བཟླས་པ་སྟེ།། བཟླས་པ་བཞི་ལ་རབ་འབེད་བྱ།། ཟླ་བ་དྲུག་གིས་མཚན་མ་འབྱུང་།། དེ་ནས་སྒྲུབ་པ་ཆེན་པོ་བརྩམ།། འཁོར་ལོ་ལ་སོགས་གཞུང་བཞིན་བྱ།། ་སོ་སོའི་དུས་ལ་གཏད་བྱ་སྟེ།། ཞག་བཞིར་བསྒྲུབས་ན་འདོད་པ་འགྲུབ།། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ས་ཧཱ། ཨོཾ་ཡཀྵེ་མེ་མ་ད་ཡ་ཙ་ནི་རཱ་ཛ་སེ་དོ་རུ། ཎ་ཡོ་ནཻ་རཱཾ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མུ་ཡ། དྲག་པོའི་གསང་སྔགས་མེན་ངག་བཞིན།། སོ་སོའི་ལས་དང་སྤེལ་བར་བྱ།། འབྱུང་པོ་ཀུན་གྱི་གཏོར་མ་བཏང་།། དང་པོ་གཤིན་རྗེའི་དགྲ་ལ་འབུལ།། དེ་ནས་སོ་སོའི་འཁོར་ལ་སྦྱིན།། སྔགས ་ཆེན་འདི་ཡིས་དབུལ་བར་བྱ།། ཨོཾ་ཨིནྡྲ་ཡ་ཧྲཱིཿཡ་མ་ཡེཥྚིཿབ་རུ་ཎཱ་ཡ་ཝི། ཀུ་བ་རཱ་ཡ་ཀྲྀ། ཨཱི་ཤཱ་ནཱ་ཡ་ཏཱ། ཨགྣ་ཡེ་ཨཱ། ན་རི་ཏ་ཡེ་ན། བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུཾ། སཱུརྱ་ཧཱུཾ་བྲཧྨ་ཎཱ་ཡ་ཕཊ། བ་སུ་དྷ་རཱ་ཡ་ཕཊ། བེ་མ་ཙི་ཏྲ་ཡེ་སཱ། ་སཿབྷོ་ཧྣ། ཏ་ཧཱ། ཧི་ཧྲཱི། ཧཱུཾ་ཧཱུཾ་ཕེཾ་ཕེཾ་སྭཱ་ཧཱ། སྒྲུབ་པ་ཆེན་པོའི་དུས་སུ་ནི།། སྐུ་གཟུགས་མདུན་དུ་བཞག་པར་བྱ།། མཆོག་གི་ཤ་ལ་སོགས་པ་དབུལ།། མར་མེ་ཆེ་ཡང་རྟག་ཏུ་བཏང་།། མཆོད་པའི་མཆོག་རྣམས་དབུལ་བར་བྱ།། མ ་ཡེངས་པ་ཡི་སེམས་ཀྱིས་དབུལ།། འཇིགས་པའི་སེམས་ནི་མ་ཡིན་ནོ།། སྔགས་པས་དཔའ་བོས་མཆོད་པར་བྱ།། སྤྱོད་ལམ་བྱེད་ན་འདི་ལྟར་བསྒོམ།། དངོས་པོ་ཐམས་ཅད་གཤིན་རྗེར་བསམ།། ཡང་ན་རང་རང་དག་པར་བྱ།། ཡང་ནུ ་རྡོ་རྗེ་སེམས་དཔའ་བསྒོམ།། ལུས་ཀྱི་མཐར་ཐུག་འཇམ་དཔལ་མཆོག། རྩོད་པའི་དུས་སུ་བྱུང་བ་འདི་།། བསྟན་པ་བསྲུང་བའི་དགོས་པ་དང་།། ལས་ཀྱི་བྱེ་བྲག་བསྒྲུབ་པ་དང་།། བློ་དམན་རྣམས་ལ་ཕན་པའི་ཕྱིར།། རྣལ་འབྱོར་བཞི་ཡི། ་ཚུལ་དུ་བྲིས།། བློ་དམན་དམ་ཚིག་ལ་གནས་པས།། རབ་ཏུ་འབད་དེ་བསྒྲུབ་པར་བྱ།། རྒྱུད་ཀྱི་དོན་མཆོག་བསྡུས་པ་ཡི།། གཤིན་རྗེ་གཤད་ཀྱི་སྒྲུབ་ཐབས་བྱས།། འདི་ལས་ངལ་བའི་དགེ་བ་གང་།། ཀུན་གྱི་འཛོམ་དཔལ ་མཻ་གི་ཐོབ་ཤོག། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་སླབ་དེ་བོན་ཉིན་མོར་བྱེད་པའི་གྲགས་པས་མཛད་པ་རྫོགས་སོ།། ། ཞུ་ཆེན་གྱི་ལོ་ཙ་བྱ་འགོས་ལྷས་བཙས་ཀྱིས།། རྒྱ་གར་གྱི་དང ་ཕྱི་མོ་དང་གཏུགས་ཏེ་གཏན་ལ་བབ་པའོ།། ། རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ལ་ཕྱག ་