CLOSE WINDOW

GT793: bsrung ba'i 'khor lo sgrub pa'i thabs
Wyliee-texts produced with BDRC’s OCR application

གྱི་མཁན་པོ་ལ་ལི་ཏ་བཛྲ་ས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། རཀྵ་སཱ་དྷ་ནོ་པི་ཀ། བོད་སྐད་དུ། བསྲུང་བའི་འཁོར་ལོ་སྒྲུབ་པའི་ཐབས།། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། འཇམ ་དཔལ་གཤིན་རྗེ་ངག་མགོན་ལ།། ཡང་དང་ཡང་དུ་ཕྱག་བྱས་ལ།། བར་ཆད་ཞི་བར་བྱེད་པ་ཡི།། སྲུང་བ་དམ་པ་བཤད་པར་བྱ།། བསྙེན་པའི་ཆོ་ག་རྫོགས་པ་ཡིས།། དེ་ཡིས་བསྒྲུབ་པ་འབྲས་བཅས་ཕྱིར།། ང་ནི་སྲུང་བའི་ལས ་རྣམས་བྱ།། རབ་ཏུ་ཤིས་པའི་གནས་མཆོག་ཏུ།། ཁྲུས་བྱས་བྱུག་པ་དྲི་ཞིམ་བྱུག། མཆོག་གི་གོས་བགོ་རྒྱན་རྣམས་གདགས།། བདེ་སྟན་སྐྱིལ་ཀྲུང་ཤར་བལྟས་ལ།། ཕན་པའི་སེམས་དང་བྱམས་པར་ལྡན།། སྤྲོ་བར་འདོད ་པའི་ལྷར་བསྐྱེད་དེ།། བསོད་ནམས་ཚོགས་བསགས་གཉིས་མེད་བསྲེ།། མཚན་བཅས་སྔགས་བཟླས་གཏོར་མ་སྦྱིན།། གསར་ཞིང་དགེ་བའི་རས་ངག་ལ།། ཙན་དན་ག་བུར་བྱུག་བྱ་སྟེ།། སྐྱེས་བུ་ཞི་བྱེད་གུར་ཀུམ་སྟེ།། ་བུད་མེད་ལ་ནི་གི་ཝང་ངོ་།། སེར་བ་ལ་སོགས་ཞི་བྱེད་དང་།། ནད་དང་གནོད་པ་ཐམས་ཅད་ལ།། གུཪྵ་ཀུམ་དག་གིས་ཡང་དག་བྱ།། དེ་དག་བྲི་བའི་སྨྱུ་གུ་ཡུང་།། གསེར་རམ་དངུལ་ལམ་ཤིས་པར་བྲི།། དེ་དག་བྲི་བའི་རིམ་པ་ཡང ་ཕྱི་དྲོ་མཎྜལ་ལེགས་བྱས་ཏེ།། མཆོད་པར་ལྡན་པོས་ཡང་དག་བྲི།། བདེན་པ་བདར་ལ་བྲི་བར་བྱ།། ཐིག་ཆེན་བརྒྱད་ནི་ཡང་དག་གདབ།། ཟླུམ་པོར་བསྐོར་བ་གསུམ་བྱས་ཏེ།། ཐ་མ་ཐོད་པས་བསྐོར་བར་བྱ།། ཐིག་ཐུང་རྣམས ་ཀྱོང་གདབ་བྱ་སྟེ།། དགུ་དང་བཅུ་གཉིས་བཅུ་དྲུག་མིག། དབུས་ཀྱི་རེ་མིག་དགུ་པ་ལ།། དབུས་སུ་ཡ་ལ་ཤར་དུ་ཀྵེ།། ལྷོ་རུ་མ་དྲི་ནུབ་ཏུ་མེ།། བྱང་དུ་ད་སྟེ་མཚམས་བཞི་རུ།། རཀྵ་རཀྵ་བུར་མིང་གཞུག། རིམ་པ ་གཉིས་པ་ཤྭར་བརྩམས་ནས།། ཡ་ཙ་ནི་ར་ཛེ་སཾ་དོ་རུ་ཎཱ་ཡོ་ནི་རཱ།། རིམ་པ་གསུམ་པའི་ཤྭར་བརྩམས་ནས།། ཤཾརཱི་གྱི་རི་མཱག་དང་པྲི་ལཱ།། ཨོཾ་ཛྙཱིཿཥྚིཝིཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱིཧཱ། ཆེ་གྲེ་མོ་རཀྵ་རཀྵ། དེ་འོག ་རེ་མིག་གཉིས་པ་ལ།། ཆེ་གེ་མོ་རཀྵ་རཀྵ། དེ་ལྟར་རེ་མིག་བཅུ་དྲུག་པ།། སྤེལ་ཞིང་སྤེལ་ཞིང་དགོད་པར་བྱ།། དེ་ལྟར་བྲིས་པའི་འཁོར་ལོ་ནི།། ལུགས་ད་ང་ལུགས་མྲྀན་གཉིས་བྱས་ཏེ།། ས་སྐོར་ལུགས་སུ་བྱུང་བ་ལ།། ་གནས་སྐོར་དག་ནི་ལུགས་ལས་ལྡོག། ཡིད་སྔགས་མཐུན་མཐུན་མགོ་སྤྲད་དེ།། སོ་སོར་མཉན་པར་བྲིས་ལ་དྲིལ།། ཁམ་ཕོར་ཡང་ངག་གཙང་མའི་ནང་།། ཕྱི་རོལ་སྤྲ་ཚིལ་དྲིལ་བྱས་ཏེ།། རྩེ་མར་སྦྲང་རྩི་རི་བཅས་པ ་གཞུག། བས་བསྐྱེད་སྐུང་པ་དཀར་པོ་ཡིས།། ཁྲིས་བདུན་དག་ཏུ་དཀྲི་བར་བྱ།། མཎྜལ་དཀར་པོ་ཁྲུ་གང་ཚད།། བ་ཡི་རྣམ་ལྔ་དྲི་ཡིས་བྱུག། དེ་སྟེངས་ཁམ་པོར་ཁ་སྦྱར་བཞག། སྟོང་ཉིད་ངང་ལས། ་ཐིག་ལེ་སྟེ།། དེ་ལས་ཡིག་འབྲུ་ཕྱག་མཚན་སྐུ།། ཀུན་ཀྱང་ཞལ་གསུམ་ཉིས་འགྱུར་ཕྱག། རང་གི་རིག་བཅས་བདེ་བ་གང་།། སྐུ་མདོག་ཕྱག་མཚན་རྫོགས་པར་བསྐྱེད།། དབང་བསྐུར་བྱིན་བརླབས་ཚུལ་བཞིན་བྱ།། རང་ཉིད་ཧཱུཾ་གི ་འོད་ཟེར་གྱིས།། ཡེ་ཤེས་འཁོར་ལོ་རྫོགས་པ་དགུག། ཕྱག་དང་མཆོད་སོགས་སྡོམ་པོ་གཟུང་།། དེ་ནས་གཉིས་མེད་འོད་ཟེར་གྱིས།། དམ་ཆོག་འཁོར་ལོ་གཉིས་མེད་བསྲེ།། ཕྱི་ནང་གསོང་བའི་མཆོད་པས་མཆོད།། དེ་ནས་ཐུགས་རྗེ ་རྗེས་དྲན་ནས།། བསྲུང་བའི་དོན་དུ་འོང་དུ་ཞུ།། ཐིག་ལེ་དག་ལས་ཡི་གར་གྱུར།། ལྷ་རྣམས་སྔགས་ཀྱི་གཟུགས་ཀྱིས་བཞུགས།། དེ་ལ་བྱིན་བརླབས་འདི་དག་བྱ།། སྤྱན་གྱི་ཕྱག་རྒྱ་དང་ལྡན་པའི།། ཧཱུཾ་ཡ་མཱནྟ་ཀྲྀཏ་བཛྲ་དྷརྨཱ་ཙུཀྵུ་པྲ་བེ་ཤ་ཡ ་ཞེས་བརྗོད་དོ།། ཞལ་གྱི་ཕྱག་རྒྱ་ཤེས་པ་ཡིས།། ཨོཾ་ཡ་མཱནྟ་ཀ་དེ་བ་ཤྲཱི་དྷ་ཡ་ཏྲཾ་པྲ་བེ་ཤ་ཡ་ཕཊ་ཅེས་བརྗོད།། གཙུག་ཏུ་ཕྱག་རྒྱ་རོབ་བྱས་ལ།། ཨོཾ་ཡ་མཱནྟ་ཀོ་བ། ཚོ་བའི་ཕྱག་རྒྱ་ལྡན་པ་ཡིས།། ཨོཾ་གུ་ཧྱ་གུ་ལཾ། དེ་ནས་མཆོད་དང ་བསྟོད་བྱས་ལ།། སྤྲོ་བསྡུ་ལྡན་པས་གསང་སྔགས་བཟླས།། བསྲུང་བའི་དོན་དུ་རབ་ཏུ་སྦྱར།། དེ་ནས་ཁམ་ཕོར་དབྱུང་བྱས་ལ།། སྤྲ་ཚིལ་དག་གིས་དྲིལ་བྱས་ལ།། ཡང་ན་རྒྱ་སྐྱེགས་བསྐུས་བྱས་པའི།། དྲི་དང་བསྲེས་ཏེ་བྱུག་པར་བྱ།། ་བསྒྲུབ་བྱ་ཁྲུས་བྱ་རྒྱན་བགོ་སྟེ།། དྲིས་བྱུགས་མཱནྟལ་སྟེང་བཞག་སྟེ།། བདེན་པ་བདར་ཏེ་སྐྱེས་པ་གཡོན།། དཔའ་མིན་ངག་ནི་གཡས་སུ་གདགས།། ཕས་ཀྱི་རྒོལ་བའི་དམག་རྣམས་དང་།། མེ་དང་ཆུ་དང་ནད་ལ་སོགས།། གང་དག ་རླུང་དངོ་སེར་པོ་རྣམས།། བསྲུང་བར་འདོད་པའི་རྣལ་འབྱོར་པས།། ཤིན་ཏུ་གཙང་ཞིང་མཐོན་པོར་ནི།། མཱ་ནཱ་ལ་ལེགས་བྱུགས་མྱེ་ཏོག་དགྲམ།། དེ་ནི་རྒྱལ་མཚན་རྩེ་ལ་གདགས།། ཉིན་རེ་དུས་གསུམ་ཡང་དག་མཆོད།། སྐུལ ་ཚིག་ལྡན་པས་གསང་སྔགས་བཟླས།། གཏོར་མོ་རྒྱུན་ཏུ་སྦྱིན་པར་བྱ།། སྦྱིན་སྲེག་ཐལ་བ་ཕྱོགས་བཅུར་གཏོར།། འཁོར་ལོ་འདོད་པའི་བསྐུལ་ཚིག་ལྡན།། དེ་དག་རབ་ཏུ་ཞི་བར་འགྱུར།། སྲུང་བ་ཀུན་གྱི་མཆོག ་ཡིན་པས།། རྣལ་འབྱོར་པ་ཡིས་འབད་པར་བྱ།། སྨྱུང་བཾ་ཀུན་གྱི་ཆོ་ག་དམ་པ་འདི།། སྒྲུབ་པ་པོ་དང་སེམས་ཅན་དོན་དུ་བྱས།། དེ་ཡིས་དགེ་བ་ཅུང་ཟད་གང་ཐོབ་དེས།། འགྲོ་ཀུན་བདུད་བཞི་ཀུན་གྱིས་གནོད ་པ་བསྲུང་བར་ཤོག། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ།། ་